མཚོ་སྔོན་གྱི་ལྕགས་ལམ་འདི་ཟླ་བ་རྗེས་མ་ནས་ཤར་གཏོང་བྱས་ཏེ་འཁོར་སྐྱོད་བྱ་རྒྱུ་རེད།

ཟླ11པའི་ཚེས28ཉིན།ཀྲུང་གོ་ལྕགས་ལམ་ཅུའུ་ཚོགས་པ་ཚད་ཡོད་ཀུང་སི་ནས་གཏམ་བཟང་འབྱོར། ཉིན་དེར་ཏུན་ཧོང་ནས་ན་གོར་མོ་བར་གྱི་ལྕགས་ལམ(གཤམ་དུ་ཏུན་གོར་ལྕགས་ལམ་ཞེས་བསྡུ་རྒྱུ)འདུ་འགོད་ལ་འགུལ་རྣམ་ཞིབ་བཤེར་རྩིས་ལེན་གྱི་བྱ་བ་སྤེལ་འགོ་ཚུགས་པ་དང་། སྔོན་དུ་ལེགས་འགྲུབ་བྱས་ཟིན་པའི་འཇགས་རྣམ་ཞིབ་བཤེར་རྩིས་ལེན་བྱ་བ་བསྣན་ན། ཟླ་བ་རྗེས་མར་ལྕགས་ལམ་དེ་དངོས་སུ་ཤར་གཏོང་ཐུབ་རྒྱུ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ཏུན་གོར་ལྕགས་ལམ་དེ་རང་ཞིང་གི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་ཀན་སུའུ་ཞིང་ཆེན་ཅིའུ་ཆོན་གྲོང་ཁྱེར་ཁོངས་སུ་གནས་ཤིང་། བྱང་ཏུན་ཧོང་ནས་འགོ་བརྩམས་ཏེ་ཨ་ཁེ་སེ་དང་སུའུ་པེ་བརྒྱུད་དེ་མཚོ་སྔོན་ཞིང་ཆེན་དུ་བསྐྱོད་དེ་དབྱི་ཆཱ་དང་ཚྭ་འདམ་གཞོང་བརྒྱུད་ནས་མཚོ་བོད་ལྕགས་ལམ་ཤིས་ནུབ་ངོས་ལམ་དུམ་དབྱིན་མཱ་འགག་ས་ཚིགས་སུ་འདྲེན་པར་བྱས་པ་རེད། ལམ་ཐིག་སྤྱི་ལེ509ཡོད་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར134.8བཏང་ཞིང་། 2012ལོའི་ཟླ12པ་ནས་ལས་འགོ་བཙུགས་ཤིང་། ཚྭ་འདམ་གཞོང་དང་དབྱི་ཆཱ་སོགས་འབབ་ཚུགས25གསར་སྐྲུན་བྱས་པ་རེད།

ཏུན་གོར་ལྕགས་ལམ་ནི་མཚོ་བོད་དང་ལན་ཀྲོའུ། ཤིན་ཅང་གྱི་ལྕགས་ལམ་གཙོ་བོའི་བར་གྱི་ལམ་ཐིག་གལ་ཆེན་ཞིག་ཡིན་པ་དང་། ལས་གྲྭ་འཛུགས་སྐྲུན་བྱས་པ་ལས་ནུབ་རྒྱུད་ལྕགས་ལམ་དྲ་བའི་བཀོད་པ་འཐུས་ཚང་དུ་གཏང་བ་དང་། མཚོ་བོད་ལྕགས་ལམ་སྐྱེལ་འདྲེན་ནུས་པ་ཆེ་རུ་གཏང་བ། རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་དཔལ་འབྱོར་འཕེལ་རྒྱས་འཆར་འགོད་བཀོད་སྒྲིག་གི་བླང་བྱ་དོན་འཁྱོལ་བྱེད་པ། ཀན་སུའུ་དང་། མཚོ་སྔོན། ཤིན་ཅང་། བོད་རང་སྐྱོང་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་ཕྱི་ཕྱོགས་དཔལ་འབྱོར་རིག་གནས་སྤེལ་རེས་དང་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏང་བ། ཚྭ་འདམ་གཤོང་གི་ཐོན་ཁུངས་གསར་སྤེལ་དང་ནུབ་རྒྱུད་ས་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ། ལམ་རྒྱུད་ཀྱི་ཐོན་ཁུངས་གསར་སྤེལ་གྱིས་ལྕགས་ལམ་སྐྱེལ་འདྲེན་ནུས་པའི་དགོས་མཁོ་སྐོང་བ་བཅས་ལ་དོན་སྙིང་གལ་ཆེན་ཆེན་ལྡན་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།