མཚོ་བྱང་ཁུལ་གྱིས་ལྷག་བསམ་རྣམ་དག་ངང་དོན་དངོས་དག་ཐེར་སྒོས་མང་ཚོགས་ཀྱི་བློ་ཁ་ཚིམ་པོར་བཟོས་པ།

རང་རེའི་དྲ་བའི་འཕྲིན། “ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པའི”བརྗོད་དོན་སློབ་གསོ་སྐབས་གཉིས་པ་སྤེལ་པ་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་སློབ་སྦྱོང་བྱ་བའི་སད་རྟོག་དེ་ཐོག་མའི་མཛུབ་སྟོན་དུ་བརྟེན་པ་དང་། དོན་དངོས་ཀྱི་གནས་ཚུལ་དེ་རྨང་གཞི་རུ་བཟུང་ནས་རྒྱུས་ལོན་བྱས། ཞིབ་བཤེར་ལྟ་རྟོག་དག་ཐེར་དེ་ཆེས་གནད་འགག་དང་དམངས་ལ་ཞབས་ཞུ་སྒྲུབ་པ་གཅིག་བསྡུས་སྒོས། ཞན་ཆའི་ཁྲོད་ཀྱི་གཙོ་གནད་དང་དཀའ་ཁག་ཐག་གཅོད་གང་ལེགས་ཀྱིས་དོན་དངོས་ལ་བརྟེན་ནས་མང་ཚོགས་ཀྱི་བརྗོད་དོན་སློབ་གསོའི་བློ་ཁ་ཚད་མཐོན་པོར་ཚིམ་པར་བྱས་པ།

ཞིབ་བཤེར་ལྟ་རྟོག་གནད་དོན་རྩ་བ་ཚུགས་པར་བྱས་པའི་ཐད་ནས། “གོང་རིམ་གྱི་གཏན་འབེབས་རང་གིས་བཙལ་བ་དང་མང་ཚོགས་ཀྱིས་བསམ་འཆར་འདོན་པ། གཅིག་གྱུར་སྒོས་གྲོས་སྡུར་བྱེད་པ”བཅས་ཀྱི་བྱེད་ཐབས་ལ་བརྟེན་ནས། དོན་དངོས་ཀྱི་གནད་དོན་རྩད་གཅོད་གང་ལེགས་བྱས་ནས་གཞི་རྩའི་གནད་དོན་གཙོ་བོ་དེ་རྙེད་དུ་བཅུག ཁུལ་དང་རྫོང་གི་འགོ་ཁྲིད་དག་གིས་ཁྱོན་བསྡོམས་གནད་དོན་མི་འདྲ་བ177རྩད་ཆོད། དག་ཐེར་བྱེད་ཐབས་མི་འདྲ་བ243གཏན་ལ་ཕབས། ཕྱོགས་སོ་སོའི་ཐད་ཀྱི་བསམ་འཆར་མི་འདྲ་བ270ལྷག་བསྡུ་རུབ་བྱས་ནས། འགོ་ཁྲིད་ཚན་ཆུང་གིས་མི་སྒེར་གྱི་གནད་དོན་མི་འདྲ་བ450རྩད་གཅོད་བྱས། བཅའ་འདྲི་ཆེན་མོ་དང་རྩད་གཅོད་ཆེན་མོ། རྟོག་ཞིབ་ཆེན་མོ་བཅས་ཀྱི་བྱ་འགུལ་རྒྱུན་འཁྱོངས་སྒོས་སྤེལ་ནས། འགོ་ཁྲིད་ཚན་ཆུང་གི་འཛུགས་སྐྲུན་གཞིར་བཟུང་སྟེ། ཐོན་ལས་མཉམ་བསྲེས་འཕེལ་རྒྱས་དང་ཞིང་སྡེའི་དག་ཐེར་ལ་ཤུགས་སྣོན་སྒོས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གཙོ་དཀའ་གནད་ཐད་ལ་རྩད་གཅོད་ཞིབ་འཇུག་བྱས་ནས། ཁུལ་ཡོངས་ཀྱི་རྟོག་ཞིབ་བརྗོད་དོན177གཏན་ཁེལ་དང་གནད་དོན865གསར་རྙེད་བྱུང་། ཞིང་སྡེ་རིམ་པ་གཉིས་ཀྱི་ཏང་རྩ་འཛུགས་ཀྱིས་རྟོག་ཞིབ་ཕྲ་མོའི་རྣམ་པའི་ཐད་བསམ་འཆར་དང་གནད་དོན་བཏོན་སྟེ། གོང་འོག་ཟུང་འབྲེལ་གྱི་རྣམ་པས་གནད་དོན་ཐག་གཅོད་བྱས་ཡོད། ཐག་གཅོད་བསམ་འཆར225བཏོན་པ་དང་མང་ཚོགས་ཀྱི་གནད་དོན190ལ་འགྲེལ་བཤད་བྱས།

ཞབས་ཞུ་དེ་གཞི་རིམ་དུ་ལེགས་པོར་སྤེལ་པའི་ཐད་ནས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དོན་དངོས་ཁྱབ་ཁོངས་ཀྱི་ལས་རིགས་དབྱེ་བགོས་ཐད་ལ་སྣེ་ཁྲིད་སྒོས་འགོ་ཁྲིད་ལས་བྱེད་མི་སྣའི་ཡུལ་དངོས་གཞུང་དོན་ལས་དཀའ་ཁག་ཆེ་བའི་ཞབས་ཞུ་ཐག་གཅོད་བྱས། ཞིང་སྡེའི་ལས་བྱེད་མི་སྣའི་གནད་འཁེལ་གནད་སྨིན་གྱི་ཞབས་ཞུ་ཞིབ་ཚགས་ཅན་ལ་བརྟེན་ནས། གཞིས་ཁུལ་ལས་བྱེད་པ་དག་གིས་མི་དམངས་ཀྱི་གནས་ཚུལ་ལ་བཅའ་འདྲི་དང་། མི་དམངས་ཀྱི་དཀའ་ཁག་སེལ་ནས་དྲ་རྒྱའི་ཞབས་ཞུ་སྒྲུབ། སྒྲིག་འཛུགས་ལས་བྱེད་པ་དག་གིས་སེམས་འདུན་ལ་བརྟེན་ནས། བརྩེ་སེམས་ཀྱི་ཞབས་ཞུ་མཁོ་སྤྲོད་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་མི་སྣ་དག་ལ་བསམ་འཆར་དང་ལེན། ཞབས་ཞུ་མཁོ་སྒྲུབ་མཛད། སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱིས་སྨན་བཅོས་བྱ་བ་དེ་ཞིང་གྲོང་དུ་བསྐྱལ་ཏེ་སྨན་བཅོས་ཞབས་ཞུ་སྒྲུབ། སློབ་གསོའི་ལས་རིགས་ཀྱིས་སློབ་ཁྲིད་བདག་དོམ་ཐད་ཀྱི་རང་བདག་ཞབས་ཞུ་དང་ལས་རིགས་གསར་བ་གཉིས་ཀྱི་ཏང་ཡོན་དག་གིས་འཕེལ་རྒྱས་ཞབས་ཞུའི་བྱེད་ནུས་ལ་སྐུལ་འདེད་བཏང་། སྒེའུ་ཁུང་ལས་ཁུངས་ཀྱིས་མྱུར་དུ་ས་ཚིགས་གཅིག་གི་རྣམ་པར་བརྟེན་ནས་ཞབས་ཞུ་སྒྲུབ། ཁྲིམས་འཛིན་ལྟ་སྐུལ་བདག་དོམ་ལས་ཁུངས་ཀྱིས་དྲང་བདེན་དྲང་བཞག་གི་ཞབས་ཞུའི་ཐད། ངས་གཞི་རིམ་གྱི་དཀའ་ཁག་སེལ་བ་དང་གཞི་རིམ་ལ་ཉེ་བར་བཅར་སྟེ་ཞབས་ཞུ་སྐྱེལ་བའི་རིམ་བསྟར་བྱ་འགུལ་སྒྲུབ་ནས། མང་ཚོགས་ཀྱིས་བརྗོད་དོན་སློབ་གསོར་བཅངས་བའི་ངོས་ལེན་དང་འདོད་བློ་མཐོར་འདེགས་སུ་བཏང་།

དག་ཐེར་ལ་ཟུང་འབྲེལ་གྱིས་དོན་དངོས་བཅོས་སྒྱུར་ཐད་བསྐྱོད་པ། ཐོག་མཐའ་བར་གསུམ་དུ་གནད་དོན་ཐག་གཅོད་དེ་ཞིབ་བཤེར་བྱ་བའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་ཀྱི་ཚད་ཐིག་ལ་བཟུང་སྟེ། ནོར་འཁྲུལ་བཅོས་སྒྱུར་དང་དོན་དངོས་བཅོས་སྒྱུར། བརྗོད་དོན་སློབ་གསོའི་གྲུབ་འབྲས་ཀྱི་དོན་དངོས་བཅོས་སྒྱུར་བཅས་བྱ་དགོས། ཞིང་ཆེན་ཏང་ཨུའི་ཆེད་དོན་དག་ཐེར་བྱ་བའི་དམིགས་ཚད་གཞིར་བཟུང་སྟེ་བྱ་བའི་སྐུལ་འདེད་གྲོས་ཚོགས་བརྒྱུད། 5+5ཡི་ཆེད་དོན་དག་ཐེར་ཇུས་གཞི་གཏན་འབེབས་བྱས། གཅིག་གྱུར་བསྡུ་རུབ་འདོན་སྤེལ་དང་སྐབས་བསྟུན་རྩད་གཅོད། གཙོ་གནད་ལྟ་སྐུལ་ཞིབ་བཤེར་བཅས་ཀྱིས་དོན་དངོས་ལ་བརྟེན་ནས་དག་ཐེར་བྱ་བ་ལེགས་པོར་སྒྲུབ། ཀྲུང་དབྱང་གི་གཏན་འབེབས་བརྒྱད་གྱི་དགོངས་དོན་དང་འགལ་བའི་གནད་དོན13རྩད་ཆོད་པ་དང་མི་སྣ17ལ་གནད་དོན་འདྲི་གཅོད་བྱས། ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན7ལས་མི་སྣ22ལ་རྩད་གཅོད་བྱས། ཏང་གི་སྒྲིག་སྲོལ་ལ་འགལ་བའི་སྲིད་དོན་ཁྲིམས་ཆད་མི་སྣ8ལ་བཅད། དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱོད་དོན9རྩད་ཆོད། ཏང་གི་སྲིད་དོན་སྒྲིག་ཁྲིམས་ཐད་འགལ་བའི་མི་གྲངས35བཅས་ཡོད། ཆོག་མཆན་བཞི་ཡི་བྱེད་ཐབས་སྤྱད་དེ་གོང་འོག་མཐུད་སྦྲེལ་སྒོས་གནད་དོན་མི་འདྲ་བ33ལ་དག་ཐེར་དང་། གཅིག་བསྡུས་བཅའ་འདྲི་དང་ལེན་ཐད་ཀྱི་གནད་དོན24ཐག་གཅོད་སྒོས་ཡུལ་དངོས་སུ་དོན་རྐྱེན་མི་འདྲ་བ4000ལྷག་ལས་ཡོངས་བསྒྲགས་སྒོས་ཐག་གཅོད་བྱས་པའི་གྱོད་དོན2800མངོན་འགྱུར་བྱས། དཀའ་ཁག་དང་གླེང་བརྗོད་གཙོ་བོ་གཞིར་བཟུང་སྟེ་དམངས་ཚིས་ཀྱི་གནད་དོན་དང་གསོལ་ཚིགས་ལས་རིགས་ཐད་ཀྱི་འཛད་སྤྱོད་པའི་ཞུ་གཏུག་གི་ཁེ་དབང་གནད་དོན། ཟས་རིགས་ཁྱབ་ཁོངས་ཀྱི་རྙོག་འཛིང་བཅས་ཀྱི་ཐད་ཆེད་དོན་དག་ཐེར་བྱ་འགུལ་སྤེལ། མ་དངུལ་སྒོར་ཁྲི230བཏང་སྟེ་ཟས་རིགས་ཀྱི་ཡུལ་དངོས་མ་ཡིན་པའི་གློག་རྡུལ་ལྟ་སྐུལ་བདག་དོམ་སྟེགས་བུ་གསར་སྐྲུན་གྱི་རྣམ་པ་སྤྱད། ཉམས་ཞན་ཚོགས་སྤྱིའི་ལུས་པོར་ཞིབ་བཤེར་བྱེད་དཀའ་པའི་གནད་དོན་གཞིར་བཟུང་ནས། ཅུང་ཚབས་ཆེ་བའི་དབང་པོ་སྐྱོན་ཅན་མི་གྲངས236ལ་ཁྱོན་ཡོངས་ནས་ལུས་པོར་བརྟག་དཔྱད་བྱས། མང་ཚོགས་ཀྱི་བུ་ཕྲུག་བྱིས་གཉོར་ཁང་དུ་འགྲོ་དཀའ་བའི་གནད་དོན་ལ་ཁ་གཏད་ནས་སློབ་ཁྲིད་འཛིན་གྲྭ2གསར་སྣོན་བྱས་ཏེ་བྱིས་སྐྱོང་གི་སློབ་ལོ་མ་རན་པ་དག་སློབ་བསྡུ་བྱས། གཞིས་ཁུལ་རྙིང་བའི་འདྲེན་སྤུགས་སྒྲིག་ཆས་རྙིང་འགྱུར་ཅན་གྱི་གནད་དོན་ཐད་རྙིང་འགྱུར་བྱུང་བའི་དྲོད་རླངས་འདྲེན་སྤུགས་གསར་བརྗེ་དང་སྡོད་དམངས་ཀྱི་དྲོད་རླངས་དྲོས་མི་ཐུབ་པའི་གནད་དོན་དེ་ཐག་གཅོད་བྱས། མ་མཐའ་འཁོབ་ས་ཁུལ་དུ་དགུན་ཁར་རྩྭ་ས་རུ་གློག་དྲ་ཆེན་མོའི་ཁྱབ་འགྱེད་ཚད་ཧ་ཅང་དམའ་བའི་དཀའ་ཁག་ཆེན་པོའི་གནད་དོན་གཞིར་བཟུང་སྟེ། དེར་འབྲེལ་གནད་དོན་ཐག་གཅོད་བྱེད་པའི་ལས་གཞི་བརྩོན་ལེན་བྱས་ནས་མ་དངུལ་སྒོར་ཁྲི7270.88བཏང་། རྐང་ཚ་སྐྱིད་སྨོན་ཡུལ་ཚོ་རུ་གློག་དྲ་ཁྱོན་ཡོངས་ལ་ཁྱབ་པའི་གནད་དོན་ཐག་གཅོད་བྱས། མང་ཚོགས་ཀྱི་སྨན་བཅོས་རིན་དངུལ་སྤྲོད་དཀའ་བའི་གནད་དོན་གཞིར་བཟུང་སྟེ་མདའ་བཞི་རྫོང་གིས་ཞིང་ཆེན་ཡོངས་ཀྱི་ཆེས་ཐོག་མའི་རྩ་གཉིས་བཤེར་ཨང་ལ་བརྟེན་ནས་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་རིན་དངུལ་སྤྲོད་པའི་ས་ཚིགས་གཅིག་རང་བཞིན་གྱི་ཞབས་ཞུ་མངོན་འགྱུར་བྱས་ཏེ། བྱ་བའི་ནུས་ཆོད་དང་མང་ཚོགས་ཀྱི་བློ་ཁ་ཚིམ་པོར་བཟོས་ཡོད་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།