མཚོ་ནུབ་ཁུལ་གྱིས“ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོ་དེ་གཏིང་ཟབ་དུ་སྤེལ་བ།

རང་རེའི་དྲ་བའི་འཕྲིན་ལྟར་ན། “ཐོག་མའི་སེམས་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོ་དེ་གཏིང་ཟབ་དུ་སྤེལ་བ་བརྒྱུད། མཚོ་ནུབ་ཁུལ་གྱི་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཐག་གཅོད་བདག་དོམ་ཅུའུ་ཡིས་བརྗོད་དོན་སློབ་གསོ་དང་ལས་ཁུངས་ཀྱི་ལས་དོན་བདག་དོམ་བྱ་བར་སྐུལ་འདེད་བྱས་ཏེ། ཞབས་ཞུའི་ཕན་ནུས་མཐོར་འདེགས་སུ་གཏོང་བ་ལ་ཟུང་འབྲེལ་སྒོས། ཆབ་སྲིད་ཀྱི་རང་རྟོག་འདུ་ཤེས་དང་གཟབ་ནན་གྱི་སློབ་སྦྱོང་རྣམ་འགྱུར། ལས་དོན་དངོས་ཀྱི་བྱ་བའི་སྤྱོད་ལམ་སོགས་མཐོར་འདེགས་སྒོས་བརྗོད་དོན་སློབ་གསོ་དེ་མུ་མཐུད་དུ་གཏིང་ཟབ་ཅན་ལ་བཏང་པ་རེད།

ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་བདག་དོམ་ཅུའུ་ཏང་རྩ་འཛུགས་ཀྱིས་ཚད་གཞི་མཐོན་པོའི་སྒོ་འབྱེད་དང་སྤུས་ཚད་མཐོན་པོའི་ངང“ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པའི”བརྗོད་དོན་སློབ་གསོར་སྐུལ་འདེད་བཏང་། ཐོག་མའི་དུས་ཚོད་ནང་དུ་ཁུལ་ཏང་ཨུའི་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་དང་། བྱ་བའི་འགན་ནུས་ལས་བགོས་གཏན་ཁེལ་གསལ་བོ། ཁུལ་ཡོངས་ཀྱི་བརྗོད་དོན་སློབ་གསོའི་བཀོད་སྒྲིག་རྗེས་ཀྱི་སྒོ་འབྱེད་མྱུར་ཚད་བཅས་ལ་ཡང་དག་པའི་སྒོ་ནས་གཏན་ཁེལ་བྱས་ཏེ། གོ་རིམ་ལྡན་པའི་ངང་ནས་སྐུལ་འདེད་བཏང་ཡོད། དུས་ཡུན་ཉིན7གྱི་དཔེ་ཀློག་འཛིན་གྲྭ་སྤེལ་བ་བརྒྱུད་ཧྲུའུ་ཅིའི་སྣེ་ཁྲིད་དེ་ཏང་ལ་སློབ་སྦྱོང་བྱེད་པའི་སློབ་ཁྲིད་འཚོག་པ་དང་དེར་འབྲེལ་བརྗོད་དོན་གྱི་གློག་བརྙན་ལ་ལྟ་བ། མེས་རྒྱལ་ལ་སྙན་གསེང་ཞུ་བ་ཞེས་པའི་ཏང་བཙུགས་ཉིན་མོའི་བྱ་འགུལ་སྤེལ། ཆེད་དོན་བརྗོད་བྱའི་ཞིབ་འཇུག་དཔྱད་གླེང་དང་རྩད་གཅོད་ཞིབ་འཇུག ཞིབ་བཤེར་དོན་དངོས་གནད་དོན་སོགས་སྣ་མང་བྱེད་ཐབས་ལ་བརྟེན་ནས། བསམ་བློ་བརྗེ་རེས་བྱེད་པའི་སློབ་སྦྱོང་ཐད་ཀྱི་གྲུབ་འབྲས་དང་བསམ་བློའི་འདུ་ཤེས་སད་རྟོག་བྱུང་དུ་བཅུག་སྟེ། ཏང་ཡོན་ལས་བྱེད་པ་དག་གི་བསམ་བློའི་རྨང་གཞི་བརྟན་པོར་བཏིངས་པ་དང་བསམ་བློའི་དགོངས་དོན་ཐད་ལ་ཁ་གསབ་རོགས་སྒྲུབ་བསྣན་ནས། བསམ་བློའི་འཁོར་གྲུ་སྲ་བརྟན་ཅན་ཏུ་བཏང་ཡོད། འདུ་ཤེས་བཞི་ལ་ཤུགས་སྣོན་དང་ཡིད་ཆེས་བཞི་བརྟན་སྲུང་སྒོས་འགེབས་སྲུང་གཉིས་ལེགས་པོར་སྒྲུབ། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་མཛུབ་སྟོན་དོན་དངོས་བེད་སྤྱོད་བྱེད་པ་མཐོར་འདེགས་སུ་བཏང་ནས་བྱ་བའི་ནུས་ཤུགས་ལ་སྐུལ་འདེད་བྱས་པ་རེད།

དེ་དང་ཆབས་ཅིག དཀའ་ཁག་ཆེ་བའི་གནད་དོན་ཡོད་ཚད་དོན་དངོས་ལ་བརྟེན་ནས་ཐག་གཅོད་བྱས་ཤིང་། མང་ཚོགས་ལ་ཞབས་ཞུ་བྱེད་པའི་འགྱུར་བ་དེ་ལས་ཁུངས་ཀྱི་ཕན་ནུས་གསོན་ཉམས་ཅན་གྱི་དོན་དངོས་ཐད་ལ་བསྒྱུར་ཅིང་། སྤོབས་པ་ཆེན་པོའི“ཉིན་བརྒྱའི་ལས་སྒྲུབ་ཆེན་པོས། སྡེ་བའི་རྣམ་པ་གསར་སྒྱུར”གྱི་བྱ་འགུལ་སྤེལ། སྡེ་བའི་གཞུང་ལམ་གཙོ་བོའི་ལམ་རྒྱུད་དང་སྡེ་བའི་ཉེ་འཁོར། སྡེ་བའི་ནང་ཁུལ་གྱི་སྲང་ལམ། ཁང་བའི་སྔ་གཞུག གཙང་ཆུའི་ཡུར་ལམ་སོགས་ཀྱི་གད་སྙིགས་ལ་གཙང་སེལ་ལེགས་པོ་བྱས། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་དཔུང་བ་གཅིག་ཏུ་སྦྲེལ་ཡོད། རང་སྟེང་གི་གསར་བརྗེའི་སྙིང་སྟོབས་དེ་དར་སྤེལ་དུ་བཏང་ནས་ལྟ་སྐུལ་ཞིབ་བཤེར་གནད་དོན་དེ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོལ་བྱས་ཏེ། ཞིབ་བཤེར་ལས་ཐོན་པའི་གནད་དོན་ལས་དག་ཐེར་ཡོ་བསྲང་བྱེད་པའི་རྩིས་ཐོ་ལ་ཡོ་བསྲང་བྱས་ཡོད། གནད་དོན་ཐག་གཅོད་བྱེད་པའི་ཁ་གཏད་རང་བཞིན་མཐོར་འདེགས་སྒོས་བརྗོད་དོན་སློབ་གསོ་དེ་མུ་མཐུད་དུ་དོན་དངོས་ལ་ཕྱོགས་པ་ནས་སེམས་སུ་ཉར་ཐུབ་པ། གཏིང་ཟབ་ཅན་ཏུ་སྤེལ་བ་བཅས་བྱས་ཡོད།

ཅུའུ་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་པ་དག་གིས་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གང་ལེགས་བཏང་ནས། ཐོག་མའི་སེམས་འདུན་སྲུང་བ་དང་འགན་འཁྲི་ཕྲག་ལ་ལེན་པའི་ཚོད་ལྟ་རང་བཞིན་གྱི་ངལ་རྩོལ་ནུས་ཤུགས་དེས་ཁུལ་ཡོངས་ཀྱི་བྱ་བ་བདེ་བླག་ངང་ལག་བསྟར་བྱེད་པར་འགན་སྲུང་བྱས་ཡོད། རླངས་འཁོར་གཅིག་གིས་འཇོག་པ་དང་གཅིག་གྱུར་སྒོས་བདག་དོམ་བྱེད་པའི་གནད་དོན་ཐག་གཅོད་བྱས་ཏེ། ནོར་སྲིད་མ་དངུལ་བརྩོན་ལེན་བྱེད་པ། གནས་སྐབས་ཀྱི་གཞུང་སྒྲུབ་རླངས་འཁོར་གཅིག་གྱུར་གྱིས་རླངས་འཁོར་འཇོག་ས་རུ་འཇོག་པ་དང་རླངས་འཁོར་གྱི་བཅོས་སྒྱུར་བྱ་བའི་ཐད་ལ་རྨང་གཞི་ལེགས་པོ་ཞིག་བཏིང་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།