རབ་མཛེས་མཚོ་སྔོན་འཛམ་གླིང་ལ་ཕྱོགས།

སྐུ་མགྲོན་དག་གིས་ཡུལ་དངོས་ལ་གཟིགས་ཞིབ་གནང་པ།

སྤྲིན་གྱི་འདུ་འགོད་འཁྲུགས་འདྲའི་སྐུ་མགྲོན།

རང་རེའི་དྲ་བའི་འཕྲིན་ལྟར་ན། ཟླ11ཚེས26ཉིན། རབ་མཛེས་མཚོ་སྔོན་རྨ་འབྲི་རྫ་གསུམ་འགོ་ཁུངས་ནས་ལམ་ལ་ཆས་ཏེ་འཛམ་གླིང་ལ་ཁ་ཕྱོགས་པས། གོ་ལ་ཧྲིལ་བོ་ཆབས་ཅིག་རབ་མཛེས་མཚོ་སྔོན་ལ་བལྟས་སོང་།

མཚོ་སྔོན་ནི་གནའ་ནས་བཟུང་དར་གོས་ཚོང་ལམ་དང་ཐང་བོད་གནའ་ལམ། ཡ་གླིང་ལྷོ་མའི་བགྲོད་ལམ། ཇ་རྟའི་གནའ་ལམ་བཅས་ཀྱི་འགག་སྒོ་གལ་ཆེན་ཞིག་ཡིན། ལོ་འདི་དག་གི་རིང་ལ་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དོན་དངོས་གཏིང་ཟབ་སྒོས་སྤེལ་བ་བརྒྱུད། མཚོ་སྔོན་གྱི་འཐབ་ཇུས་རྗེས་མ་དེ་ནུབ་ཕྱོགས་གསར་སྤེལ་ལས་མདུན་གྲས་ཀྱི་གནས་སུ་སླེབས་ཤིང་། སྐམ་སའི་དར་གོས་ཚོང་ལམ་དེ་རང་རྒྱལ་ནུབ་རྒྱུད་ཀྱི་བགྲོད་ལམ་གལ་ཆེན་ཞིག་ཏུ་གྱུར། གཞུང་ལམ་དང་ལྕགས་ལམ། དེ་བཞིན་མཁའ་འགྲུལ་བཅས་ཀྱིས་ཕྱོགས་ཆ་ཀུན་གྱི་འགྲིམ་འགྲུལ་དྲ་རྒྱ་མཚམས་མི་ཆད་པར་འཐུས་ཚང་དུ་བཏང་ནས། གཏིང་ཟབ་ལ་རྫོངས་མཐུག་པའི་སྣ་མང་རིག་གནས་དང་། ལྷད་མེད་གཞུང་དྲང་བབ་ཆགས་ཀྱི་མི་རིགས་སོ་སོའི་རང་གཤིས་དེས་ཡུལ་ཕྱོགས་སོ་སོའི་ཡུལ་སྐོར་འགྲུལ་བ་མང་པོ་ཞིག་ཟེའུ་འབྲུ་ལ་བུང་བ་འཁོར་བ་བཞིན་འདུས་འོང་། མཚོ་སྔོན་གྱིས་རྣམ་པ་གསར་བ་དེ་ཀུན་གྱིས་ཤེས་པ་ནས་ཀུན་ལ་ཁྱབ་པའི་ཕྱོགས་ལ་གྱུར་བ་རེད།

མཚོ་སྔོན་ནི་མཐོ་སྒང་གི་ས་བབ་མཐོ་ས་རུ་ཡོད་ན་ཡང་། གསར་སྤེལ་གྱི་གོམ་སྟབས་ནམ་ཡང་མཚམས་བཞག་མ་མྱོང་།

ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70དང་། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར40འགོར་བ། ནང་སྒོས་སུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རྗེས་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་ཀྱི་རྒྱུན་འཁྱོངས་འོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་། མཚོ་སྔོན་ནི་དབུལ་ཕོངས་ནས་འབྱོར་འབྲིང་། ཁ་རུབ་ནས་སྒོ་འབྱེད། རྗེས་ལུས་ནས་དར་རྒྱས་སུ་ཁ་ཕྱོགས་པ་རེད།

དུས་རབས་གསར་བར་ཐོན་པ་དང་བསྟུན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་དེ་མཛུབ་སྟོན་དུ་བཟུང་ནས། ཏན་ཏིག་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2016ལོར་མཚོ་སྔོན་དུ་གཟིགས་ཞིབ་སྐབས་བཏོན་པའི“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ལག་བསྟར་དངོས་འབེབས་དོན་འཁྱོལ་སྒོས། “ངོ་བོ་གཅིག་ཅན་གྱི་རྣམ་པ་ལྔའི”སྤྱི་ཁྱབ་བཀོད་སྒྲིག་ལ་གཅིག་གྱུར་སྐུལ་འདེད་བྱས། “ཡོངས་ཁྱབ་ཅན་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་དང་སྐྱེ་ཁམས་སྲུང་སྐྱོབ་སྔོན་ཐོན་རྒྱུན་འཁྱོངས་དང་རྒྱུ་སྤུས་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད། སྤུས་ཚད་མཐོན་པའི་འཚོ་བ་གསར་གཏོད་བཅས་ལག་བསྟར་དངོས་འབེབས་བཅས་ཀྱི་ནང་དོན་འདུས་པའི“སྔོན་འགྲོ་གཅིག་དང་མཐོ་བ་གཉིས”ཀྱི་འཕེལ་རྒྱས་འཐབ་ཇུས་ལས། སྐྱེ་ཁམས་དང་འཁོར་སྐྱོད། གཞི་གྲངས། བར་སྟོང་བཅས་ཀྱི་དཔལ་འབྱོར་གནས་བབ་ལེགས་པོ་ཞིག་གསོ་སྐྱོང་གང་ལེགས་བྱས་ནས། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་ཨུ་ལྷན་ལ་མཉམ་འབྲེལ་གན་རྒྱ་བཞག་སྟེ། ཐུན་མོང་གི་ཧུར་བརྩོན་ལ་བརྟེན་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་ནུས་ཁུངས་གཙང་སེལ། ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས། མཐོ་སྒང་གི་མཛེས་སྡུག་ལྡན་པའི་མཁར་གྲོང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བཅས་ཀྱི་དཔེ་སྟོན་ཞིང་ཆེན་བཙུགས་ཏེ། མཐོ་སྒང་གི་ས་ཆེན་ལ་གསོན་ཤུགས་གསར་བ་ཞིག་བསྣན།

མདོ་དབུས་མཐོ་སྒང་དུ་བྱུང་བའི་གཏམ་རྒྱུད་ལས་དུས་རབས་གསར་བའི་མཚོ་སྔོན་གྱི་འབུར་དུ་ཐོན་པའི་འགྱུར་ལྡོག་གསར་བ་དེ་ཕྱིར་མངོན་བྱས་ཤིང་། དུས་རབས་གསར་བའི་ཀྲུང་གོ་དེ་གོམ་སྟབས་ཆེན་པོའི་ངང་མདུན་སྐྱོད་བྱེད་པའི་འདྲ་རིས་གསོན་ཉམས་ལྡན་པ་ཞིག་ཀྱང་ཡིན། ད་ལྟའི་དུས་ནི་རྦབ་རྡོ་གྱེན་ལ་འགྲིལ་བ་དང་རི་སྒང་རྡོག་པས་བརྫི་བ། དཀའ་ཁག་ཁྱད་གསོད་བྱེད་པ་བཅས་ཀྱི་ཆེས་གནད་འགག་གི་དུས་རིམ་ཤིག་ཀྱང་ཡིན་པས། མཚོ་སྔོན་གྱིས་སྔོན་ཆད་ནང་བཞིན་གོ་སྐབས་དམ་འཛིན་སྒོས་གསོན་ཉམས་ལྡན་པའི་ལེའུ་གསར་བ་ཞིག་འབྲི་བར་བརྩོན་ལེན་བྱེད་བཞིན་ཡོད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་ཡེས་ཀྱིས་འོས་སྦྱོར་ལས་བཤད་པ་ནང་བཞིན། “མཚོ་སྔོན་གྱིས་བླངས་པའི་གྲུབ་འབྲས་ཆེན་པོ་དེ་ནི་ཀྲུང་གོ་འཕེལ་རྒྱས་དང་དར་རྒྱས་སུ་འགྲོ་བའི་བསྡུས་གཟུགས་ཤིག་ཡིན་ལ། ང་ཚོའི་རྒྱལ་ཁབ་ཀྱིས་དེང་རབས་ཅན་བཅོས་སྐྱོང་བྱེད་པ་ལེགས་འགྲུབ་བྱུང་བའི་སྐུལ་འདེད་ཅན་གྱི་འདྲ་རིས་ཤིག་ཀྱང་ཡིན། འཛམ་གླིང་སྟེང་དུ་བཅོས་སྐྱོང་རྣམ་པ་འདྲ་མིན་མང་པོ་ཞིག་ཡོད་ལ། འཕེལ་རྒྱས་ཀྱི་བགྲོད་ལམ་མི་འདྲ་བ་ལས་ཀྲུང་གོའི་ལོ་རབས་སོ་སོའི་ནང་རྒྱལ་ཁབ་མི་འདྲ་བ་དག་གི་གནས་ཚུལ་གཞིར་བཟུང་སྟེ་བདམ་པའི་རང་ཉིད་ལ་འཚམ་པའི་བགྲོད་ལམ་ཞིག་ཀྱང་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཐད་ལ་ཡང་རྒྱལ་ཁ་ཆེན་པོ་ཞིག་བླངས་ཡོད་པས། རླབས་རྒྱུན་དང་དྲག་རླུང་ཇི་འདྲ་ཞིག་ལ་ཁ་གཏད་གཅོག་དགོས་ན་ཡང་ང་ཚོས་ཡང་དག་པའི་བགྲོད་ལམ་གྱི་ལམ་ཕྱོགས་རྒྱུན་འཁྱོངས་སྒོས་བློ་བརྟན་འགྱུར་མེད་ངང་མུ་མཐུད་དུ་མར་འགྲོ་དགོས། དེའི་མི་ཚད་གོམ་སྟབས་སྔར་ལས་ཇེ་བརྟན་དང་གོམ་བགྲོད་གཞི་རྒྱ་སྔར་ལས་ཁོད་ཡངས་ཅན་ཏུ་གཏོང་དགོས”ཟེར།

གོ་སྐབས་གསར་བ་དང་འགན་འཁྲི་གསར་བ་སྟེ། རབ་མཛེས་མཚོ་སྔོན་འཛམ་གླིང་ལ་ཁ་ཕྱོགས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།