ཞོན་ཧྭ་རྫོང་གི་སྡེ་བས་སྡེ་དོན་ལྟ་སྐུལ་བདག་དོམ་ཨུ་ཡོན་ལྷན་ཚོགས་བཙུགས་པ།

རང་རེའི་དྲ་བའི་འཕྲིན། ད་ལོ་ནས་བཟུང་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཚོགས་ཀྱིས་ལྟ་སྐུལ་བདག་དོམ་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བ་དང་སྡེ་དོན་ལྟ་སྐུལ་བདག་དོམ་བྱ་བར་ཤུགས་ཆེན་པོའི་སྒོ་ནས་སྐུལ་འདེད་བྱ་ཆེད། སྡེ་དོན་ལྟ་སྐུལ་བདག་དོམ་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གྱིས་ཡུལ་ཚོ་དང་གྲོང་རྡལ་གྱི་ལྟ་སྐུལ་བདག་དོམ་བརྡ་འཕྲིན་འཕྲིན་གཏོང་པ་གདན་འདྲེན་སྒོས། སྡེ་བའི་རིམ་པ་དང་པོའི་ལྟ་སྐུལ་བདག་དོམ་འགན་ནུས་ལ་ཤུགས་སྣོན་དང་ཁྱོན་ཡོངས་ནས་ཏང་གི་བཅོས་སྐྱོང་ནན་མོ་དེ་མཚམས་མི་ཆད་པར་སྐུལ་འདེད་ཅན་ལ་བཏང་།

ད་ལོ། ཞོན་ཧྭ་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་གྱི་ཏང་ཨུ་དང་སྒྲིག་ཁྲིམས་ཞིབ་བཤེར་གྱིས་སྡེ་དོན་ལྟ་སྐུལ་བདག་དོམ་ཨུ་ཡོན་ལྷན་ཚོགས་ཀྱི་བྱ་བའི་འགན་ནུས་རྩ་འཛུགས་བྱས་ཏེ། སྡེ་དོན་ལྟ་སྐུལ་བདག་དོམ་ཨུ་ཡོན་ལྷན་ཚོགས་དང་ལྟ་སྐུལ་བརྡ་འཕྲིན་འཕྲིན་གཏོང་མཁན་གྱི་བྱ་བའི་ནང་དོན་དང་བྱ་བའི་འགན་ནུས་གཏན་འབེབས་གསལ་བོ་བྱས། རྫོང་དང་ཡུལ་ཚོ་རིམ་པའི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་དུས་ཡུན་གཏན་ཁེལ་ནས་གཏན་ཁེལ་མ་ཡིན་པའི་ངང་སྡེ་དོན་ལྟ་སྐུལ་བདག་དོམ་ཨུ་ཡོན་ལྷན་ཚོགས་ཀྱི་བྱ་བར་ལྟ་སྐུལ་ཞིབ་བཤེར་མཛུབ་སྟོན་བྱ་བ་ལེགས་པོར་སྒྲུབ་ནས། སྡེ་དོན་ལྟ་སྐུལ་བདག་དོམ་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་མིའི་འགན་ནུས་འདུ་ཤེས་དང་སྡེ་དོན་ལྟ་སྐུལ་བདག་དོམ་བྱ་བའི་འགན་ནུས་ཆེས་ཆེར་བཏང་། དེ་དང་ཆབས་ཅིག རྫོང་དེས་ཡུལ་ཚོའི་ལྟ་སྐུལ་བདག་དོམ་གཞུང་སྒྲུབ་ཁང་ལ་སྒོ་བྱང་འགེལ་བ་གསར་འཛུགས་དང་གྲོས་ཚོགས་ཀྱི་སྦྱོང་བརྡར། ཆེད་དོན་གསབ་སྦྱོང་འཛིན་གྲྭ་སོགས་ཀྱི་རྣམ་པ་སྤྱད་དེ་སྡེ་བའི་སྡེ་དོན་ལྟ་སྐུལ་བདག་དོམ་བྱ་བར་ཤུགས་སྣོན་བྱས། དམངས་སྲོལ་ལེགས་སྒྱུར་དང་དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་གཞིར་བཟུང་སྟེ། ནོར་སྲིད་ལྟ་སྐུལ་བདག་དོམ་སོགས་ཀྱི་ལས་དོན་ཤེས་བྱའི་གསབ་སྦྱོང་ཡང་སྤེལ། སྡེ་དོན་ལྟ་སྐུལ་བདག་དོམ་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུན་རེན་གྱི་ལྟ་སྐུལ་བདག་དོམ་འཕྲིན་གཏོང་མཁན་གྱི་ཕྱོགས་བསྡུས་བྱང་ཚད་དང་བྱ་བའི་ནུས་པ་དེ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོའི་ངང་གཞི་རིམ་ཅན་ལ་རྒྱུན་བསྲིངས་བྱེད་པར་སྐུལ་འདེད་བཏང་།

དེ་ལས་གཞན། ཞོན་ཧྭ་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་ཏང་ཨུ་ཡིས་སྡེ་བ་རིམ་པའི་ལྟ་སྐུལ་བདག་དོམ་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་མི་ལ་རམ་འདེགས་སྒོས། སྡེ་བ་སོ་སོའི་ལྟ་སྐུལ་བདག་དོམ་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་དེ་སྡེ་བ་རིམ་པའི་ལྟ་སྐུལ་བདག་དོམ་འཕྲིན་གཏོང་མཁན་ལ་གདན་འདྲེན་ཞུས་ནས། རྒྱུ་ཤུགས་དང་དངོས་ཤུགས་ཆེན་པོ་བཏང་ནས། སྡེ་དོན་ལྟ་སྐུལ་བདག་དོམ་ལྷན་ཚོགས་ཀྱི་གཞུང་སྒྲུབ་ས་གནས་ཐག་གཅོད་བྱས་ཏེ། སྡེ་དོན་ལྟ་སྐུལ་བྱ་བའི་གྲོན་དངུལ་དེཡུལ་ཚོ་དང་སྡེ་བ་རིམ་པའི་ནོར་དོན་འགྲོ་སོང་རིན་དངུལ་རྩིས་ཞུའི་སྔོན་དཔག་ཁྲོད་བཞག་པ་མ་ཟད། ལས་སྒྲུབ་དོན་དངོས་ཀྱི་དམིགས་གསལ་ཡོང་འབབ་ལྟར་རྩིས་བརྒྱབ་པ་རེད། སྡེ་དོན་ལྟ་སྐུལ་བདག་དོམ་ཨུ་ཡོན་ལྷན་ཚོགས་ཀྱིས་སྡེ་བའི་ཨུ་ལྷན་གཉིས་སྲོག་ཤིང་ཡིན་པའི་བྱ་བའི་ལྟ་སྐུལ་ཞིབ་བཤེར་ཞབས་ཞུ་དེ་དངོས་འབེབས་དོན་འཁྱོལ་བྱས། སྡེ་བའི་ཨུ་ལྷན་གཉིས་ཀྱི་ཏང་སྐྱོང་སྲིད་གཙང་འཛུགས་སྐྲུན་བྱ་བའི་རིགས་སོ་སོའི་ལམ་ལུགས་དང་སྡེ་བ་རིམ་པའི་ལས་དོན། ནོར་སྲིད་འཁོར་སྐྱོད་གནས་ཚུལ། ལས་བྱེད་པའི་བྱ་སྤྱོད། སྤྱོད་གཙང་རང་སྲུང་སོགས་ཀྱི་གནས་ཚུལ་གཞིར་བཟུང་སྟེ། ས་གནས་མང་ཚོགས་ཀྱི་འཚོ་བའི་གོམས་སྲོལ་ལྟར་གནད་འཁེལ་དབུལ་སྐྱོར་སོགས་ཀྱི་རིགས་སོ་སོའི་བྱ་བའི་གལ་ཆེན་རང་བཞིན་ལ་ལྟ་སྐུལ་བདག་དོམ་ནུས་ལྡན་བྱས་ཏེ། སྡེ་དོན་བྱ་འགུལ་ཐད་ལ་འདྲི་གཅོད་གང་ལེགས་བྱས་ཡོད།

ད་ལོ་ནས་བཟུང་། ཞོན་ཧྭ་རྫོང་གིས་སྡེ་བ154ལ་སྡེ་དོན་ལྟ་སྐུལ་བདག་དོམ་ཨུ་ཡོན་ལྷན་ཚོགས་ཀྱི་ལྟ་སྐུལ་ཞིབ་བཤེར་ཐེངས1236ལ་སྤེལ་བ་དང་བྱ་བའི་བསམ་འཆར་བླང་བྱ352བཏོན་ནས། ཆ་སྙོམས་དང་ལེན་བྱེད་པ་དང་ལྟ་སྐུལ་ཐད་གནས་པའི་གནད་དོན16ལ་དག་ཐེར་ཡོ་བསྲང་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།