མཚོ་སྔོན་ཞིང་ཆེན་གྱི2019ལོའི་ཞིང་ཆེན་ཐད་གཏོགས་ཏང་སྲིད་ལས་ཁུངས་ཀྱིས་གཞུང་ལས་པའི་ཡིག་རྒྱུགས་སྐར་གྲངས་ཁྱབ་སྒྲོག་བྱས་པ།

2019ལོའི་ཞིང་ཆེན་ཐད་གཏོགས་ཏང་སྲིད་ལས་ཁུངས་ཀྱིས་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་དང་། དེ་བཞིན་གོ་གནས་རིམ་པ་ངེས་ཅན་མན་གྱི་ལས་གནས་གཞུང་ལས་པའི་ཕྱོགས་བསྡུས་ནུས་པ་དང་ཡོན་ཚད་ཀྱི་ཀུན་སྤྱོད་ནུས་པའི་རྒྱུགས་ལེན་སྐར་གྲངས་དང་འབྲེལ་ཡོད་ལས་དོན་ཁྱབ་སྒྲོག་བྱས་པའི་སྐོར་གྱི་བརྡ་ཐོ།

རྒྱུགས་སྤྲོད་སློབ་མ་རྣམ་པ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཁག་ལ།

2019ལོར་ཞིང་ཆེན་ཐད་གཏོགས་ཏང་སྲིད་ལས་ཁུངས་ཀྱིས་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་དང་། དེ་བཞིན་གོ་གནས་རིམ་པ་ངེས་ཅན་མན་གྱི་ལས་གནས་ཀྱི་གཞུང་ལས་པའི་ཕྱོགས་བསྡུས་ནུས་པའི་བྱང་ཚད་དང་ཀུན་སྤྱོད་ནུས་པའི་ཚད་ལེན་ཚོད་ལྟའི་གྲུབ་འབྲས་ཁྱབ་སྒྲོག་བྱས་པ་དང་འབྲེལ་རིམ་པ་རྗེས་མའི་མི་སྣའི་གྲུབ་འབྲས་ཁྱབ་སྒྲོག་བྱས་ཤིང་། ཁྱབ་སྒྲོག་དུས་ཚོད་ནི2019ལོའི་ཟླ11པའི་ཚེས26ནས་ཟླ12ཚེས2ཉིན་བར་ཡིན་པ་རེད། རིམ་པ་རྗེས་མའི་རྒྱུགས་སྤྲོད་སློབ་མས་མཚོ་སྔོན་ཞིང་ཆེན་གྱི་མི་དོན་ཡིག་རྒྱུགས་ཆ་འཕྲིན་དྲ་བར་དུས་ཐོག་ཏུ་དོ་ཁུར་བྱེད་པ་དང་འབྲེལ་བ་བྱེད་ཐུབ་པ་བྱ་དགོས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཁག་གིས《2019ལོའི་ཞིང་ཆེན་ཐད་གཏོགས་ཏང་སྲིད་ལས་ཁུངས་ཀྱི་ཁྱབ་སྒྲོག་གཞུང་ལས་པའི་ལས་དོན་ལག་བསྟར་ཇུས་གཞིའི》བླང་བྱ་གཞིར་བཟུང་སྟེ། ཚན་པ་དེ་གའི་གཞུང་ལས་པའི་ཁ་རྒྱུགས་དང་དེ་བཞིན་ཆེད་ལས་ནུས་པའི་ཚོད་ལྟའི་ལས་དོན་གྱི་ཇུས་གཞི་བཟོས་ནས། ཟླ12པའི་ཚེས6ཉིན་སྔོན་དུ། ཞིང་ཆེན་རིམ་པའི་གཞུང་ལས་པའི་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཞིབ་དཔྱད་གྲ་སྒྲིག་བྱ་རྒྱུར་འབུལ་དགོས་པ་མ་ཟད། ཁ་རྒྱུགས་དང་། ཆེད་ལས་ནུས་པའི་ཚོད་ལྟ། རྟོག་ཞིབ་ལས་དོན་བཅས་དུས་ཚོད་དམ་འཛིན་སྒོས་སྒྲིག་འཛུགས་བྱས་ཏེ། 2019ལོའི་ཟླ12པའི་ཚེས31ཉིན་གྱི་སྔོན་དུ་ཁ་རྒྱུགས་དང་ཆེད་ལས་ནུས་པའི་ཚད་ལེན་དང་དེ་བཞིན་རྟོག་ཞིབ་ཀྱི་གྲུབ་འབྲས་ཞིང་ཆེན་རིམ་པའི་གཞུང་ལས་པའི་གཙོ་འགན་འཁུར་མཁན་སྡེ་ཚན་ལ་འབུལ་དགོས།

 མཚོ་སྔོན་ཞིང་ཆེན་གཞུང་ཞབས་པ་ཅུའུ།

2019ལོའི་ཟླ11པའི་ཚེས25ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།