2019ལོར་མཚོ་ནུབ་ཁུལ་གྱིས་ཁུལ་རིམ་པའི་ལས་ཁུངས་དང་དོན་ལས་སྡེ་ཁག་གི་ལས་མི་བསྡུ་བའི་བརྡ་སྦྱོར།

《མཚོ་སྔོན་ཞིང་ཆེན་གྱི་དོན་ལས་སྡེ་ཁག་གི་ལས་མི་བསྡུ་བའི་བྱ་ཐབས》དང་། དེ་བཞིན་འབྲེལ་ཡོད་སྲིད་ཇུས་ཀྱི་གཏན་འབེབས་གཞིར་བཟུང་ནས། ཁུལ་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད། 2019ལོར་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས། མཚོ་ནུབ་ཁུལ་གྱིས་ཁུལ་རིམ་པའི་ལས་ཁུངས་དང་དོན་ལས་སྡེ་ཁག་ལ་ལས་མི122བསྡུ་རྒྱུ་རེད། 

བརྡ་སྦྱོར་གྱི་འབྲེལ་ཡོད་དོན་ཚན་གཤམ་གསལ་ལྟར།

གཅིག ལས་བསྡུའི་ཁྱབ་ཁོངས།

ཐེངས་འདིའི་ལས་བསྡུའི་ཁྱབ་ཁོངས་མཚོ་ནུབ་ཁུལ་ལ་ཁ་ཕྱོགས་ཡོད་པ་རེད།

གཉིས། ལས་བསྡུའི་གོ་རིམ།

“རྒྱུགས་ལེན་ལས་བསྡུའི”གོ་རིམ། དྲ་ཐོག་ནས་མིང་ཐོ་འགོད་པ་དང་ཐོབ་ཐང་དཔྱད་ཞིབ། ཡིག་རྒྱུགས། ཡུལ་དངོས་ཐོབ་ཐང་དཔྱད་ཞིབ། ཁ་རྒྱུགས། ལས་ཕུང་བརྟག་དཔྱད། དཔྱད་ཞིབ། སྤྱི་བསྒྲགས། ལས་བསྡུའི་འགྲོ་ལུགས་སྒྲུབ་པ་སོགས་གོ་རིམ་ལྟར་ལས་བསྡུའི་བྱ་བ་བསྒྲུབ་རྒྱུ་རེད།

གསུམ། མིང་ཐོ་འགོད་པའི་དུས་ཚོད་སོགས།

དྲ་ཐོག་ནས་མིང་ཐོ་འགོད་པའི་དུས་ཚོད་ནི། 2019ལོའི་ཟླ11པའི་ཚེས26ཉིན་གྱི་ཆུ་ཚོད9ནས་ཟླ11པའི་ཚེས29ཉིན་གྱི་ཆུ་ཚོད18བར་ཡིན།

དྲ་ཐོག་ནས་བཟོ་བཅོས་བྱེད་པའི་དུས་ཚོད་ནི། 2019ལོའི་ཟླ11པའི་ཚེས26ཉིན་གྱི་ཆུ་ཚོད9ནས་ཟླ11པའི་ཚེས30ཉིན་གྱི་ཆུ་ཚོད24བར་ཡིན།

དྲ་ཐོག་ནས་ཐོབ་ཐང་ཞིབ་བཤེར་གཏན་འབེབས་ཀྱི་དུས་ཚོད་ནི། 2019ལོའི་ཟླ11པའི་ཚེས26ཉིན་གྱི་ཆུ་ཚོད9ནས་ཟླ12པའི་ཚེས1ཉིན་གྱི་ཆུ་ཚོད12བར་ཡིན།

དྲ་ཐོག་ནས་གྲོན་དངུལ་སྤྲོད་པའི་དུས་ཚོད་ནི། 2019ལོའི་ཟླ11པའི་ཚེས26ཉིན་གྱི་ཆུ་ཚོད9ནས་ཟླ12པའི་ཚེས1ཉིན་གྱི་ཆུ་ཚོད24བར་ཡིན་པ་རེད།

(རྒྱུགས་སྤྲོད་སློབ་མའི་ལོ་ཚོད་ནི་ལོ35དང་དེའི་མན་ཡིན་དགོས། སྤྱི་ལོ1983ལོའི་ཟླ11པའི་ཚེས26ཉིན་གྱི་རྗེས་སུ་སྐྱེས་པ་ཡིན་དགོས།

རྒྱུགས་ལ་ཞུགས་མཁན་ཚོས་མཚོ་ནུབ་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་དྲ་ཚིགས(www.rsj.haixi.gov.cn)བརྒྱུད་ནས་ཞིབ་ཏུ་རྒྱུས་ལོན་བྱ་རོགས། བློ་འདྲིའི་ཁ་པར། 0977-8224877མཚོ་ནུབ་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ།

2019ལོའི་ཟླ11པའི་ཚེས21ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།