ལུང་མདོ་ས་ཁུལ་གྱིས་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་བྱེད་པའི་བྱ་འགུལ་སྤེལ་པ།

རང་རེའི་དྲ་བའི་འཕྲིན་ལྟར་ན། ཟླ11ཚེས21ཉིན། མཚོ་ཤར་གྲོང་ཁྱེར་ལུང་མདོ་ས་ཁུལ་གྱིས“ཐོག་མའི་སེམས་འདུན་དམངས་ལ་བཅོལ་བ་དང་མཚོ་ཤར་གྱི་དོན་དངོས་སྒྲུབ་སྟེ། གྲོང་ཁྱེར་གསར་བའི་འཛུགས་སྐྲུན་ལ་བྱས་རྗེས་འཇོག་པའི”མི་གྲངས་ཁྲི་ཡི་གཙང་སེལ་ཆེན་མོའི་བྱ་འགུལ་སྤེལ། ས་ཁུལ་ཡོངས་ཀྱི་གྲོང་ཁྱེར་མི་དམངས་དག་ཧུར་ཐག་སྒོས་བྱ་འགུལ་ཁྲོད་ཟབ་ཞུགས་བྱེད་པར་སྣེ་ཁྲིད་ནས། རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་གསར་འཛུགས་ཐད་ལ་འོད་སྣང་གསར་བ་ཞིག་བསྐྲུན་ཡོད་པ་རེད།

རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་ནི་ས་གནས་ཤིག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་ལ་ཕྱོགས་བསྡུས་ཚད་ལེན་དཔྱད་འཇོག་བྱེད་པ་དང་། སྤྱི་ཚོགས་དཔལ་ཡོན་གྱི་ཚད་གཞི་ཆེས་མཐོ་བའི་རིམ་པ་ཅན་གྱི་གཟི་བརྗིད་མཚན་སྙན་ཞིག་ཡིན། ཐེངས་འདིའི་གཙང་སེལ་བྱ་འགུལ་དེ་དུས་ཡུན་ཉིན་གཉིས་ཡིན་ལ། དེའི་ཁྲོད་མཁར་གྲོང་ས་ཁུལ་གྱི་སྲང་ལམ་གཙོ་བོ་དང་མཁར་གྲོང་སྡེ་བའི་སྲང་ལམ་བྱང་མ་སོགས་ས་ཁུལ་དུ་གཙང་སེལ་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་སྟེ། ཉིན་རེའི་གད་སྙིགས་ཀྱི་ཐོན་ཚད་གཙང་སེལ་དང་ལམ་འགྲམ་དུ་སྤུངས་བའི་དུད་སྣེ། གད་སྙིགས་འདྲ་མིན། གད་སྙིགས་སྒམ་སོགས་ལ་གཙང་སྦྲ་བྱེད་པ་དང་ཆབས་ཅིག གད་སྙིགས་མིན་པ་ཕྱིར་བསྡུ་དང་གད་སྙིགས་སྐྱེལ་འདྲེན་གཙང་སེལ་བྱས། ཁོར་སྲུང་ལས་བྱེད་མི་སྣ་དག་གིས་མཁར་ཁུལ་གྱི་གད་སྙིགས་སྒམ་དང་ཤིང་ཏོག་གི་ཤུན་པའི་སྒམ། གད་སྙིགས་གཞན་སྐྱེལ་ས་ཚིགས་ཀྱི་གད་སྙིགས་བསྡུ་རུབ་དང་གཙང་སེལ་སྐྱེལ་འདྲེན་ཐད། གླ་གཏོང་རླངས་འཁོར་གྱི་འཁོར་རྒྱུགས་གནས་ཚུལ་ལ་ཞིབ་བཤེར་ནན་མོ་བྱས། རིགས་མི་འདྲ་བའི་རླངས་འཁོར་དག་གང་འདོན་དུ་འཇོག་པ། རྒྱུགས་ཚད་ཐེག་ཚད་བརྒལ་བའི་བྱ་སྤྱོད་ལ་ཁྲིམས་ཆད་ནན་མོ་བྱས་ཏེ། དུས་ཡུན་རིང་བོར་ལམ་འགྲམ་དུ་བཞག་པའི་རླངས་འཁོར་བདག་མེད་དག་ལ་ཡང་གཙང་སེལ་བྱས་ཡོད།

དེ་དང་ཆབས་ཅིག ས་ཁུལ་ཡོངས་ཀྱི་བཟོ་སྐྲུན་བཟོ་ཁུལ་དང་ས་ཁུལ་སྐྱེལ་འདྲེན་རླངས་འཁོར་ལ་དག་ཐེར་སྒོས་སྲང་ལམ་ཆེ་ཆུང་འདྲ་མིན་དག་གི་བཟོ་སྐྲུན་ཡུལ་དངོས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་གང་ལེགས་བྱས། བཟོ་སྐྲུན་སྐྱེལ་འདྲེན་རླངས་འཁོར་གྱི་སྟེང་དུ་འདམ་བག་འབྱར་ན་ཡང་མུ་མཐུད་དུ་བསྐོར་བ་དང་སྐྱེལ་འདྲེན་བྱ་དངོས་དམ་སྲུང་བྱས་མེད་པ། ལམ་གྱི་གང་སར་གད་སྙིགས་གཏོར་བའི་བྱ་སྤྱོད་ཐད་ལ་ཚད་ངེས་ཅན་གྱི་སྒོ་་ནས་དག་ཐེར་ཆེན་པོ་བྱས་ཏེ། བཟོ་སྐྲུན་གད་སྙིགས་སྐྱེལ་འདྲེན་བྱེད་སའི་ལམ་ཐིག་དང་དུས་ཚོད། ཐག་གཅོད་ས་གནས་སོགས་ཀྱི་ཐད་ལ་ཡང་ལྟ་སྐུལ་ཞིབ་བཤེར་ནན་མོ་བྱས། ཞིང་ལས་ཉོ་ཚོང་ཁྲོམ་རའི་ཉེ་འཁོར་གྱི་ཁྲོམ་རའི་སྣང་ཚུལ་དང་། རྐང་ཐང་སྐྱོད་ལམ་དུ་གང་འདོད་དུ་དངོས་ཟོག་འདྲ་མིན་སྤུངས་ནས་ཤུགས་རྐྱེན་ངན་པ་བཟོས་པའི་སྣང་ཚུལ་ལ་ཡང་དག་ཐེར་གང་ལེགས་བྱས་ཏེ་སྣང་བརྙན་ལེགས་པོ་ཞིག་བསྐྲུན་ཡོད། བགྲོད་ལམ་གཙོ་བོར་དམ་སྲུང་དང་བགྲོད་ལམ་ཕལ་བ་ལ་ཚོད་འཛིན་ནན་མོ་བྱས་ནས། སྲང་ལམ་ཆེ་ཆུང་ཚང་མའི་སྒྲིག་སྲོལ་བདག་དོམ་གྱི་རྩ་དོན་དང་ཁྲིམས་ལྟར་གཞུང་ལམ་གཙོ་བོའི་སྟེང་གི་རླངས་འཁོར་བཀྲུ་མཁན་དང་ལྕགས་ལ་ཚ་ལ་བྱེད་མཁན། དངོས་པོ་སྤུངས་གསོག་སོགས་ཀྱིས་ཚོང་གཉེར་གཞུང་ལམ་བཟུང་ཡོད་པ། ཚོང་གཉེར་བྱ་སྤྱོད་ཚད་ལས་བརྒལ་བ། དུས་ཡུན་རིང་བོར་གཞུང་ལམ་ཁྲིམས་འགལ་གྱིས་བདག་བཟུང་བྱས་ནས་ཚོང་གཉེར་བྱེད་པའི་ཚོང་བ་དག་ལ་རྩད་གཅོད་བྱེད་པའི་ནུས་ཤུགས་ཆེས་ཆེར་བཏང་། གཞུང་ལམ་གཙོ་བོའི་སྟེང་དུ་གོང་རིམ་གྱི་ཆོག་མཆན་མེད་པར་དྲིལ་སྒྲོག་དང་ཕྱིར་འཚོང་། འགྲེམས་འཚོང་སོགས་ཀྱི་བྱེད་སྒོ་སྤེལ་བ། སྲང་ལམ་དུ་ཁ་ཕྱོགས་པའི་ཚོང་ཁང་དག་གིས་རང་སྣང་གང་འདོད་སྒོས་སྲང་ལམ་དུ་ཅོག་ཙེ་དང་རྐུབ་སྟེགས་བཤམས་པ། ཆུ་སྣོད་འཇོག་པ། རྐང་ཐང་བགྲོད་ལམ་བཟུང་སྟེ་སྔོ་ཚོད་བཀྲུ་བ་སོགས་ཀྱི་ཚོང་གཉེར་བྱ་སྤྱོད་སྤེལ་མཁན། གྲོང་ཁྱེར་སྡོད་དམངས་ཀྱིས་སྙན་ཞུ་བྱེད་པའི་གྲོང་ཁྱེར་གྱི་སྣང་ཚུལ་ཚབས་ཆེན་དང་ཁོར་ཡུག་སྤགས་བཙོག་གི་གྲོང་ཁྱེར་གི་མི་གཙང་བའི་ཆ་ཡི་གནད་དོན་ཐག་གཅོད་ལེགས་པོ་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།