རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཐག་བཅད་པའི2020ལོའི་དུས་ཆེན་སྐོར་གཅིག་གི་གུང་གསེང་བཀོད་སྒྲིག་སྐོར་གྱི་བརྡ་ཐོ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐག་བཅད་ཆོག་མཆན་གནང་བ་ལྟར། མ་འོངས་བའི2020ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར། དུར་མཆོད་དུས་ཆེན། ལྔ་བའི་ཚེས་ལྔའི་དུས་ཆེན། རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་སོགས་ཀྱི་བྱེ་བྲག་གུང་གསེང་ཉིན་མོ་བཀོད་སྒྲིག་གི་བརྡ་སྦྱོར་གཤམ་གསལ་ལྟར།

གཅིག ལུགས་གསར་ལོ་སར། 2020ལོའི་ཟླ1ཚེས1ཉིན་གུང་གསེང་གཏང་རྒྱུ། གུང་གསེང་ཉིན1ཡིན།

གཉིས། ལུགས་རྙིང་ལོ་སར། ཟླ1ཚེས24ཉིན་ནས་ཚེས30ཉིན་བར་གུང་གསེང་གཏང་རྒྱུ། གུང་གསེང་ལ་ཁྱོན་བསྡོམས་ཉིན7ཡོད། ཟླ1ཚེས19ཉིན། གཟའ་ཉི་མ། ཟླ2ཚེས1ཉིན། གཟའ་སྤེན་པ་གཉིས་ལ་ལས་ཚོགས་སུ་ཞུགས་དགོས།

གསུམ། དུར་མཆོད་དུས་ཆེན། ཟླ4ཚེས4ཉིན་ནས་ཚེས6ཉིན་བར་གུང་གསེང་གཏང་རྒྱུ། གུང་གསེང་ལ་ཁྱོན་བསྡོམས་ཉིན3ཡོད།

ལྔ། ལྔ་བའི་བ་བཞོ། ཟླ6ཚེས25ཉིན་ནས་ཚེས27ཉིན་བར་གུང་གསེང་གཏོང་རྒྱུ། གུང་གསེང་ལ་ཁྱོན་བསྡོམས་ཉིན3ཡོད། ཟླ6ཚེས28ཉིན་གཟའ་ཉི་མར་ལས་ཚོགས་ལ་ཞུགས་དགོས།

དྲུག རྒྱལ་སྟོན་དུས་ཆེན་དང་བརྒྱད་པའི་བཅོ་ལྔ། ཟླ10ཚེས1ཉིན་ནས་ཚེས8ཉིན་བར་གུང་གསེང་གཏོང་རྒྱུ། གུང་གསེང་ལ་ཁྱོན་བསྡོམས་ཉིན8ཡོད། ཟླ9ཚེས27ཉིན་གཟའ་ཉི་མ་དང་ཟླ10པའི་ཚེས10ཉིན་གཟའ་སྤེན་པ་གཉིས་ལ་ལས་ཚོགས་སུ་ཞུགས་དགོས།

དུས་ཆེན་གྱི་གུང་གསེང་སྐབས། ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་ལས་རེས་པ་བཀོད་སྒྲིག་གང་ལེགས་བྱས་ཏེ་བདེ་འཇགས་དང་བདེ་སྲུང་སོགས་ཀྱི་བྱ་བར་ཁག་ཐེག་བྱ་དགོས། གལ་ཏེ་དོན་རྐྱེན་གློ་བུར་བ་བྱུང་སྟེ། འབྲེལ་ཡོད་གཏན་ཁེལ་གཞིར་བཟུང་ནས་གོང་རིམ་ལ་སྙན་ཞུ་དང་། དེ་འབྲེལ་ཐག་གཅོད་ལེགས་པོ་བྱས་ནས། མི་དམངས་མང་ཚོགས་ལ་བཀྲ་ཤིས་བདེ་ལེགས་ཀྱི་གུང་གསེང་སྐྱིད་པོ་ཞིག་ལ་རོལ་ཏུ་་གཞུག་རྒྱུར་འགན་སྲུང་ལེགས་པོ་བྱ་དགོས།

རྒྱལ་སྲིད་སྤྱི་ཁྱབ་གཞུང་སྒྲུབ་ཐིན་གྱིས།

2019.11.21ཉིན།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།