མ་དངུལ་སྒོར་ཁྲི218.15བཏང་སྟེ་ཟི་ལིང་གྲོང་ཁྱེར་གྱི་ཤེས་བྱའི་བདག་དབང་གི་འཕེལ་རྒྱས་ལ་རོགས་འདེགས་བྱ་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟི་ལིང་གྲོང་ཁྱེར་གྱི་ཆེད་གཏོགས་ཁེ་དབང་རྒྱུ་སྤུས་བརྟན་འཇགས་སྒོས་མཐོར་འདེགས་སུ་གཏང་བར་སྐུལ་འདེད་དང་ཆེད་གཏོགས་ཁེ་དབང་ཁ་གྲངས་འོས་འཚམ་སྒོས་ཇེ་མང་དུ་གཏང་བ། ཆེད་གཏོགས་ཁེ་དབང་ལམ་ལུགས་ལ་སྙོམས་སྒྲིག་འཐུས་ཚང་ནས་འདོན་སྤེལ་གང་ལེགས་སྒོས། ཟི་ལིང་གི་གསར་གཏོད་གསར་བའི་སྒུལ་ཤུགས་ཀྱི་འཕེལ་རྒྱས་ཁྲོད་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱ་ཆེད། ཟླ11ཚེས15ཉིན་གྱི་སྔ་དྲོར། གྲོང་ཁྱེར་ཚོང་རྭའི་ལྟ་སྐུལ་བདག་དོམ་ཅུའུའམ། ཟི་ལིང་གྲོང་ཁྱེར་ཤེས་བྱའི་བདག་དབང་ཅུའུ་ཡིས2019ལོའི་ཟི་ལིང་གྲོང་ཁྱེར་གྱི་ཤེས་བྱའི་བདག་དབང་ཆེད་གཏོགས་ཁེ་དབང་རོགས་སྒྲུབ་མ་དངུལ་སྟེར་བའི་མཛད་སྒོ་སྤེལ་ཏེ། ཁྱོན་བསྡོམས་མ་དངུལ་སྒོར་ཁྲི218.15བཏང་སྟེ། ཟི་ལིང་གྲོང་ཁྱེར་གྱི་ཤེས་བྱའི་བདག་དབང་ཆེད་གཏོགས་ཁེ་དབང་བྱ་བ་འཕེལ་རྒྱས་སུ་གཏང་བར་རོགས་སྒྲུབ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། 2016ལོ་ནས2019ལོའི་བར་དུ། གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག་ཟི་ལིང་གྲོང་ཁྱེར་གྱིས་ཆེད་གཏོགས་ཁེ་དབངར་གསར་བཟོ་དང་སྲུང་སྐྱོབ། འཁོར་སྐྱོད་བཅས་ཀྱི་ཐད་ནས་གྲུབ་འབྲས་ངེས་ཅན་ཞིག་བླངས་ཡོད་ལ། ཆེད་གཏོགས་ཁེ་དབང་རེ་འདུན་ཞུ་རྒྱུའི་ཁ་གྲངས་དང་བདག་དབང་གྲངས་ཀའི་ཐད་ལ་ཡང་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་ངེས་ཅན་ཞིག་བྱུང་ནས། འཕྲོ་རིམ་འཕྲོར་ལོ་གང་མང་ཞིག་གི་རིང་ལ་ཞིང་ཆེན་ཡོངས་ཀྱི་ཆེས་མདུན་གྲལ་དུ་སླེབས། གྲོང་ཁྱེར་ཡོངས་ཀྱི་ཆེད་གཏོགས་ཁེ་དབང་རེ་འདུན་ཞུ་ཡིག་གི་ཁ་གྲངས་དེ10978དང་ཆེད་གཏོགས་ཁེ་དབང་བདག་དབང་ཐོབ་པའི་ཁ་གྲངས་ནི5621ཡིན། གསར་གཏོད་ཆེད་གཏོགས་ཁེ་དབང་བདག་དབང869ཡོད་པས། ཕལ་ཆེར་ཞིང་ཆེན་ཡོངས་ཀྱི་ཆེད་གཏོགས་ཁེ་དབང་དེ་ཟི་ལིང་དུ་གྲུབ་པ་ལྟ་བུའི་གནས་བབ་ཤིག་ཆགས་ཡོད། ཐེངས་འདིར་ཕྱིར་འདོན་བྱས་པའི་རོགས་སྒྲུབ་མ་དངུལ་ནི་ཟི་ལིང་གྲོང་ཁྱེར་གྱི་ཆེད་གཏོགས་ཁེ་དབང་རོགས་སྒྲུབ་རོགས་དངུལ་བདག་དོམ་བྱེད་ཐབས་ཀྱི་ཚོད་ལྟའི་ལག་བསྟར་གཞིར་བཟུང་བ་ཡིན་ལ། དེ་ཡང་ཚོང་རྭའི་ལྟ་སྐུལ་བདག་དོམ་ཅུའུ་ཡིས་ལོ་སྔོན་མར་བདག་དབང་ཆོག་མཆན་ཐོབ་པའི་གསར་གཏོད་ཆེད་གཏོགས་ཁེ་དབང་དང་རྣམ་པ་གསར་བའི་དོན་དངོས་ཆེད་གཏོགས་ཁེ་དབང། ཕྱི་རྒྱལ་གྱི་བདག་དབང་ཐོབ་པའི་གསར་གཏོད་ཆེད་གཏོགས་ཁེ་དབང། དོན་དངོས་རྣམ་པ་གསར་བའི་ཆེད་གཏོགས་ཁེ་དབང། ཕྱིའི་རྣམ་པའི་ཇུས་འགོད་ཆེད་གཏོགས་ཁེ་དབང་བདག་དབང་མི་དང་གསར་དུ་གཏན་འབེབས་བྱས་པའི་ཟི་ལིང་གྲོང་ཁྱེར་གྱི་ཤེས་བྱའི་བདག་དབང་ཆེད་གཏོགས་ཁེ་དབང་སོགས་རྩ་འཛུགས་གང་ལེགས་སྒོས་དཔེར་མཚོན་ཁེ་ལས་དང་ཀྲུང་གོའི་ཆེད་གཏོགས་ཁེ་དབང་ཡུལ་བྱུང་བྱ་དགའི་ཆེད་གཏོགས་ཁེ་དབང། ཆེད་གཏོགས་ཁེ་དབང་མཁན་སོགས་ལ་ནོར་སྲིད་མ་དངུལ་གྱི་རོགས་སྒྲུབ་གནང་། མ་དངུལ་རོགས་སྒྲུབ་རེ་འདུན་གྱི་བརྒྱུད་རིམ་གཞིར་བཟུང་སྟེ། ཁྱོན་བསྡོམས་རེ་འདུན་ཆེད་གཏོགས་ཁེ་དབང་བདག་དབང་མ་དངུལ་རྒྱུ་ཆ931བསྡུ་རུབ་བྱས་ཤིང་། རེ་འདུན་སྙན་ཞུ་ལྟར་ན་ཟི་ལིང་གྲོང་ཁྱེར་གྱི་ཤེས་བྱའི་བདག་དབང་ཆེད་གཏོགས་ཁེ་དབང་དཔེར་སྟོན་ཁེ་ལས10 ཟི་ལིང་གྲོང་ཁྱེར་གྱི་ཤེས་བྱའི་བདག་དབང་ལ་རེ་འདུན་ཞུ་ཡིག་ཕུལ་སའི་འཐུས་ཚབ་ལས་གཞི་མི་འདྲ་བ2 ཀྲུང་གོའི་ཆེད་གཏོགས་ཁེ་དབང་བྱ་དགའི་རོགས་སྒྲུབ་ལས་གཞི2 ཤེས་བྱའི་བདག་དབང་འཐུས་ཚབ་མི་སྣ2བཅས་ལ་རེ་འདུན་ཞུ་ཡིག་ཕུལ་ཡོད། ཐོག་མའི་གསལ་འབྱེད་དང་ཆེད་མཁས་པའི་དཔྱད་འཇོག ཏང་རྩ་འཛུགས་ལྷན་ཚོགས་ཀྱིས་དཔྱད་སྡུར། ལས་དོན་འབྲེལ་གཏུག་ལས་ཁུངས་ཀྱི་ཞིབ་བཤེར། སྤྱི་ཁྱབ་ཡོངས་བསྒྲགས་བཅས་ཀྱི་བརྒྱུད་རིམ་དེའི་རྗེས་སུ་མ་དངུལ་རོགས་སྒྲུབ་ཆེད་གཏོགས་ཁེ་དབང་བདག་དབང་གི་ཆ་རྐྱེན་དང་མཐུན་པའི་རེ་འདུན་དཔྱད་གཞི་མི་འདྲ་བ931ལས། ཟི་ལིང་གྲོང་ཁྱེར་གྱི་ཤེས་བྱའི་བདག་དབང་ཆེད་གཏོགས་ཁེ་དབང་དཔེར་སྟོན་ཁེ་ལས8 ཀྲུང་གོའི་ཆེད་གཏོགས་ཁེ་དབང་བྱ་དགའི་རོགས་སྒྲུབ་ལས་གཞི2 ཤེས་བྱའི་བདག་དབང་འཐུས་ཚབ་མི་སྣ1བཅས་ཡོད།

མཇུག་མཐར། རྒྱལ་ནང་དུ་གསར་གཏོད་ཆེད་གཏོགས་ཁེ་དབང186གི་ལས་གཞི་རེ་རེ་ལ་རོགས་སྒྲུབ་མ་དངུལ་སྒོར3000དང་ཁྱོན་བསྡོམས་རོགས་སྒྲུབ་མ་དངུལ་སྒོར་ཁྲི55.8ཡིན། དེ་ལས་གཞན་པའི་གསར་གཏོད་ཆེད་གཏོགས་ཁེ་དབང11ལས་ལས་གཞི་མི་འདྲ་བ་དག་ལ་སོ་སོར་རོགས་སྒྲུབ་མ་དངུལ་སྒོར་ཁྲི3སྟེ། ཁྱོན་བསྡོམས་རོགས་སྒྲུབ་མ་དངུལ་སྒོར་ཁྲི33གནང་། རྒྱལ་ནང་གི་དངོས་སྤྱོད་རྣམ་པ་གསར་བའི་ཆེད་གཏོགས་ཁེ་དབང719ལས་ཆེད་གཏོགས་ཁེ་དབང་མི་འདྲ་བ་རེ་རེར་རོགས་སྒྲུབ་མ་དངུལ་སྒོར500དང་ཁྱོན་བསྡོམས་རོགས་སྒྲུབ་མ་དངུལ་སྒོར་ཁྲི35.95 དངོས་སྤྱོད་མ་ཡན་པའི་རྣམ་པ་གསར་བའི་ཆེད་གཏོགས་ཁེ་དབང4ལས་ཆེད་གཏོགས་ཁེ་དབང་རེ་རེར་རོགས་སྒྲུབ་མ་དངུལ་སྒོར6000དང་ཁྱོན་བསྡོམས་རོགས་སྒྲུབ་མ་དངུལ་སྒོར་ཁྲི2.4ཡིན། གསར་དུ་ངོས་འཛིན་བྱས་པའི་ཟི་ལིང་གྲོང་ཁྱེར་གྱི་ཤེས་བྱའི་བདག་དབང་ཆེད་གཏོགས་ཁེ་དབང་དཔེར་སྟོན་ཁེ་ལས8ལས་ཁེ་ལས་མི་འདྲ་བ་དག་ལ་རོགས་སྒྲུབ་མ་དངུལ་སྒོར་ཁྲི10དང་ཁྱོན་བསྡོམས་རོགས་སྒྲུབ་མ་དངུལ་སྒོར་ཁྲི80ལ་བུད་ཡོད། ཀྲུང་གོའི་ཆེད་གཏོགས་ཁེ་དབང་ཕུལ་བྱུང་བྱ་དགའ2ལས་ཆེད་གཏོགས་ཁེ་དབང་མི་འདྲ་བ་རེ་རེར་རོགས་སྒྲུབ་མ་དངུལ་སྒོར་ཁྲི5དང་ཤེས་བྱའི་བདག་དབང་འཐུས་ཚབ་མི་སྣ1ལ་རོགས་སྒྲུབ་མ་དངུལ་སྒོར་ཁྲི1བཅས་ཀྱི་རོགས་སྒྲུབ་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།