མཚོ་སྔོན་ཞིང་ཆེན་ཀླད་སྙིང་ཁྲག་རྩའི་ནད་གཞིའི་སྨན་ཁང་གིས་སྒྲིག་ཁོངས་སུ་སྨན་པ12བསྡུ་བའི་བརྡ་སྦྱོར།

ལས་ཀའི་དགོས་མཁོ་ལྟར་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་སྨན་ཁང་གི་སྒྲིག་ཁོངས་སུ་སྨན་པ12བསྡུ་རྩིས་ཡོད་པ་དང་འབྲེལ་ཡོད་བཀོད་ཁྱབ་གཤམ་གསལ་ལྟར།

གཅིག གདན་ཞུའི་ལས་གནས།

གཉིས། ལས་མི་བསྡུ་བའི་ཆ་རྐྱེན།

རབ་འབྱམས་པའི་ཞིབ་འཇུག་སློབ་མ་དང་། འབུམ་རམས་པའི་ཞིབ་འཇུག་སློབ་མའི་ལོ་ཚོད་ནི་སྤྱིར་བཏང་དུ་ལོ35(1984ལོའི་ཟླདང་པོའི་ཚེས1ཉིན་ནས་སྐྱེས་པ)ལས་བརྒལ་མི་ཆོག བྱས་འབྲས་ཧ་ཅང་མངོན་གསལ་ཡིན་པའི་མི་སྣས་ལོ་ཚད་ཀྱི་ཚད་བཀག་ལྷུག་ཏུ་འོས་འཚམ་བཏང་ཆོག (བཞི)རབ་འབྱམས་པའི་ཞིབ་འཇུག་སློབ་མ་དང་འབུམ་རམས་པའི་ཞིབ་འཇུག་སློབ་མ་ངེས་པར་དུ2020ལོའི་ཟླ7པའི་ཚེས30ཉིན་གྱི་སྔོན་དུ་སློབ་མཐར་ཕྱིན་དགོས་པ་མ་ཟད། 2020ལོའི་ཟླ7པའི་ཚེས30ཉིན་གྱི་སྔོན་དུ་སློབ་ཐོན་ལག་རྟགས་དང་སློབ་གནས་ལག་རྟགས་ལེན་དགོས་པ་རེད། (ལྔ། རྒྱུན་ལྡན་གྱི་འགན་འཁྲི་སྒྲུབ་པའི་ལུས་པོའི་ཆ་རྐྱེན་ལྡན་པ།

གསུམ། མིང་ཐོ་འགོད་སྟངས།

(གཅིག)གདན་ཞུའི་ས་ཁུལ་གྱི་འབྲེལ་ཡོད་མཐོ་རིམ་སློབ་གྲྭའི་དྲ་བ་དང་དེ་བཞིན་མཚོ་སྔོན་གྱི་མི་དོན་ཡིག་རྒྱུགས་ཆ་འཕྲིན་དྲ་བ། མཚོ་སྔོན་ཞིང་ཆེན་གྱི་ཀླད་སྙིང་ཁྲག་རྩའི་ནད་གཞིའི་སྨན་ཁང་གི་གཞུང་ཕྱོགས་དྲ་བ་བཅས་སུ་གཅིག་སྡུད་ཐོག་ཁྱབ་སྒྲོག་བྱ་རྒྱུ་རེད།

(གཉིས)མིང་ཐོ་འགོད་པའི་དུས་ཚོད་དང་དེ་བཞིན་ཐེངས་འདིའི་གདན་ཞུའི་མིང་ཐོ་འགོད་སྟངས་ནི་ གདན་ཞུའི་ཚོགས་འདུའི་སྟེང་མིང་ཐོ་འགོད་པ་དང་དྲ་ཐོག་ནས་མིང་ཐོ་འགོད་པ་བཅས་རྣམ་པ་གཉིས་ནས་མིང་ཐོ་དགོད་ཆོག་པ་རེད། མིང་ཐོ་འགོད་མཚམས་འཇོག་པའི་དུས་ཚོད། 2019ལོའི་ཟླ12པའི་ཚེས22ཉིན་རེད། མིང་ཐོ་འགོད་པའི་འབྲེལ་གཏུག་ཁ་པར་ནི་དགེ་རྒན་ཝང13997033937དང་། དགེ་རྒན་ཀའོ15297015050

མཚོ་སྔོན་ཞིང་ཆེན་གྱི་ཀླད་སྙིང་ཁྲག་རྩའི་ནད་གཞིའི་སྨན་ཁང་གི་གཞུང་ཕྱོགས་དྲ་བའི(www.qhheart.com)བརྡ་ཐོའི་སྒྲོམ་སྟེང《མཚོ་སྔོན་ཞིང་ཆེན་གྱི་ཀླད་སྙིང་ཁྲག་རྩའི་ནད་གཞིའི་སྨན་ཁང་གི་གདན་ཞུའི་ལས་དོན་མི་སྣའི་མིང་ཐོ་འགོད་པའི་རེའུ་མིག》ཕབ་ལེན་བྱས་ཏེ། འབྲེལ་ཡོད་སློབ་རིམ་དཔང་ཡིག་དང་། ཐོབ་ཐང་དཔང་ཡིག དཔྱད་རྩོམ། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས། བྲིས་ཚར་བའི《མིང་ཐོའི་རེའུ་མིག》གནོན་བཙིར་ཁུག་མའི་ནང་བླུགས་ནས་སྦྲག་སྒམ149129554@qq.comདུ་བསྐུར་དགོས་ཤིང་། སྦྲག་ཡིག་གི་ཁ་བྱང་མིང་ནི་གདན་ཞུའི་ལས་གནས+སློབ་གཉེར་བརྒྱུད་རིམ+རང་གི་མིང་གི་རྣམ་པ་ལྟར་འབྲི་དགོས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།