ཟི་ལིང་གིས་གད་སྙིགས་མེར་བསྲེགས་གློག་འདོན་ལས་གཞིའི་ཚོང་བསྡུ་བྱ་བ་འགོ་བརྩམས།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཉོ་བསྡུ་དྲ་བས་ཟི་ལིང་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མེར་བསྲེགས་གློག་འདོནPPPལས་གཞིའི་ཐོབ་ཐང་ལ་ཐོག་མའི་སྔོན་དཔག་ཞིབ་བཤེར་བྱས་པ་ཁྱབ་སྒྲོག་བྱས། རྒྱུས་ལོན་ལས་ཤེས་གསལ་ལྟར་ན། ལས་གཞི་དེའི་སྤྱིའི་མ་དངུལ་གཏོང་ཚད་ནི་སྒོར་དུང་ཕྱུར16.6ཡིན་ལ། ས་གནས་ནི་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ཧི་ཧྥུ་ཝན་ཡིན་པ་རེད།

ཉིན་རྒྱུན་འཚོ་བའི་ཁྲོད་གད་སྙིགས་འབོར་ཆེན་ཞིག་ཐོན་སྲིད་པ་ནི་གཡོལ་ཐབས་མེད་པའི་དོན་དག་ཅིག་རེད། གལ་ཏེ་གད་སྙིགས་འདི་དག་ཐག་གཅོད་ལེགས་པོ་ཞིག་བྱེད་མ་ཐུབ་ཚེ། ཚད་ངེས་ཅན་ཞིག་ནས་མི་རྣམས་ཀྱི་འཚོ་བའི་ཁོར་ཡུག་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་སྲིད་པ་མ་ཟད། ཐ་ན་མི་རྣམས་ཀྱི་ལུས་པོའི་བདེ་ཐང་ཐད་ལ་ཡང་འཇིགས་སྣང་བཟོ་ངེས། ད་ལྟའི་ཆར་མེར་བསྲེགས་པ་ནི་གད་སྙིགས་གཙང་སེལ་དང་མེད་པར་གཏོང་བའི་བྱེད་ཐབས་གཙོ་བོ་ཞིག་ཡིན། འོན་ཀྱང་གད་སྙིགས་མེར་བསྲེགས་པའི་བརྒྱུད་རིམ་ཁྲོད་ཁོར་ཡུག་ལ་སྤགས་བཙོག་ཐེངས་གཉིས་པ་བཟོ་བ་མ་ཟད། ཐོན་ཁུངས་དང་ནུས་ཁུངས་ངེས་ཅན་ཞིག་ཀྱང་ཆུད་ཟོས་སུ་གཏོང་ངེས། གད་སྙིགས་ཀྱི་ཉེན་ཁས་ཡོངས་སུ་བསྐོར་བའི་ཛ་དྲག་གི་གནས་ཚུལ་འོག་ཉུང་འཕྲི་ཅན་དང་འཚེ་མེད་ཅན། ཐོན་ཁུངས་ཅན་བཅས་ཀྱི་ཁྱད་ཆོས་གཞིར་བཟུང་སྟེ། གད་སྙིགས་མེར་བསྲེགས་གློག་འདོན་དེ་ལོ་འདི་དག་གི་ནང་ས་ཁུལ་མང་པོ་ཞིག་གི་འཚོ་བའི་གད་སྙིགས་ཐོན་ཁུངས་ཅན་ཐག་གཅོད་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་གྱུར་ཡོད།

གསར་འགོད་པས་རྒྱུས་ལོན་ལས་ཤེས་གསལ་ལྟར་ན། ལས་གཞི་དེ་འཛུགས་སྐྲུན་བྱེད་པའི་ནང་དོན་ཁྲོད། གད་སྙིགས་མེར་བསྲེགས་གློག་འདོན་བཟོ་གྲྭ་ཞིག་དང་། དེར་འབྲེལ་མེར་བསྲེགས་དུ་ཐལ་མེད་པར་བཟོ་བའི་སྒྲིག་ཆས་ཆ་ཚང་འདུས་ཡོད། འཚོ་བའི་གད་སྙིགས་མེར་བསྲེགས་གློག་འདོན་བཟོ་གྲྭ་ཡིས་ཉིན་རེར་གད་སྙིགས་གཙང་སེལ་མེད་པར་བཟོ་བའི་ནུས་པ་ནི་ཏུན3000དང་། ལོ་གཅིག་གི་ནང་གད་སྙིགས་གཙང་སེལ་བྱེད་པའི་གཞི་ཁྱོན་ཏུན་ཁྲི109.5ཡིན། བཟོ་གྲྭ་གང་དེའི་ས་ངོས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིངས16.92ཡིན་པ་རེད། སྒྲིག་ཆས་ལས་མེ་ཐལ་གཙང་སེལ་བྱེད་སའི་ཇུས་འགོད་ཤོང་ཚད་ནི་རྨིད་གྲུ་བཞི་མ100ཡིན། གད་སྙིགས་མེར་བསྲེགས་གློག་འདོན་བཟོ་གྲྭའི་ཤར་རྒྱུད་དུ་མེ་ཐལ་གཙང་སེལ་གྱིས་འཚོ་བའི་གད་སྙིགས་མེར་བསྲེགས་གློག་འདོན་བཟོ་གྲྭའི་གློག་འདོན་སྒྲིག་ཆས་ལས་མེ་ཐལ་གཙང་སེལ་བྱས་ཡོད། དེ་དང་ཆབས་ཅིག་འཚོ་བའི་གད་སྙིགས་དག་སྐབས་བསྟུན་གཙང་སེལ་བྱེད་པའི་ཕན་ནུས་ལ་བརྟེན་ནས་ཚད་ངེས་ཅན་གྱི་སྒོ་ནས་གད་སྙིགས་ཀྱི་ཉེན་ཁའི་སྣང་ཚུལ་དེ་རིམ་བཞིན་མེད་པར་བཟོས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།