མཚོ་སྔོན་གཏེར་ཁུངས་བདེ་འཇགས་ལྟ་རྟོག་ཅུའུ་ཡིས་ཚྭ་འདམ་གཞོངས་ཀྱི་གཏེར་ཁུངས་ཁེ་ལས་མི་འདྲ་བ་དྲུག་གཙོ་བོར་བཟུང་ནས་ཞིབ་བཤེར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཚོགས་གཞུང་སྒྲུབ་ཁང་གིས《སྔར་ལས་ལྷག་པའི་སྒོ་ནས་གཏེར་ཁུངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བའི་སྐོར་གྱི་བྲེལ་མྱུར་བརྡ་ཐོ》དང་། 《ཉེ་དུས་ཀྱི་དཔེར་མཚོན་དོན་རྐྱེན་གནས་ཚུལ་སྐོར་གྱི་གསལ་བརྡའི》དགོངས་དོན་གཉིས་ལག་ལེན་དངོས་འབེབས་གསལ་བོ་བྱེད་པ་དང་། ལོ་གཅིག་གི་དུས་ཚིགས་བཞིའི་ནང་ཞིང་ཆེན་ཡོངས་ཀྱི་གཏེར་ཁུངས་བདེ་འཇགས་ཐོན་སྐྱེད་བྱ་བ་དངོས་འབེབས་བྱ་ཆེད། ཉེ་ལམ་མཚོ་སྔོན་གཏེར་ཁུངས་བདེ་འཇགས་ལྟ་རྟོག་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་སྐབས་བསྟུན་བདག་དོམ་ཐིན་གྱིས་གྲུབ་པའི་ཞིབ་བཤེར་ཚན་ཆུང་བཙུགས་སྟེ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཚྭ་འདམ་ཆེ་བ་ས་ཁུལ་སྟེ། ཏ་ཐིག་ཡཱང་བཟོ་ཁུལ་གཏེར་ཁུངས་དང་པོ་དང་གཉིས་པ། རྩྭ་ལྗང་གྲོག་རོང་གཏེར་ཁུངས། ཀའོ་ཆོན་ཁུན་གཏེར་ཁུངས། མཚོ་སྔོན་ནུས་འདོན་ཀུང་ཟིའི་ཐོན་ཡེས་རི་བོའི་ལོ་ཐེན་གཏེར་ཁུངས། ཚོན་ལྔའི་ཀྲིན་རོང་རྡོ་ཐལ་ཚད་ཡོད་ཀུང་ཟི་ཚྭ་འདམ་ཆེ་བ་སྲིད་འཛིན་ཨུ་ལྷན་གྱི་ཡེས་ཁ་གཏེར་ཁུངས་སོགས་གཏེར་ཁ་མི་འདྲ་བ6གི་ཁེ་ལས་དག་གཙོ་བོར་བཟུང་ནས་ཞིབ་བཤེར་ནན་མོ་བྱས།

ཐེངས་འདིའི་ཞིབ་བཤེར་གྱིས་དམིགས་ཚད་དང་རེའུ་མིག་གཞིར་བཟུང་ནས་གཏེར་ཁུལ་གྱི་འབུར་ཐོན་བྱ་བའི་བདེ་འཇགས་ལ་གསབ་སྦྱོང་བྱས་ཏེ། འགོ་ཁྲིད་ལས་བྱེད་པ་དག་གིས་སྣེ་ཁྲིད་དེ་ས་འོག་དོང་ནང་དུ་འཛུལ་བ། བདེ་འཇགས་བྱ་བ་གཙོ་བོའི་འགན་འཁྲི་དངོས་འབེབས་སོགས་གཙོ་བོ་དང་གནད་འགག་གི་གོ་རིམ་དུ་བཟུང་ཡོད་ལ། དཔྱད་གཞིའི་ཡིག་ཆ་མང་པོ་ཞིབ་ཀློག་བརྒྱུད་ས་འོག་དང་ས་སྟེང་ལ་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཞིབ་བཤེར་བྱས། ཞིབ་བཤེར་ཁྲོད་ཁྱོན་བསྡོམས་འགལ་རྐྱེན་དང་གནད་དོན29གསར་རྙེད་བྱུང་ནས། ཡུལ་དངོས་སུ་ཁྲིམས་བསྟར་གཞུང་ཡིག17བཀྲམ་པ་དང་གཏེར་ཁུངས་ཁེ་ལས་དག་གིས་དངོས་འབེབས་ལྔ་ཡི་རེ་འདུན་བླང་བྱ་ལྟར་དག་ཐེར་བཅོས་སྐྱོང་བྱེད་དགོས་པའི་བཀའ་བརྡ་བཏང་། ལུག་མགོ་ཆེ་བའི་བཟོ་ཁུལ་གྱི་གཏེར་ཁུངས་དང་པོའི་ཝན་ཀ་བའི་གློག་འདོན་སྒོ་བཀག་གི་ཚོད་ལྟའི་ཟིན་ཐོ་རྫུན་བཟོ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་སྲིད་འཛིན་ཁྲིམས་ཆད་སྒོར་ཁྲི10ཡི་ཆད་པ་བཅད། དེ་དང་ཆབས་ཅིག ཞིབ་བཤེར་ཚན་ཆུང་གིས་གཏེར་ཁུངས་ཁེ་ལས་གལ་ཆེན་དག་གི་འགན་ཁུར་མི་སྣ་དང་བདེ་འཇགས་བདག་དོམ་མི་སྣ་ཁྱོན་བསྡོམས50ལྷག་བདམས་ནས་འབྲེལ་ཡོད་ཤེས་བྱའི་སྐོར་གྱི་རྒྱུགས་བླངས་པ་རེད།

ཞིབ་བཤེར་བྱ་བ་མཇུག་རྫོགས་རྗེས། ཞིབ་བཤེར་ཚན་ཆུང་གིས་རྩད་ཆོད་པའི་གནད་དོན་དག་གཞིར་བཟུང་སྟེ། ཆེད་དོན་གྲོས་ཚོགས་བསྡུས་ནས་ས་གནས་ཀྱི་གཏེར་ཁུངས་བདེ་འཇགས་ལྟ་སྐུལ་བདག་དོམ་སྡེ་ཁག་དང་གཏེར་ཁུངས་ཁེ་ལས་ཐད་ལ་ཕྱིར་དྲན་བྱས་པ་མ་ཟད། དུས་ཚིགས་བཞིའི་གཏེར་ཁུངས་བདེ་འཇགས་ཐོན་སྐྱེད་བྱ་བ་དེ་ལེགས་པོར་སྒྲུབ་ནས་བྱེ་བྲག་གི་བླང་བྱ་ཡང་བཏོན། གཅིག་ནས་ནན་ཏན་སྒོས་བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་དངོས་འབེབས་དང་འཐུས་ཚང་ཅན་ཏུ་བཏང་སྟེ། ཉེན་ཁའི་ཚབས་ཆེན་རང་བཞིན་ལ་རྩད་གཅོད་དང་། དབྱེ་ཞིབ་གང་ལེགས་སྒོས་འགལ་རྐྱེན་རྩད་གཅོད་བཅོས་སྐྱོང་ཉེན་ཁའི་བདག་དོམ་ཚོད་འཛིན་བྱ་བ་གཏིང་ཟབ་ཅན་ཏུ་སྤེལ། གཉིས་ནས་ཏན་ཏིག་སྒོས་གཏེར་ཁུངས་བདེ་འཇགས་ཐོན་སྐྱེད་ཀྱི་ཚད་ལྡན་ཅན་ལ་སྐུལ་འདེད་བྱས་ཏེ་གཏེར་ཁུངས་བདེ་འཇགས་གསབ་སྦྱོང་བྱ་བ་ལེགས་པོར་བསྒྲུབས་ཤིང་། གསུམ་ནས་བཟོ་ལས་རྗེས་ལུས་ཅན་མེད་པར་བཏང་ནས་གཏེར་ཁུངས་ཀྱི་ཕྱོགས་བསྡུས་སྒྲིག་ཆས་ཅན་གྱི་ལག་བསྟར་བྱ་བར་དངོས་འབེབས་གང་ལེགས་བྱས་ནས། བརྡ་འཕྲིན་ཅན་གྱི་སྟེགས་བུའི་བེད་སྤྱོད་དེ་འཐུས་ཚང་ཅན་ཏུ་བཏང་། བཞི་ནས་གཏེར་ཁུངས་ཀྱི་བདེ་འཇགས་རིག་གནས་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་སྒོས་ལས་བཟོ་པའི་འཚོ་བར་དོ་ཁུར་དང་ལས་བཟོ་པའི་བར་ཐག་ཇེ་ཉེ་རུ་བཏང་ནས་ལས་བཟོ་པའི་རུ་དཔུང་གི་བརྟན་འཇགས་ལ་ཁག་ཐེག་ནན་མོ་བྱས། ལྔ་ནས་ཏང་གི་འཛུགས་སྐྲུན་བྱ་བའི་མཉམ་བསྲེས་ཚད་གཞིར་མཐོར་འདེགས་སྒོས་གཏེར་ཁུངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་གཏེར་ཁུངས་ཀྱི་ཁེ་ལས་མུར་བསྟུན་བརྟན་འཇགས་ངང་བདེ་ཐང་ཅན་ལ་འགྲོ་བ་འཕེལ་རྒྱས་སུ་འགྲོ་བར་ཡང་ཁག་ཐེག་ནན་མོ་བྱས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།