མཚོ་བྱང་ཁུལ་གྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པའི་བརྗོད་དོན་སློབ་གསོའི་སྐུལ་འདེད་ཚོགས་འདུ་འཚོགས།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན། མཚོ་བྱང་ཁུལ་གྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པའི་བརྗོད་དོན་སློབ་གསོའི་སྐུལ་འདེད་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་འོས་འགན་གཙོ་བོ་ནི་ཞིང་ཆེན་ཏང་ཨུའི“ཐོག་མའི་བསམ་འདུན་མི་བརྗེད་པར།། འགན་འཁྲི་ཡིད་ལ་བརྟན་པོར་བཅངས།།”པའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་བདུན་པ་དང་ཁག་གཉིས་པའི་བརྗོད་དོན་སློབ་གསོའི་སྐུལ་འདེད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་རྫོང་སོ་སོའི་བརྗོད་དོན་སློབ་གསོའི་སྐུལ་འདེད་གནས་ཚུལ་དང་། ཁུལ་ཨུའི་མཛུབ་ཁྲིད་ཚན་ཆུང་དང་ཆེད་དོན་བཅོས་སྒྲིག་གི་སྣེ་ཁྲིད་ཚན་པའི་ལས་དོན་ལ་ཉན་ནས་བརྗོད་དོན་སློབ་གསོའི“རྩོམ་ཡིག་ཕྱི་མར”སླར་ཡང་བཀོད་སྒྲིག་དང་། སྐུལ་འདེད་བཅས་བྱ་རྒྱུ་རེད།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཁྲིན་ཏུང་ཁྲང་། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལིས་ཅོན་ཞང་སོགས་ཀྱིས་གནད་དོན་ཞིབ་བཤེར་དང་བཅོས་སྒྲིག་ལག་ལེན་གྱི་བཀོད་སྒྲིག་ལ་ཤུགས་སྣོན་མཛད།

ཉི་མ་སྒྲོལ་མས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས“དོན་ཐོག་ཏུ་འཁྱོལ་བ་བཞི”ལག་ལེན་དམ་འཛིན་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ་དང་། བསམ་བློའི་ངོས་འཛིན་གནད་ལ་འཁེལ་བར་དམ་འཛིན་བྱེད་པ། སློབ་སྦྱོང་མཐའ་འཁྱོངས་བྱེད་པ། གོ་དོན་མཐིལ་རྟོགས་བྱེད་པ་བཅས་ཀྱི་ཐོག་ནས་བརྗོད་དོན་སློབ་གསོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་རྒྱུ་དང་། ཏང་གི་འགན་འཁྲི་དང་ལས་འགན་གྱི་ངོས་འཛིན་ཟབ་ཏུ་གཏོང་བ། ཏང་ལ་འཕྲད་པའི་ཉེན་ཁ་དང་ཚོད་བགམ་གྱི་ངོས་འཛིན་ཟབ་ཏུ་གཏོང་བ། གོམ་གང་མདུན་སྤོས་ཀྱིས་ཕུགས་བསམ་དང་དད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ། ལག་བསྟར་དོན་འཁྱོལ་གྱི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ་དང་། ཞིབ་དཔྱད་ཀྱི་གནད་དོན་གནད་ལ་འཁེལ་བར་དམ་འཛིན་བྱེད་པ་དང་། གཙོ་འཛིན་གྱི་བསམ་བློ་དང་ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིབ་བསྡུར་ནན་ཏན་བྱེད་པ། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་དང་བསྡུར་བ། ཐོག་མའི་འགན་འཁྲི་དང་བསྡུར་བ། སྔོན་ཐོན་དཔེ་མཚོན་དང་ཞིབ་བསྡུར་བྱས་ནས་རང་ངོས་གསར་བརྗེ་བྱེད་པའི་སྙིང་སྟོབས་དང་། ཚད་གཞི་མཐོ་བ་དང་བླང་བྱ་ནན་མོ། གནད་དོན་དངོས་འཚོལ། འབྱུང་རྩ་སྔོག་འདོན་གཏིང་ཟབ། འབད་བརྩོན་གྱི་ཁ་ཕྱོགས་དང་ལེགས་བཅོས་བྱེད་ཐབས་ཁ་གསལ་བཟོ་བ། གནད་དོན་ཐག་གཅོད་ཏན་ཏིག་བཅས་བྱས་ནས་བརྗོད་དོན་སློབ་གསོར་སྔོན་དཔག་གི་གྲུབ་འབྲས་ཐོབ་པར་འགན་ལེན་བྱེད་དགོས་ལ། དག་ཐེར་དོན་འཁྱོལ་ཡག་པོ་བྱས་ནས་ཐོག་མཐའ་བར་གསུམ་དུ“ལེགས་བཅོས”བཟང་བོ་བྱས་ཏེ། ཆེད་དོན་བཅོས་སྒྲིག་དང་། ཕྱོགས་ཡོངས་བཅོས་སྒྲིག་ལ་དམིགས་པ། སྒྲིག་སྲོལ་ལམ་ལུགས་འཛུགས་སྐྲུན་ལ་དམིགས་པ། མིག་སྔའི་ལས་དོན་ལ་དམིགས་པ། ཐོག་མཐའ་བར་གསུམ་དུ་གནད་དོན་ལ་དམ་པོར་དམིགས་པ་དང་། དམིགས་ཚད་ལ་དམིགས་པ། བརྒྱུད་རིམ་ལ་དམིགས་པ། སྒྱུར་བཅོས་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་ཐོག་ནས་བློ་ཐག་ཆོད་པོའི་རྣམ་འགྱུར་དང་འགན་འཁྲི་ནན་པོས་ཁ་བཤད་ལག་བསྟར་དང་། དམ་འཛིན་དངོས་སྒྲུབ། དོན་འཁྱོལ་བཅས་བྱས་ཏེ་གནད་དོན་ཚང་མ་གནད་ལ་འཁེལ་བ་དང་། བྱ་བ་ཚང་མ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། རྩ་འཛུགས་ཀྱི་མགོ་ཁྲིད་གནད་དུ་འཁེལ་བར་དམ་འཛིན་བྱེད་པ་དང་། མགོ་ཁྲིད་ལས་ཁུངས་དང་མགོ་ཁྲིད་ལས་བྱེད་པས་སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་བྱེད་པ། སྔོན་ལ་ལེགས་བཅོས་དང་ལེགས་བཅོས་ཏན་ཏིག་བྱེད་པ་བཅས་བྱས་ནས། གོང་གིས་འོག་ལ་སྣེ་ཁྲིད་ཐུབ་པ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་གི་ངར་ཤུགས་དང་བློ་བརྟན་འགྱུར་མེད་ཀྱིས་ལེགས་བཅོས་བྱེད་པའི་ཆོད་སེམས་སྐུལ་སློང་བྱས་ཏེ། བརྗོད་དོན་སློབ་གསོ་གཏིང་ཟབ་དང་བདེན་པ་བདེན་ཐུབ་ཡོང་བ་དང་། ཏང་ཡོན་མགོ་ཁྲིད་ལས་བྱེད་པ་ཚང་མས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས་མགོ་ཁྲིད་ཀྱི་མཛུབ་སྟོན་འགན་འཁྲི་ཡག་པོ་འཁུར་བ་དང་ཁོངས་གཏོགས་ཚན་པའི་ཏང་རྩ་འཛུགས་ཀྱི་བརྗོད་དོན་སློབ་གསོ་དམ་འཛིན་ཡག་པོ་བྱེད་དགོས་པ་བསྟན།

ཉི་མ་སྒྲོལ་མས་བསྟན་དོན། ཁུལ་དང་རྫོང་རིམ་པ་ཁག་གི་མཛུབ་ཁྲིད་ཚན་ཆུང་གིས་སྤྱོད་ཚུལ་གཏིང་ཟབ་དང་ལྟ་སྐུལ་མཛུབ་སྟོན་ནན་མོ། རང་འགན་གཙང་སྒྲུབ་བཅས་ཀྱི་སྤྱོད་ཚུལ་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ། ཚད་གཞི་ནན་མོ་དང་བླང་བྱ་ནན་མོ། དོན་འཁྱོལ་ནན་མོ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་བརྗོད་དོན་སློབ་གསོའི་གཙོ་གནད་བྱ་ཐབས་ཁག་གི་འགག་སྒོ་ནན་བསྲུངས་བྱས་ནས་གནད་དོན་ཤེས་རྟོགས་བྱུང་ཚེ་ཡོ་བསྲང་བྱེད་ཕོད་པ་དང་། ཞན་ཆ་ཤེས་རྟོགས་བྱུང་ཚེ་ཁ་གསབ་བྱེད་ཕོད་པ་བཅས་བྱས་ནས་བྱ་བ་ནན་སྒྲུབ་བྱེད་དགོས་པ། མཛུབ་ཁྲིད་ཚན་ཆུང་གི་བློ་མཐུན་ཚོས་ངེས་པར་དུ་གཞི་རིམ་དང་འཐབ་ས་དང་བོར་བསྐྱོད་དེ་བརྗོད་དོན་སློབ་གསོའི་འཕེལ་རིམ་གནས་ཚུལ་ཤེས་རྟོགས་དང་། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་དོན་ལ་ཉན་པ། མང་ཚོགས་ཀྱིས་བསམ་བློ་གཏོང་ས་དང་རེ་སྒུག་བྱེད་ས། མི་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བཅས་བྱས་ཏེ་མཐོང་ཐོས་མྱོང་གསུམ་གྱི་དཔྱད་གཞི་ཁོང་དུ་ཆུད་པ་བྱེད་དགོས། རིམ་པ་ཁག་གི་གསར་འགྱུར་དྲིལ་བསྒྲགས་སྡེ་ཁག་གིས་བརྗོད་དོན་སློབ་གསོའི་དམིགས་ཚད་བླང་བྱར་དམ་པོར་དམིགས་ཏེ་བརྗོད་དོན་སློབ་གསོ་སྤེལ་བའི་ཁྱད་ཆོས་དང་གྲུབ་འབྲས། འབུར་ཐོན་གནས་ཚུལ་བཅས་སྔོག་འདོན་ཧུར་ཐག་བྱེད་དགོས། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་གཙོ་རྒྱུན་སྨྱན་སྦྱོར་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པ་དང་གསར་འགྱུར་གྱི་ཁུངས་སྣེ་མཁོ་འདོན་བྱེད་པ། སྨྱན་སྦྱོར་གྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་རང་ཁུལ་གྱི་བརྗོད་དོན་སློབ་གསོའི་གནས་ཚུལ་དང་དོན་དངོས་ཀྱི་ཕན་འབྲས་དུས་ཐོག་ཏུ་མཚོན་པར་བྱེད་དགོས། རྫོང་དང་ཞང་། སྡེ་བ་བཅས་ཀྱི་རིམ་པ་ཁག་གི་རྩ་འཛུགས་ཀྱིས་དབུལ་ཐར་འགག་སྒྲོལ་དང་ནག་སེལ་ངན་འཇོམས་ཀྱི་ཆེད་དོན་འཐབ་རྩོད་སོགས་དྲིལ་བསྒྲགས་དང་ཟུང་འབྲེལ་བྱས་ཏེ་མངོན་གསལ་དོད་པོས་དྲིལ་བསྒྲགས་བྱེད་དགོས།

ཉི་མ་སྒྲོལ་མས་ས་གནས་ཁག་དང་སྡེ་ཁག་ཁག་གིས་སློབ་སྦྱོང་དང་བརྟག་ཞིབ་ཀྱི་གྲུབ་འབྲས་གང་ལེགས་སྤྱད་དེ་ཞིབ་དཔྱད་བསམ་ཞིབ་ཀྱི་གནད་དོན་ལ་དམིགས་ནས་དག་ཐེར་དང་། དོན་འཁྱོལ་བྱས་ཚུལ་དང་འབྲེལ་བ་བྱེད་པའི་རྨང་གཞིའི་ཐོག་ཟླ12པའི་ཟླ་མགོར་རྫོང་རིམ་པ་ཡན་གྱི་མགོ་ཁྲིད་ཚན་ཁག་གིས་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆེད་དོན་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུར་གཅིག་སྡུད་ཐོག་འཚོག་དགོས་པ་དང་། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུའི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས་པ། ལྷག་པར་དུ་ཁུལ་དང་རྫོང་གི་མགོ་ཁྲིད་ཚན་ཁག་དང་དེ་བཞིན་ཁོངས་མིས《ཞིབ་བཤེར་གནད་དོན་གྱི་གསལ་ཐོ》གཞིར་བཟུང་དག་ཐེར་དོན་འཁྱོལ་གྱི་ཇུས་གཞི་བཟོས་ནས། ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་གི་ལྟ་ཞིབ་དབྱེ་ཞིབ་ཀྱི་དཔྱད་ཡིག་བྲིས་ནས་ཞན་ཆ་སེལ་བ་དང་སྤུས་ཚད་མཐོ་བའི་ཐོག་ནས་སློབ་གསོ་སྔར་ལས་ཁྱབ་གདལ་གཏོང་བ་དང་། དག་ཐེར་དོན་འཁྱོལ་སྔར་ལས་གཏིང་ཟབ་བྱེད་པ། གྲུབ་འབྲས་དངོས་སྔར་ལས་མངོན་གསལ་དོད་པ་བཅས་ཀྱི་འགན་ལེན་བྱ་དགོས་པའི་བླང་བྱ་ནན་བཤད་གནང་།

རྫོང་སོ་སོའི་རྫོང་ཨུའི་ཧྲུའུ་ཅི་དང་། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་ཐད་གཏོགས་ལས་ཁུངས་ཁག་གི་ཏང་ཨུ་དང་མི་དམངས་ཚོགས་པ་ཁག་གི་ཏང་ཙུའུ་ཡི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།