ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཟློས་གར་འཁྲབ་སྟོན་བྱེད་སྒོ་དོ་དགོང་ནས་བཟུང་སྤེལ་རྒྱུ་ཡིན་པ།

རང་རེའི་དྲ་བའི་འཕྲིན།  ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་ཆེད། མཚོ་སྔོན་ཞིང་ཆེན་གྱི་རིགས་དང་རིམ་པ་སོ་སོའི་རིག་རྩལ་ཚོགས་པ་དང་རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་མེས་རྒྱལ་ལ་བསྟོད་གླུ་འབུལ་བ་དང་མི་དམངས་ལ་བསྟོད་གླུ་འབུལ་བ། མཚོ་སྔོན་གྱི་ལོ་ངོ70ཡི་འཛུགས་སྐྲུན་ལོ་རྒྱུས་མཚོན་པའི་ཕུལ་བྱུང་ཟློས་གར(དུས་ཆེན)ཁག་གཅིག་བཏོན་ནས་སྤྲོ་སྣང་ལྡན་པའི་རིག་གནས་ཀྱི་རྣམ་པ་ཞིག་བཏོད་པ་རེད། ཞིང་ཆེན་ཡོངས་ཀྱི་རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་གསར་གཏོད་ཉམས་འགྱུར་སྔར་བས་མངོན་པར་བྱ་ཆེད། ཟླ11ཚེས8ཉིན་ནས་བཟུང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70ལོན་པ་དང་། མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་ངོ70ལོན་པར་རྟེན་འབྲེལ་ཞུ་བའི་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཟློས་གར(ལེ་ཚན)འགྲེམས་སྟོན་བྱེད་སྒོ་མཉམ་སྒོས་སྤེལ་རྒྱུ་རེད། 

འཁྲབ་སྟོན་བྱ་འགུལ་ནི“དུས་རབས་གསར་པར་མདུན་སྐྱོད་བྱས་ཏེ་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཟླ་གཅིག་གི་རིང་ལ་སྤེལ་རྒྱུ་ཡིན་པ་རེད། ཟླ11པའི་ཚེས8ཉིན་གྱི་དགོང་མོར། ཞིང་ཆེན་འཁྲབ་སྟོན་ཚོགས་པས《དབྱར་དུས་མེ་ཏོག་བཞག》ཅེས་པ་འཁྲབ་སྟོན་བྱས་ནས་དངོས་སུ་འགོ་བརྩམས་རྒྱུ་ཡིན་པ་དང་། ཟླ11ཚེས11ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པའི《གསེར་མདོག་གི་རེབ་གོང་》ཞེས་པ་སོགས་རིམ་བཞིན་འཁྲབ་སྟོན་བྱ་རྒྱུ་ཡིན་པ་རེད། 

ལོ་ཙཱ་བ།རྟ་མགྲིན་དཔལ།