སློབ་མའི་འཛིན་བདག་གི་མིང་དང་སྐད་འཕྲིན་གྱི་འདྲ་པར་སྤྱད་ནས་ཁྱིམ་བདག16ལ་མགོ་སྐོར་བཏང་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ11པའི་ཚེས4ཉིན། ལི་ཆེ་གེ་མོས་ཟི་ལིང་བྱང་ལམ་མངག་གཏོང་ཁང་གི་ཉེན་རྟོག་པར་ཞུ་རྒྱུར། ཁོ་རང་ཟི་ལིང་གྲོང་ཁྱེར་གྱི་སློབ་འབྲིང་ཆེ་གེ་མོ་ཞིག་གི་ལོ་རིམ་དང་པོའི་འཛིན་བདག་དགེ་རྒན་ཡིན། ཁོས་ཁྱིམ་བདག་རྣམས་ལ་ཁ་བརྡ་བྱེད་པར་སྟབས་བདེ་བྱ་ཆེད། ཁྱིམ་བདག་གིQQཚོགས་པ་ཞིག་བཙུགས། ཉིན་དེའི་ཆུ་ཚོད15སྟེང་། མི་ཆ་མེད་ཞིག་གིསQQཚོགས་པ་ལས་ཁོས(འཛིན་བདག་དགེ་རྒན་ལི།)སྐད་འཕྲིན་གྱི་པར་མགོ་སྤྱད་ནས་ཚོགས་པའི་ནང་དུ“ཁྱིམ་བདག་རྣམ་པ། སྐད་ཡིག་དང་རྩིས་རིག དབྱིན་ཡིག་བཅས་ཀྱི་རྒྱུ་ཆའི་རིན་སྒོར450སློབ་གྲྭར་སྤྲད་དགོས་ཤིང་། ཁྱིམ་བདག་རྣམས་ཀྱིས་སློབ་གྲྭའི་སྐད་འཕྲིན་གྱི་རྩ་གཉིས་ཨང་བཤེར་བརྒྱུད་ནས་སྒོར་མོ་སྤྲད་རྗེས་འདྲ་པར་བླངས་ནས་ང་ལ་སྟོན་རོགས། སློབ་གྲྭའི་གཅིག་གྱུར་གྱི་བརྡ་སྦྱོར་འདི་ངས་ཐོག་མར་རང་འཛིན་གྲྭའི་ཁྱིམ་བདག་རྣམས་ལ་བཏང་བ་ཡིན”ཞེས་བཤད་རྗེས། སྐད་འཕྲིན་གྱི་སྒོར་མོ་ལེན་པའི་རྩ་གཉིས་ཨང་བཤེར་གཉིས་བསྐུར། དེ་འཕྲལ། ཁྱིམ་བདག16ལ་ཁྱོན་བསྡོམས་སྒོར7200ཡིས་མགོ་གཡོག་ཐེབས་པ་རེད། དེ་ནས་འཛིན་བདག་གིས་ཚོགས་པ་ལས་ཁྱིམ་བདག་རྣམས་ལ་མགོ་སྐོར་ཐེབས་པའི་གནས་ཚུལ་ཤེས་རྗེས་མངག་གཏོང་ཁང་ཡར་ཞུ་བྱས། 

ཐེངས་འདིའི་གྱོད་དོན་ཉེ་སྔོན་ཟི་ལིང་གི་སློབ་གྲྭ་ཆེ་གེ་མོ་ནས་བྱུང་བའི་མགོ་གཡོག་གྱོད་དོན་དང་ཤིན་ཏུ་མཚུངས་པས། གྲོང་ཁྱེར་ཅུའུ་ཉེས་དོན་ཉེན་རྟོག་རུ་ཁག་དང་ཞིང་ཆེན་དྲ་རྒྱའི་མགོ་སྐོར་རྡུང་རྡེག་ལྟེ་གནས་དང་མཉམ་འབྲེལ་སྒོས་གྱོད་གཏོར་བྱེད་སྒང་རེད།

གསལ་བརྡ།

1.ལས་སླ་མོའི་ཡིད་ཆེས་མི་བྱེད་པ། ཁྱིམ་བདག་ལ་གོང་གི་གནས་ཚུལ་དང་མཚུངས་པའི་ཁ་པར་འབྱོར་ཚེ། ངེས་པར་དུ་སློབ་གྲྭའི་དགེ་རྒན་དང་འཛིན་བདག་ལ་ཁ་པར་བཏང་ནས་དོན་དངོས་ཡིན་མིན་ཁག་ཐེག་བྱ་དགོས།

2.ནམ་རྒྱུན་སློབ་གྲྭ་དང་འབྲེལ་འདྲིས་མང་པོ་བྱས་ཏེ། གནས་ཚུལ་ཚབ་ཆེན་དུས་ལྟར་སློབ་གྲྭའི་དགེ་རྒན་དང་འཛིན་བདག་ལ་ཡར་ཞུ་བྱ་དགོས།

3.ཁ་པར་ལས་སྒོར་མོ་གླེང་ཚེ་ངེས་པར་དུ་གཟབ་གཟབ་བྱ་དགོས།

གལ་ཏེ་མགོ་སྐོར་ཐེབས་ཚེ་མྱུར་དུ་ཉེན་རྟོག་པར110ཡར་ཞུ་བྱ་དགོས།

ལོ་ཙཱ་བ། ལྷ་ཆེན་རྒྱལ།