【ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོ་སྤེལ་སྐབས】

— ཡུལ་ཤུལ་དུ་ སྒྲོག་འགྲེལ་ཁྱོན་ཡོངས་ལ་ཁྱབ་ནས་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་ས་ཁོངས་ཧྲིལ་པོར་ཁྱབ་པའི“ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོའི་སྒྲོག་འགྲེལ་བྱེད་སྒོ་ཏན་ཏིག་ངང་སྤེལ་ཏེ། ཐོག་མའི་སེམས་འདུན་བློ་ལ་བརྟན་པོར་འཆང་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་གསར་བརྗེའི་གཞི་རྐྱེན་མཐའ་དག་ཏང་ཡོན་ལས་བྱེད་པའི་ཁྲག་རྒྱུན་ཁྲོད་དུ་ཟུག་ཏུ་བཅུག་ནས། བརྗོད་དོན་སློབ་གསོར་སྐུལ་འདེད་ཏན་ཏིག་གཏོང་བར་འགན་ལེན་བྱས་ཤིང་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་པ་རེད།

ཡུལ་ཤུལ་ཁུལ་གྱིས“ཀྲི་པུའུ་དམ་འཛིན་དང་། ཀྲི་པུའུ་བེད་སྤྱོད། ཀྲི་པུའུ་གསོན་པོ། ཀྲི་པུའུ་སྟོབས་ཆེར་གཏོང་བ”བཅས་ཀྱི་བྱ་ཐབས་ནུས་ལྡན་ངང་ཟུང་འབྲེལ་བྱས་ཏེ། ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་གི་དཔེ་སྟོན་སྣེ་ཁྲིད་ཀྱི་དགེ་མཚན་དང་གཞི་རིམ་ཏང་གི་སློབ་གྲྭའི་འགན་ནུས་འདོན་སྤེལ་བྱེད་པར་བརྟེན་ནས། ཆེད་མཁས་པ་དང་མཁས་པ་གདན་དྲངས་བྱས་ནས་དོགས་གཞི་གསལ་འགྲེལ་དང་གཅིག་སྡུད་གསོ་སྦྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། དེ་སྔའི་འགག་རྩའི་སློབ་སྦྱོང་དེ་ཏང་གི་རྩ་འཛུགས་ཚང་མར་རྒྱ་བསྐྱེད་ཡོད། ཁུལ་ཡོངས་ཀྱིས་གཏན་འཁེལ་བྱས་པའི་ཀྲི་པུའུ་ཧྲུའུ་ཅི་ནི་གནད་འགག་ཡིན་པས། ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་ཡོངས་ལ་ཁྱབ་པའི་བརྗོད་དོན་སློབ་གསོའི་སྒྲོག་འགྲེལ་བྱེད་སྒོར་ རིགས་པའི་གཞུང་ལུགས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱས་པ་རེད། སྒྲོག་འགྲེལ་ནང་དོན་སྔར་བས་ཞིབ་ཕྲ་དང་ཞིབ་ཕྲ་ཡོང་བར་སྐུལ་འདེད་བཏང་སྟེ། ཕན་འབྲས་དེ་བྱ་བ་དང་འཚོ་བར་སྔར་ལས་ཉེ་བཅར་ཐུབ་པ་བྱ་དགོས། ཁུལ་ཡོངས་ཀྱི་ཏང་རྩ་འཛུགས་རིམ་པ་ཁག་གིས“ཚོགས་འདུ་གསུམ”དང་བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོ་སོགས་རྩ་འཛུགས་ཀྱི་འཚོ་བར་བརྟེན་ནས། ཀྲི་པུའུ་ཧྲུའུ་ཅིའི་བརྗོད་བྱ་གཙོ་བོའི་སློབ་གསོའི་སྒྲོག་འགྲེལ་བྱེད་སྒོ་གཏིང་ཟབ་སྤེལ་བ། ཁུལ་ཡོངས་ཀྱི་ཏང་ཀྲི་པུའུ882དང་ཏང་ཡོན22508་སྒྲོག་འགྲེལ་ལ་སློབ་སྦྱོང་བྱེད་པར་ཁྱོན་ཡོངས་ལ་ཁྱབ་ཡོད་པ་རེད།

རིམ་པ་ཁག་གི་འགྲེལ་སྦྱོར་ཚོགས་པས་གཞི་རིམ་རྩ་འཛུགས་ཀྱི་འགྲེལ་སྦྱོར་བྱེད་སྟངས་རྨང་གཞིར་བྱས་ཤིང་། “ཉེ་འགྲམ་གྱི་མིས་ཉེ་འགྲམ་གྱི་བྱ་བ་གླེང་བའི”ཞེས་པའི་བྱེད་སྒོ་གཞི་རྟེན་དུ་བྱས་ཏེ། མིག་མཐོང་ལག་ཟིན་དང་སློབ་སྦྱོང་བྱེད་ཐུབ་པའི་དཔེ་མཚོན་བཏོད་དེ། སྙིང་སྟོབས་དང་། རིགས་པའི་གཞུང་ལུགས། གནས་ལུགས་བཅས་གོ་སླ་བ་དང་། མང་ཚོགས་ཅན་དང་ཁྱབ་གདལ་ཅན་དུ་འགྱུར་བ ། “ཡུལ་ཤུལ་གྱི་གཏམ་རྒྱུད”གསོན་ཉམས་ལྡན་པའི་ངང་བརྗོད་པ་དང་། མིག་དཔེའི་སྟོབས་ཤུགས་ལ་བརྟེན་ནས་ཏང་ཡོན་ལས་བྱེད་པས་སྔོན་ཐོན་ལ་སློབ་སྦྱོང་དང་། སྔོན་ཐོན་བརྩོན་ལེན། སྔོན་ཐོན་བྱེད་པའི་སྤྲོ་སེམས་འདོན་སྤེལ་བྱས་པ་རེད།

ལོ་ཙཱ་བ། གཡང་སྐྱིད།