རྐང་ཚའི་ཨ་ཡར་ཁུལ་སྤྱི་གཉེར་ཁང་གིས་བོད་ཀྱི་ཆེས་ཐོག་མའི་ནོར་ཁུལ་གྱི་ཐང་ག་བཞེངས།

2019ལོའི་ཟླ11པའི་ཚེ7ཉིན། ཨ་ཡར་ཁུལ་སྤྱི་གཉེར་ཁང་གི་འཕྲིན་སྟེགས་སུ་བོད་ཀྱི་ཆེས་ཐོག་མའི་ནོར་ཁུལ་ཐང་ག་ཟེར་བ་ཞིག་མཐོང་ནས། སྤྱི་གཉེར་ཁང་གི་སྤྱི་གཉེར་བ་རྡོ་རྗེ་ཚེ་རིང་ལགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ང་རང་གི་ལོ་འདི་དག་གི་རིང་ནོར་ཁུལ་གྱི་ཐོན་རྫས་སྣ་ཚོགས་ཐོན་སྐྱེད་བྱེད་ཀྱིན་ཡོད་མོད། ལྷག་པར་ཐང་ག་འདི་ལ་མཚོན་ན་ཡང་ཐང་གའི་སྒྱུ་རྩལ་གྱི་རིན་ཐང་ཕྱོགས་ནས་བསམ་བློ་གཏོང་མ་མྱོང་ལ། གཙོ་བོ་རང་ལ་སྔར་ཡོད་ཀྱི་དམིགས་ཡུལ་གཅིག་མཚུངས་སྟེ་བོད་ཀྱི་ཐོན་རྫས་གསར་གཏོད་ཤུགས་ཆེ་རུ་གཏོང་ཆེད་དང་ནོར་ཁུལ་གྱི་རིན་ཐང་མཐོ་རུ་གླེང་བ་ལས་ཐོག་མར་ཐང་ག་བཞེངས་བའི་བློ་སློང་ཡུལ་ཡང་དེ་ཡིན་ཟེར། རྒྱུ་མཚན་བོད་ཆོས་ལྡན་གྱི་ཞིང་ཁམས་འདིར་ནོར་ཁུལ་གྱི་ཐང་ག་བཞེངས་བ་ན་ཁོ་ཚོས་ནོར་ཁུལ་གྱི་རིན་ཐང་ཤེས་རྒྱུ་ཕན་པར་འདོད་པས་བསམ་བློ་ཀུན་ཕན་པ་ཞིག་ཀྱང་བྱུང་ཡོད་ས་རེད། འདི་ལྟར་ནོར་ཁུལ་གྱི་ཐང་ག་རེ་བཞེངས་པར་བསམ་བློ་ཐོག་མ་བྱུང་བ་ནས། སྡེ་བའི་བུ་མོ་ཀླུ་མོ་མཚོ་ཡང་རེབ་གོང་ཐང་གའི་སློབ་གླིང་ནས་མཐར་ཕྱིན་ཏེ་ངའི་སྤྱི་གཉེར་ཁང་དུ་ཡོང་རྒྱུའི་རེ་བ་བཤད། ཁོ་མོ་སྤྱི་གཉེར་ཁང་དུ་ཡོང་བ་ན་ལག་རྩལ་དང་འཇོན་ནུས་སོགས་ཕྱོགས་གང་ཐད་ནས་མི་བཟང་རྒྱུ་མེད་པས། འདི་ལྟར་ནོར་ཁུལ་གྱི་ཐང་ག་བཞེངས་བའི་སྟ་གོན་དང་གྲ་སྒྲིག་གང་མང་བྱས་ནས་ཚོད་ལྟ་བྱས།

ལོ་འདིའི་ཟླ་བ5ནས་སྤྱི་གཉེར་ཁང་གི་ཀླུ་མོ་མཚོས་ཐང་ག་བཞེངས་བ་དང་གཞན་ལས་བཟོ་བ་འགའི་ལག་རོགས་བྱས་ནས་ཟླ་ངོ་དྲུག་གི་རིང་ལ་ཁུལ་གསེད་པ་དང་ཁུལ་ཁ་དོག་རྫོག་པ། ཕྱིང་བ་འཇོག་སོགས་ལས་ཀའི་རྒྱུད་རིམ་གང་མང་ཞིག་ནས་ད་བཟོད་ནོར་ཁུལ་གྱི་ཐང་ག་འདི་ལེགས་འགྲུབ་བྱུང་། ཁོས་རྒྱལ་ཁབ་ཕྱི་ནང་གི་ཐང་གའི་དགེ་རྒན་དང་ཐང་ག་ཞིབ་འཇུག་བྱེད་མཁན་ལ་དྲིས་མོད་འདི་ནི་བོད་ཀྱི་ཆེས་ཐོག་མའི་ནོར་ཁུལ་གྱི་ཐང་ག་ཐོག་མ་རེད་ཟེར། ཡང་གཅིག་བཤད་ན་བོད་མི་རིགས་འདི་རྒྱུ་ནོར་དུ་ཉལ་ནས་གསར་གཏོད་དང་བེད་སྤྱོད་ལ་རྨོངས་པའི་རྒྱུ་ལས་སད་རྟོགས་བྱེད་པར་བཞེངས་བ་དང་། ཁོས་བོད་རང་གི་ནོར་དང་ནོར་ཁུལ་ལ་བཅངས་པའི་རེ་བ་དང་བརྩེ་བའི་གྲུབ་འབྲས་ཤིག་ཀྱང་ཅི་ལ་མིན། ཐེངས་འདིའི་ཨ་ཡར་ཁུལ་གྱི་བོད་མི་ལས་བཟོ་བའི་ལག་རྩལ་གྱི་རིག་ལམ་གསར་བ་འདི་ནི་ནོར་ཁུལ་ལས་མ་འོངས་པར་འདི་དང་འདི་མ་ཡིན་པའི་ཐོན་རྫས་གང་མང་ཞིག་གསར་བསྐྲུན་བྱ་ཆོག་པའི་དཔེ་མཚོན་ལྟ་བུར་གྱུར་ཡོད།

 གསར་འགོད་པ། ཚེ་དབང་རིག་འཛིན།