རང་ཞིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་ལ་དར་ཆ་གནང་བའི་མཛུབ་སྟོན་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

— ལིག་ཉིང་ཚོགས་འདུར་ཞུགས་པ་དང་འབྲེལ2019ལོའི་མཚོ་སྔོན་ཞིང་ཆེན་གྱི119མེ་ཟོན་དྲིལ་སྒྲོག་ཟླ་ཡི་བྱེད་སྒོ་སྤེལ་འགོ་ཚུགས་པར་ཁྱབ་སྒྲོག་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལྟངར་ན།སྤྱི་ཟླ11པའི་ཚེས6ཉིན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཧྲིན་ཀྲང་ལིག་ཉིང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་ལ་དར་ཆ་གནང་བའི་མཛུབ་སྟོན་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པའི་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། 2019ལོའི་མཚོ་སྔོན་ཞིང་ཆེན་གྱི119མེ་ཟོན་དྲིལ་སྒྲོག་ཟླ་ཡི་བྱེད་སྒོ་སྤེལ་འགོ་ཚུགས་པ་ཁྱབ་སྒྲོག་བྱས་པ་དང་ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ལིག་ཉིང་གིས་ཐོག་མར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས། འཐབ་ཕྱོགས་དང་པོར་ཡུན་རིང་འབད་འཐབ་བྱེད་མཁན་རྒྱ་ཆེའི་མེ་ཟོན་རོགས་སྐྱོབ་ཀྱི་འཐབ་བཀོད་པ་ཚོར་བླ་ན་མེད་པའི་གུས་འདུད་ཞུས་པ་དང་། མེ་ཟོན་རོགས་སྐྱོབ་བྱ་གཞག་ནང་ཡུན་རིང་ཞུགས་པ་དང་རྒྱབ་སྐྱོར་བྱེད་མཁན་གྱི་སྡེ་ཁག སྤྱི་ཚོགས་ཚོགས་པ། ཁེ་ལས་བཅས་ལ་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་དུས་ཡུན་རིང་པོའི་ནང་མཚོ་སྔོན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་ཉེན་རྟོག་པ་ཡོད་ཚེ་ངེས་པར་དུ་ཐོན་དགོས་པ་དང་། ཉེན་བརྡ་ཐོས་མ་ཐག་བྱ་འགུལ་སྤེལ་བ། མདུན་དུ་གདོང་མཆོང་དང་དཀའ་ཉེན་ལ་མི་སྐྲག་པ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་ཡོང་རྒྱུར་འགན་ལེན་བརྟན་པོ་བྱས་ཡོད་ཅེས་བཤད། ལྷག་པར་དུ་སྒྱུར་བཅོས་དང་ལམ་ལུགས་བསྒྱུར་རྗེས་རྒྱ་ཆེའི་མེ་ཟོན་རོགས་སྐྱོབ་ཀྱི་འཐབ་བཀོད་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་ལ་ལྷག་བསམ་རྣམ་དག་དང་། སྒྲིག་ཁྲིམས་ནན་པོ། གང་ལ་མི་འཛེམ་པར། མི་དམངས་ཀྱི་དོན་དུ་ལྷག་བསམ་རྣམ་དག་བྱེད་པའི”སྤྱིའི་བྱེད་ཕྱོགས་ལག་ལེན་ནན་ཏན་དང་། རང་ངོས་གསར་བཅོས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རང་འགུལ་ངང་ཕྱོགས་སྒྱུར་རིམ་སྤོར་བྱེད་པ། ཧུར་ཐག་སྒོས་རོགས་སྐྱོབ་ཀྱི་འཇོན་ཐང་སྦྱོང་བརྡར་བྱེད་པ། འགན་འཁྲི་དང་འགན་འཁྲི་བསྒྲུབས་ནས་འགན་འཁྲི་གསར་པ་འཁུར་ཕོད་པ་དང་། ལམ་ལུགས་སྒྱུར་བཅོས་སྔར་བས་ཡག་པོ་བྱེད་ཐུབ་པ་བཅས་བྱ་དགོས་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན།ད་ལྟ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། “སྔོན་འགྲོ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་གཙོ་འཛིན་གྱི་བཀའ་སློབ་སེམས་ལ་བརྟན་པོར་བཟུང་ནས་ཉམས་སད་ཐེག་ཐུབ་པའི་དཔུང་ཁག་གཏོད་པ་དང་། ཏང་གི་འགོ་ཁྲིད་གཙང་བཙན་མཐའ་འཁྱོངས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལག་བསྟར་བྱེད་པ་བཅས་བྱས་ཏེ།མི་དམངས་ཀྱི་བདེ་འཇགས་སྲུང་སྐྱོང་གང་ཐུབ་བྱས་ཏེ་བྱ་འགུལ་དངོས་ཀྱི་ཐོག་ནས་ཏང་དང་མི་དམངས་ཀྱི་ཆེད་དུ“མཚན་སྲུང་བ”ཡག་པོ་ཞིག་བྱེད་དགོས་ཟེར།

ཁོང་གིས་་གཙོ་སྐྱོང་གནང་སྐབས་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་མེ་སྐྱོན་སྔོན་འགོག་ཚོད་འཛིན་ལས་དོན་ལ་དམ་འཛིན་ཡག་པོ་བྱ་རྒྱུའི་ཐད་བླང་བྱ་བཏོན་པ་དང་། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་མེ་ཟོན་བདེ་འཇགས་ལ་ཞིབ་འཇུག་བརྡར་གཅོད་དང་། གྲལ་བཤེར། ལྟ་སྐུལ་མཛུབ་ཁྲིད་བཅས་ཀྱི་ཁ་ཆད་གླེང་མོལ་ཐེངས་གཅིག་བྱེད་པ་དང་། ཞབས་འདེགས་མེད་པའི་ས་ཁོངས་དང་ཉེན་ཁ་ཆེ་སར་དམིགས་པ། སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་དང་ལྷུ་ཚིགས་གལ་ཆེན་ལ་དམ་པོར་དམིགས་པ་བཅས་བྱས་ཏེ་མེ་ཟོན་བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་ཉེན་ཁ་སེལ་པའི་བྱ་བ་སོ་སོ་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།

བཞུགས་མོལ་ཚོགས་འདུ་གྲོལ་རྗེས་ལིག་ཉིང་གིས་ཚང་མ་དང་མཉམ་དུ་ཤིན་ཉིང་ཐང་ཆེན་ནས་རང་ཞིང་གི119མེ་ཟོན་དྲིལ་སྒྲོག་ཟླ་ཡི་བྱེད་སྒོའི་བྱེད་སྒོ་སྤེལ་ཡུལ་དུ་རིགས་མི་འདྲ་བའི་མེ་ཟོན་རོགས་སྐྱོབ་རླངས་འཁོར་དང་། སྒྲིག་ཆས་ཡོ་བྱད། མེ་ཟོན་རྒྱུན་ཤེས་འགྲེམས་སྟོན་སོགས་བྱས་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།