【ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་ལས་མཚོ་སྔོན་འཐུས་ཚབ་ཚོང་ཚོགས་ཀྱི་གནས་ཚུལ།】

— རང་ཞིང་གི་ཁེ་ལས་ཀྱིས་ཧྲང་ཧེའི་ནང་འདྲེན་དངོས་མང་འགྲེམ་ཚོགས་སྟེང་ཐོག་མའི་གྲུབ་འབྲས་བླངས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཚོང་ལས་གོ་སྐབས་འཚོལ་བའི་སྟེང་མཉམ་ལས་རོགས་ཟླ་དང་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་ཚོང་དོན་སྦྲེལ་མཐུད་ཀྱི་སྦྲེལ་ཟམ་བཙུགས་པས། མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ཀྱིས་ཧྲང་ཧའེ་ནང་འདྲེན་དངོས་མང་འགྲེམ་ཚོགས་ཐོག་གྲུབ་འབྲས་བཟང་པོ་བླངས་པ།

ཟླ11པའི་ཚེས6ཉིན། སྐབས་གཉིས་པའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་ཀྱི་སྒོ་འབྱེད་རྣམ་པའི་མཉམ་ལས་ལས་སྟེགས་གང་ལེགས་སྤྱད་དེ། མཚོ་སྔོན་ཞིང་ཆེན་གྱི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏང་ཆེད། མཚོ་སྔོན་ཉོ་ཚོང་ཚོགས་པའི་ཁེ་ལས་ཀྱི་གན་འཇོག་མཛད་སྒོ་དེ་རྒྱལ་ཁབ་འགྲེམ་ཚོགས་ལྟེ་གནས(ཧྲང་ཧའེ)རུ་འཚོགས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་པ་རེད།

གན་འཇོག་མཛད་སྒོའི་ཐོག་ནུབ་རྒྱུད་གཏེར་ལས་མ་རྐང་ཚད་ཡོད་ཀུང་སི་དང་། ཐུའོ་ཁེ་ཚོང་དོན་ཚད་ཡོད་ཀུང་སིའི་འཐུས་མི། མཚོ་སྔོན་བྱང་གྲོང་ཆུས་བདུན་གྱི་ཚོང་ལས་གཉེར་སྐྱོང་དོ་དམ་ཚད་ཡོད་ཀུང་སི། དབྱི་མན་རུའེ་ཀྲུའུ་ཧྲི་ཚོགས་པའི་འཐུས་མི་བཅས་གར་སྟེགས་སུ་བུད་ནས་ཟངས་གཏེར་སྤུས་དག་དང་བཟའ་བཅའ་ཉོ་སྒྲུབ་ཀྱི་གན་རྒྱ་བཞག་པ་དང་། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ་དང་ཞི་མེན་ཙི་སྨན་བཅོས་ཀུང་ཟིའི་འཐུས་མི། མཚོ་སྔོན་ཉོ་ཚོང་ཚོགས་པའི་འཕྲོད་བསྟེན་ཡན་ལག་ཚོགས་པ་དང་ཀུན་སྤྱོད་གློག་ཆས་ཀུང་སིའི་འཐུས་མིས་སྟེགས་བུའི་ཐོག་སྨན་བཅོས་ཡོ་བྱད་ཉོ་སྒྲུབ་གྲོས་མཐུན་བཞག།

“ནང་འདྲེན་དངོས་མང་འགྲེམ་ཚོགས་ནི་ཉོ་ཚོང་གན་རྒྱ་འཇོག་པའི་སྟེགས་བུ་ཞིག་ཡིན་པ་མ་ཟད། འཛམ་གླིང་ལ་ཁ་ཕྱོགས་པ་དང་འཛམ་གླིང་ལ་རྒྱུས་ལོན་བྱེད་པའི་སྟེགས་བུ་ཞིག་ཀྱང་རེད། ཕྱི་རྒྱལ་གྱི་ཁེ་ལས་དང་མཉམ་ལས་གཉིས་ཕན་གྱི་དཔལ་འབྱོར་ཚོང་དོན་རོགས་ཟླའི་འབྲེལ་བ་བཙུགས་པ་བརྒྱུད་ནས། ཁེ་ལས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་མཁོ་འདོན་ཐུབ་རྒྱུ་རེད་ཅེས་བཤད།

མཚོ་ཤར་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་ཡོན་ཀྲང་ཀྲོའུ་ཅན་པང་གིས་གན་རྒྱ་མ་བཞག་གོང་ཤིས་མོན་ཙེ་སྨན་བཅོས་ཀུང་སི་དང་སྦྲེལ་མཐུད་བྱས་ཡོད། ད་ཐེངས་གན་རྒྱ་བཞག་པ་གཙོ་བོ་ནི་སྨན་བཅོས་ཡོ་བྱད་ཉོ་བ་དང་སྔོན་ཐོན་གྱི་སྨན་བཅོས་སྒྲིག་ཆས་ནང་འདྲེན་བྱས་པས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ས་གནས་དེ་གའི་སྨན་བཅོས་ཆུ་ཚད་མཐོ་རུ་གཏང་རྒྱུ་རེད་ཟེར།

ཐེངས་འདིའི་གན་འཇོག་མཛད་སྒོ་ནི་རང་ཞིང་གིས་སྐབས་གཉིས་པའི་ནང་འདྲེན་དངོས་མང་འགྲེམ་ཚོགས་རིང་འཚོགས་པའི་བྱེད་སྒོ་གལ་ཆེན་ཞིག་ཡིན་པ་དང་། གྲོས་མཐུན་བཞག་པ་དེས་རང་ཞིང་གི་གཙོ་གནད་ཁེ་ལས་དང་དོན་ལས་ཚན་པ་དང་སིང་ཀ་ཕོར་དང་། འཇར་པན། འཇར་མན། ཨ་རི་སོགས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏང་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། གཡང་སྐྱིད།