མཚོ་ཤར་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་ཁོར་ཡུག་སྦགས་བཙོག་འགོག་བཅོས་ལ་ཤུགས་བསྣན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ད་ལོའི་ཚུན་དུ། མཚོ་ཤར་གྲོང་ཁྱེར་གྱིས་ཁོར་ཡུག་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བྱས་ནས་རླུང་ཁམས་ཆེན་པོ་དང་། ཆུ། གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་སོགས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ལྟ་ཞིབ་ཁྲིམས་འཛིན་ནན་པོ་བྱས་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལ་ནུས་ཤུགས་ཡོད་རྒུས་ཤུགས་བསྣན་ནས་གྲོང་ཁྱེར་ཡོངས་ལ་དག་གཙང་གི་ཁོར་ཡུག་བསྐྲུན་པ་རེད།

ཤེས་གསལ་ལྟར་ན། ད་ལོར། གྲོང་ཁྱེར་ཡོངས་ཀྱིས་རྒྱལ་ཁབ་ཀྱི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར1.58བརྩོན་ལེན་བྱས། དེའི་ཁྲོད། ཆུའི་སྦགས་བཙོག་གི་ཆེད་དོན་མ་དངུལ་སྒོར་ཁྲི1500དང་། རླུང་ཁམས་ཆེན་མོའི་ཆེད་དོན་མ་དངུལ་སྒོར་ཁྲི2022། ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཆེད་དོན་མ་དངུལ་སྒོར་དུང་ཕྱུར1.23ཡོད་དེ། གནམ་སྔོན་པོ་དང་ཆུ་དྭངས་མོ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། སྦགས་བཙོག་འགོག་བཅོས་དང་སྐྱེ་ཁམས་སླར་གསོའི་བཟོ་སྐྲུན། ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་བྱ་བའི་ཐད་བཀོལ་བ་རེད།

རྫོང་རིམ་པའི་འཐུང་ཆུའི་ཚད་ལྡན་ཅན་འཛུགས་སྐྲུན་ཐད། ད་ཆར་གྲོང་ཁྱེར་ཡོངས་ཀྱིས་སྲུང་སྐྱོང་ཁུལ་ཁྱབ་ཁོངས་ཀྱི་རྫོང་རིམ་པའི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་མགོ8ཡོད་པ་དེའི་ནང་ས་ངོས་ཀྱི་ཆུའི་རྣམ་པ་དང་ས་འོག་གི་ཆུའི་རྣམ་པ2ཡོད་པ་རེད། 2018ལོར་ཁྱོན་བསྡོམས་ཁོར་ཡུག་གི་ནད་དོན27ཞིབ་བཤེར་ཐག་གཅོད་བྱས་ཤིང་། ད་ཆར་གནད་དོན25དག་ཐེར་བྱས་པ་དང་གནད་དོན2དག་ཐེར་བྱེད་བཞིན་པའི་སྒང་རེད།

གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་ཆེད། ད་ལོ་མཚོ་ཤར་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་གཞིའི་མ་དངུལ་སྒོར་དུང་ཕྱུར1.23བརྩོན་ལེན་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོ303ལ་འཚོ་བའི་བཙོག་ཆུ་དང་འཚོ་བའི་གད་སྙིགས་གཅིག་སྡུད་བསྡུ་རུབ་སོགས་ཀྱི་ལས་གཞི་ལག་ལེན་བསྟར་ནས། གྲོང་གསེབ་ཀྱི་ས་ཚིགས43བསྐྲུན་པས་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་ཇེ་ལེགས་སུ་ནུས་ལྡན་ཕྱིན་ཡོད་པ་རེད། དེ་དང་ཆབས་ཅིག མཚོ་ཤར་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་ཀ་སྤེལ་ནས། གཙོ་གནད་ས་ཁོངས་ནང་གི་རིགས་མི་འདྲ་བའི་ཁྲིམས་འགལ་བརྡ་ཁྱབ་དང་། སྒྲིག་འགལ་ཨར་སྐྲུན། ཁོར་ཡུག་འཕྲོད་བསྟེན་བཅས་དང་། དེ་བཞིན་གྲོང་ཁྱེར་གྱི་རྣམ་པ་ཁྱོན་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་བྱས་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་རྣམ་པ་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་ཡོད་པ་རེད། 

ལོ་ཙཱ་བ། ཀླུ་མོ།