དབུས་ལམ་རྫོང་གིས་སྲིད་གྲོས་བྱ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པའི་འཚོལ་ཞིབ་ཕན་འབྲས་ཇེ་མཐོར་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། དབུས་ལམ་རྫོང་སྲིད་གྲོས་ཀྱིས་རྫོང་ཡོངས་ཀྱི་ལྟེ་བའི་བྱ་བར་དམ་པོར་དམིགས་ནས་རང་འགུལ་ངང་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་མོལ་བཅས་ཀྱི་འགན་ནུས་གསར་གཏོད་དང་ལག་བསྟར་བྱེད་པའི་ཐད་འཚོལ་ཞིབ་དང་ཚོད་ལྟ་ཧུར་ཐག་བྱས་ཡོད། 

རང་བརྟེན་ཕན་འབྲས་ཆེར་གཏོང་གི་བྱ་བར་སྐུལ་འདེད་བཏང་བ་ནས་བཟུང་། དབུས་ལམ་རྫོང་སྲིད་གྲོས་ཏང་ཙུའུ་ཡིས་ཚད་མཐོའི་མཐོང་ཆེན་བྱས་ཤིང་། དོན་དངོས་དང་ཟུང་འབྲེལ་བྱས་ཏེ《དབུས་ལམ་རྫོང་སྲིད་གྲོས་ཀྱིས་ལོ་གསུམ་གྱི་ལས་འགུལ་སྤེལ་ནས2019ལོའི་བྱ་སྤྱོད་སྤེལ་བའི་ལག་བསྟར་ཇུས་གཞི》ཞིབ་འཇུག་བྱས་ནས་བཟོས་པ་དང་མཛུབ་ཁྲིད་བསམ་བློ་དང་། ལས་ཀའི་ལས་འགན། ལས་ཀའི་མྱུར་ཚད། ལས་ཀའི་བླང་བྱ་བཅས་ཁ་གསལ་བཟོས་ཡོད། སློབ་ཁྲིད་གཉིས་དང་སྒྲུབ་པ་གཅིག་གི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། ཏང་ཙུའུ་གཅིག་སྡུད་སློབ་སྦྱོང་དང་། ལས་ཁུངས་མཉམ་སྡེབ་སློབ་སྦྱོང།ཞིབ་བསྡུར་སློབ་སྦྱོང། ཟུར་ཁྲིད་གསོ་སྦྱོང་། རང་སྦྱོང་སོགས་ཀྱི་ཐབས་ལམ་སྣ་ཚོགས་སྤྱད་དེ་སློབ་སྦྱོང་བྱས་པ་རེད།ད་ཆར། ཏང་ཙུའུ་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་ཐེངས12བྱས་ཤིང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སློབ་སྦྱོང་ཐེངས4བྱས་པ། ཨུ་ཡོན་གྱིས་སློབ་སྦྱོང་ཐེངས3བྱས་པ། ལས་ཁུངས་ཀྱིས་གཅིག་སྡུད་སློབ་སྦྱོང་ཐེངས40ལྷག་ཙམ་བྱས་པ་རེད། 

དབུས་ལམ་རྫོང་སྲིད་གྲོས་ཀྱི་ཀྲུའུ་འེ་མེང་གིས། “ང་ཚོས་བྱེད་ཐབས་སྣ་ཚོགས་སྤྱད་དེ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ལས་རིགས་ཁག་གི་ཨུ་ཡོན་ཚོའི་བསམ་བློའི་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྒྲིལ་བྱེད་པ་དང་། ཆེད་དོན་ཨུ་ལྷན་གསུམ་བཙུགས་ནས་འགན་འཁྲི་སྒྲུབ་པའི་རྨང་གཞི་སྔར་བས་ཇེ་བརྟན་དུ་བཏང་བ། དབུལ་ཐར་འགག་སྒྲོལ་དང་། མི་རིགས་མཐུན་སྒྲིལ། ནག་འཇོམས་ངན་སེལ་སོགས་ཀྱི་ལས་དོན་ཁྲོད་སྲིད་གྲོས་ཨུ་ཡོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུར་ཁྲིད་སྟོན་བྱས་པ་མ་ཟད། ཕན་འབྲས་ཀྱང་ལེགས་ཙམ་ཐོབ་ཡོད། ཞིང་ཆེན་ཕྱི་ནང་གི་སྤུན་ཟླའི་ཚན་པ་དང་མཉམ་ལས་ཧུར་ཐག་བྱས་ནས། གྲོས་གཞི་གྲོས་མོལ་ཐག་གཅོད་བྱེད་སྟངས་གསར་གཏོད་བྱས་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་ཆ་ཆེ་བ་དང་དཀའ་གནད་ཆེ་བའི་གནད་དོན་ཁག་ཅིག་ཐག་གཅོད་བྱས་ཡོད་ཟེར།

ལོ་ཙཱ་བ། ཀླུ་མོ།