མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་མང་ཚོགས་ལ་སྤུས་ལེགས་སྟབས་བདེ་ཡི་ཞབས་ཞུ་འདོན་སྤྲོད་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ད་ལོའི་ཟླ6པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ནུས་ཤུགས་ཡོད་རྒུས་གཏན་འགོག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་མ་ལག་གི་སྤྱོད་གཙང་འཛུགས་སྐྲུན་ཟབ་སྤེལ་དང་། གནད་དོན་མཛུབ་སྟོན་དང་དམིགས་འབེན་མཛུབ་སྟོན་རྒྱུན་འཁྱོངས་བྱས་ཤིང་། མང་ཚོགས་ཀྱིས་ཆེས་དོ་ཁུར་བྱེད་པ་དང་དོན་དངོས་ཀྱི་ཁེ་ཕན་གནད་དོན་གཅིག་བསྡུས་སྒོས་ཐག་གཅོད་བྱས་ཏེ། མང་ཚོགས་ལ་སྤུས་ལེགས་དང་སྟབས་བདེ་ཡི་ཞབས་ཞུ་འདོན་སྤྲོད་བྱས་པ་རེད།

“གཏོང་བ། དོ་དམ། ཞབས་ཞུ”ཡི་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏང་བ་དང་། གཏན་འཁེལ་བདེན་འཛིན་མེད་པའི་སྲིད་འཛིན་ཞིབ་མཆན་དོན་ཚན་ཕྱོགས་ཡོངས་ནས་མེད་པར་བཟོས་ཏེ། རང་ཞིང་གི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱི་སྲིད་འཛིན་ཞིབ་མཆན་དོན་ཚན་ཁག9ཡི་གསལ་ཐོ་དང་། སྤྱི་པའི་ཞབས་ཞུའི་དོན་ཚན152ཀྱི་གསལ་ཐོ་དང་ཞབས་ཞུའི་ཕྱོགས་སྟོན་ཡོངས་བསྒྲགས་བྱས། ཆ་འཕྲིན་ཅན་དང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་སྟེ། “སྦྲེལ་དྲ+མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང”གི་ཆུ་ཚད་ཤུགས་ཆེན་པོས་མཐོ་རུ་གཏོང་བ་དང་གཞི་གྲངས་མཉམ་སྤྱོད་ལ་སྐུལ་འདེད་བྱས་ཏེ། མང་ཚོགས་ཀྱིས་དོན་དག་སྒྲུབ་པའི་ལས་ཆོད་མཐོ་རུ་བཏང་ཡོད་པ་རེད།


སྤྱི་ཚོགས་འགན་བཅོལ་ཞབས་ཞུའི་མཐའ་སྣེ་བཀོད་སྒྲིག་ཁྱབ་ཁོངས་རྒྱ་ཆེར་བཏང་ནས། ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྒྲིག་གཞིའི་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་པ་དང་གློག་རྡུལ་སྤྱི་ཚོགས་འགན་སྲུང་བྱང་བུ་ཁྲི2.3ལ་ཆོག་མཆན་བཀོད་ནས་སྤྲད་པ་རེད། “སྒེའུ་ཁུང་གཅིག་ཀུན་ཁྱབ”དང“དྲ་གཅིག་ཀུན་ཁྱབ”ལ་སྐུལ་འདེད་བཏང་ནས་ཞབས་ཞུ་བྱ་ཡུལ་དང་། ལྷག་པར་དུ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ལས་ཞུགས་ཁྱབ་ཁོངས་ཀྱི་སྤྱི་པའི་ཞབས་ཞུ་སྣ་ཚོགས་ཐད་ལས་ཆོད་ཆེ་རུ་ཕྱིན་ཡོད་པ་རེད།

མི་སྤྱི་སྡེ་ཚན་གྱི་སྤྱོད་ཚུལ་འཛུགས་སྐྱོང་གི་མངོན་བཤེར་ལྐོག་ཞིབ་རྒྱུན་མཐུད་ངང་སྤེལ་ནས། གནད་དོན་བརྡ་ཁྱབ་བཏང་བ་དང་མངོན་གསལ་དོད་པའི་གནད་དོན་ལ་དམ་པོར་དམིགས་ནས་ཆེད་དོན་བཅོས་སྒྲིག་བྱས་པ་རེད། ལས་དོན་མི་སྣར་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ལས་སྒོའི་རྩལ་ནུས་དང་ལས་ཀའི་ཆུ་ཚད་མཐོ་རུ་བཏང་སྟེ་མི་དང་སྤྱི་ཚོགས་ཀྱི་ལས་བྱེད་ལས་བཟོ་ཚང་མའི་ལྟ་སྐུལ་ཐེར་འདོན་བྱེད་ལམ་ཤར་གཏོང་བྱས་ནས། ལས་ཁུངས་དང་བྱ་གཞག་ཚན་པ་དང་དེ་བཞིན་གྲོང་ཁྱེར་དང་ཁུལ་རིམ་པ་མན་གྱི་སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཞིབ་ཕྲའི་བླང་བྱ་བཏོན་ནས་ལས་རིགས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།


ལོ་ཙཱ་བ། ལྷ་ཆེན་རྒྱལ།