གཏམ་བཟང་འདི་དག་ཟླ11པ་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

གཅིག ཟླ11པའི་ཚེས1ཉིན་ནས་བཟུང་། ཁྲག་ཚད་མཐོ་བ་དང་གཅིན་སྙི་ཟ་ཁུ་ནད་པའི་སྨན་རིན་གྱི50%རྒྱལ་ཁབ་ཀྱིས་སྨན་བཅོས་འགན་ལེན་བྱ་རྒྱུ་རེད།

གཉིས། ཟླ11པའི་ཚེས1ཉིན་ནས་བཟུང་། “པར་གཞི་གསར་པའི་ཁྲལ་འཇལ་ཞབས་ཞུ་ཚད་ལྡན”ལག་བསྟར་བྱས་ཏེ། བདེན་དཔང་རྒྱུ་ཆ70ལྷག་ཡར་སྤྲད་མི་དགོས་པར། འགྲོ་ལུགས148“ཐེངས་གཅིག”གིས་བསྒྲུབ་ཆོག

གསུམ། ཟླ11པའི་ཚེས1ཉིན་ནས་བཟུང་། དེ་སྔ་ཞིབ་བཤེར་ཐོ་འགོད་བྱས་ཟིན་པའི་མཛེས་འཆོས་བྱུག་རྫས་ཚོང་གཉེར་གྱི་མིང་སྤྱད་ནས་ཡང་བསྐྱར་བྱུག་རྫས་གཞན་པ་ཐོ་འགོད་བྱ་མི་ཆོག

བཞི། ཟླ11པའི་ཚེས1ཉིན་ནས་བཟུང་། དྲ་རྒྱའི་སྟེང་ནས་སྒོར་མོ་སྤྲོད་པ་དང་དྲ་ཐོག་ནས་ཚོང་རྒྱག་པ། དྲ་རྒྱའི་རྩེད་ཆས་སོགས་སྤྱོད་མཁན་གྱི་ཆ་འཕྲིན་ཕྱིར་བསྒྲགས་ན་དྲ་རྒྱ་འདོན་མཁན་གྱིས་ཁྲིམས་འགན་འཁུར་དགོས།

ལྔ། རྒྱལ་ཡོངས་ནས་དེ་སྔའི་རང་གི་ཁ་པར་ཨང་གྲངས་སྤྱད་ནས་དྲ་སྒྱུར་བྱ་ཆོག (携号转网)

དྲུག ཟླ11པའི་ཚེས1ཉིན་ནས་བཟུང་། ཚོང་རྟགས་ཐོ་འགོད་ཀྱི་སྒྲིག་རིམ་གསར་པ་ལག་བསྟར་བྱ་རྒྱུ་རེད།

བདུན། ཟླ11པའི་ཚེས15ཉིན་ནས་བཟུང་། དུར་མཆོད་སྐབས་སུ་དམངས་སྒོར་གྱི་དཔེ་རིས་དཔར་ཡོད་པའི་ཤོག་བུ་སོགས་མེར་བསྒྲོན་མི་ཆོག

བརྒྱད། ཟླ11པའི་ཚེས1ཉིན་ནས་བཟུང་། བཟོ་བཅོས་བྱས་པའི《འགྲུལ་སྐྱེལ་རླངས་འཁོར་ས་ཚིགས་ཀྱི་བདེ་འཇགས་ཐོན་སྐྱེད་སྒྲིག་གསར》ལག་བསྟར་བྱས་ཏེ། འགྲུལ་པས་ཉེན་སྲུང་སྒྲོག་ཐག་བརྒྱབ་མེད་ཚེ་རླངས་འཁོར་ས་ཚིགས་ལས་ཕྱིར་འབུད་བྱས་མི་ཆོག

དགུ། རླངས་འཁོར་གྱིOBDམ་ལག་ཚད་གཞི་དང་མ་ལོན་ཚེ་ལོ་མཇུག་གི་རླངས་འཁོར་ཞིབ་བཤེར་ལ་ཆོག་འཐུས་མི་ཐོབ་པ་རེད།

བཅུ། ཟླ11པའི་ཚེས1ཉིན་ནས་བཟུང་། མཚོ་སྔོན་གྱིས་དབུལ་ནག་ས་ཁུལ་གྱི་དབུལ་པོའི་རོགས་སྐྱོར་སྲིད་ཇུས་ཇེ་ལྷོད་དུ་གཏང་རྒྱུ་རེད།

བཅུ་གཅིག ཟླ11པའི་ཚེས1ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཡོངས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་བོགས་གཏོང་ཁ་གསབ་སྤྲོད་པའི་བྱ་བ་ཁྱོན་ཡོངས་ནས་སྤེལ་རྒྱུ་རེད།

བཅུ་གཉིས། ཟླ11པའི་ཚེས1ཉིན་ནས་བཟུང་། མཚོ་སྔོན་ནས་པེ་ཅིང་བར་ལ་ཐད་གཏོང་གནམ་གྲུར་བསྡད་ཆོག

ལོ་ཙཱ་བ། ལྷ་ཆེན་རྒྱལ།