【མཚོ་སྔོན་པོ་གནས་ལྗོངས་དོ་དམ་ཅུའུ】སྐྱེ་ཁམས་ཁོར་སྲུང་ལ་སྐུལ་འདེད། བརྗོད་དོན་སློབ་གསོ་ལ་ཁག་ཁུར།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། “ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོའི་བྱ་བ་སྤེལ་ཚུན་དུ། མཚོ་སྔོན་པོ་གནས་ལྗོངས་དོ་དམ་ཅུའུ་ཡིས“སྔོ་ཞིང་ལྗང་བའི་རི་ཆུ་རིན་ཆེན་གསེར་ལས་ལྷག་ཡིན”ཞེས་པའི་འདུ་ཤེས་ཧུར་བསྐྱེད་སྒོས་ལག་བསྟར་བྱས་ཏེ། མཚོ་སྔོན་པོ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གནས་བབས་ལ་སྦྱར་ནས། སློབ་སྦྱོང་དང་ཞིང་བཤེར། དག་ཐེར་བཅས་བྱེད་ཞོར་དུ་བརྗོད་དོན་སློབ་གསོ་རིམ་ལྡན་སྒོས་སྤེལ་ཞིང་། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་སྲུང་བྱ་བར་གྲུབ་འབྲས་ལེགས་པོ་ཞིག་ལེན་ཐུབ་པར་འགན་ལེན་བྱས་པ་རེད།

དངུལ་གཏོང་ཚད་ཆེ་རུ་བཏང་སྟེ། སྐྱེ་ཁམས་ཁོར་སྲུང་གི་རྨང་གཞི་སྲ་བརྟན་དུ་གཏོང་བ། མ་དངུལ་སྒོར་ཁྲི192བཏང་སྟེ་བཙོག་ཆུ་འདོན་པའི་སྒྲིག་ཆས་དང་བཙོག་ཆུ་ཕྱིར་སྐྱེལ་པ་སོགས་ཀྱི་བྱེད་ཐབས་བརྒྱུད། མཚོ་སྔོན་པོའི་གནས་ལྗོངས་རྣུ་ལྕེ་ཡི་བཙོག་ཆུ་གཙང་བཟོ་ཁང་གི་ལྟ་ཞིབ་བརྙན་མིག་སྒྲིག་ཆས་དང་གཞི་གྲངས་གནད་དོན་སོགས་ཐག་གཅོད་བྱེད་ཐུབ་པ་བྱུང་།

ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་བསྣན་ཏེ། སྐྱེ་ཁངས་ཡུལ་སྐོར་ཁོར་ཡུག་ལེགས་བཅོས་བྱེད་པ། ས་གནས་སྲིད་གཞུང་དང་འབྲེལ་ཡོད་སྡེ་དག་དང་མཉམ་འབྲེལ་སྒོར་ཁོར་ཡུག་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཁྲིམས་སྐྱོང་བྱ་བ་རྒྱུན་མཐུད་ཀྱིས་སྤེལ་ཏེ། ཁྲིམས་ལྟར་སྒྲིག་འགལ་ངང་བྱེ་བགྲོད་འཕྲུལ་རྟས་ཚོང་གཉེར་བྱེན་མཁན2འཛིན་བཟུང་བྱས་ཤིང་། བྱེ་བགྲོད་འཕྲུལ་རྟ18གཞུང་བཞེས་བྱས། སྒེར་ནས་བཙུགས་པའི་གནས་ལྗོངས་ལ་ལྟ་སྐོར་བྱེད་སའི་སྟེགས་བུ2དང་ཚོན་ཁྲ་ཅན་གྱི་སྒོ1བཅས་བཤིག་ནས་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་ནན་གྱིས་བསྒྲུབས་པ་རེད།

སློབ་གསོ་དྲིལ་སྒྲོག་ཟབ་སྤེལ་དང་སྐྱེ་ཁམས་ཁོར་སྲུང་གི་སྣང་ཚུལ་བཟང་པོ་ཞིག་བསྐྲུན་པ། “མཚོ་སྔོན་པོར་སྲུང་སྐྱོབ་བྱེད། ང་ནི་དང་བླངས་པ་ཡིན”ཞེས་པའི་ལས་འགུལ་ཟབ་སྤེལ་བྱས་ཏེ། མང་ཚོགས་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་པའི་ལས་འགུལ་ཁྲོད་ཞུགས་པའི་འདུ་ཤེས་ཇེ་མཐོར་བཏང་། དྲིལ་སྒྲོག་སྐབས་སུ། ཁྱོན་བསྡོམས་དྲིལ་སྒྲོག་བྱ་འགུལ་ཐེངས30སྤེལ་ཞིང་དྲིལ་སྒྲོག་རྒྱུ་ཆ་སོགས10000ལྷག་བཀྲམས་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།