ཟི་ལིང་སྤྱི་བདེ་ཅུའུ་ཡིས་དུག་རྫས་གྱོད་དོན་ཚབས་ཆེན་ཞིག་རྩད་ཆོད་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་དཀྱིལ་ཡན་ལག་ཅུའུ་ཡིས་ཞིབ་ཚགས་སྒོས་མྱུལ་ཞིབ་དང་རང་འགུལ་སྒོས་ཕར་རྒོལ། མཉམ་འཐབ་བཅས་ཀྱི་སྒོ་ནས་ཟླ་ཕྱེད་རིང་ལ་དུག་རྫས་སྐྱེལ་འདྲེན་གྱི་གྱོད་དོན་ཚབས་ཆེན་ཞིག་གཏོར་ནས། ཉེས་ཅན་མི་སྣ6འཛིན་བཟུང་བྱས་ཤིང་དུག་རྫས་ཁེ5616.4ལག་ཏུ་ཐོབ་པ་རེད།

ད་ལོའི་ཟླ9པའི་ཟླ་མཇུག་ལ། མཁར་དཀྱིལ་སྤྱི་བདེ་ཡན་ལག་ཅུའུ་དུག་འགོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་བྱ་བའི་ཁྲོད་རྒྱུས་ལོན་པ་ལྟར་ན། དོག་ཡོད་ཉེས་ཅན་ཞིག་གིས་རང་རྒྱལ་གྱི་ལྷོ་ནུབ་ས་ཁུལ་གྱི་དུག་རྫས་འབོར་ཆེན་རང་ཞིང་གི་གྲོང་ཁྱེར་ཆེ་གེ་མོར་སྐྱེལ་འདྲེན་བྱེད་བཞིན་པའི་གནས་ཚུལ་ཤེས་རྗེས། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་དུས་ལྟར་ཞིབ་བཤེར་དང་ཆ་འཕྲིན་གྱི་ཁུངས་སྣེ་དོན་དངོས་ཡིན་པ་གཏན་འཁེལ་བྱས། གྱོད་དོན་བདེ་བླག་ངང་གཏོར་ཐུབ་ཆེད། མཁར་དཀྱིལ་ཁུལ་སྤྱི་བདེ་ཅུའུ་ཡིས་དུས་ལྟར་ཉེན་རྟོག་དམག་ཤུགས་ཆེ་རུ་བཏང་སྟེ་དུག་འགོག་ཚན་ཆུང་བཙུགས་ཤིང་། ཚང་མོན་སྲང་ལམ(仓门街)གྱི་མངག་གཏོང་ཁང་སྐོར་ཞིབ་ཉེན་རྟོག་རུ་ཆེན་གྱིས་མྱུལ་ཞིབ་ཚན་ཆུང་བཙུགས་ནས་ཤུགས་ཆེན་པོས་རམ་འདེགས་བྱས་པ་རེད།

ཟླ་ཕྱེད་རིང་གི་མྱུལ་ཞིབ་དང་རྟོག་ཞིབ། གནས་སྡོད་བཅས་བྱས་མཐར་ཟླ10པའི་ཚེས9ཉིན། མཚོ་སྔོན་ནས་ཉེས་ཅན་མི་སྣ6འཛིན་བཟུང་བྱས་ཤིང་ཡུལ་དངོས་ནས་དུག་རྫས་ཁེ5616.4ལག་ཏུ་ཐོབ། དེ་རྗེས་སུ་མཁར་དཀྱིལ་ཁུལ་སྤྱི་བདེ་ཡན་ལག་ཅུའུ་ཡིས་ཞིང་ཆེན་ཕྱིའི་འཐབ་ཇུས་ལ་རམ་འདེགས་བྱས་པ་བརྒྱུད། ཟླ10པའི་ཚེས22ཉིན། ཐེངས་འདིའི་གྱོད་འབྲེལ་མི་སྣ་ཡོངས་འཛིན་བཟུང་བྱེད་ཐུབ་བྱུང་། ད་ཕན། ཉེས་ཅན་མི་སྣ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས་ཏེ་གྱོད་སྒྲུབ་བྱེད་སྒང་རེད།

དུག་རྫས།

ལོ་ཙཱ་བ། ལྷ་ཆེན་རྒྱལ།