ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་གླིང་གིས་མཚོ་སྔོན་དུ་རྟོག་ཞིབ་བཞུགས་མོལ་གྲོས་ཚོགས་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་གླིང་གིས་མཚོ་སྔོན་དུ་རྟོག་ཞིབ་བཞུགས་མོལ་གྲོས་ཚོགས་དེ་ཟི་ལིང་གྲོང་ཁྱེར་དུ་བསྡུས། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་གླིང་གི་གླིང་དོན་ཨུ་ཡོན་ཁྲེ་ཧྥང་ཀའོ་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད་སྤེལ།

གྲོས་ཚོགས་སྟེང་དུ་ཞིང་ཆེན་ཏང་ཨུའི་ལོ་རྒྱུས་ཞིབ་འཇུག་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་རང་ཞིང་གི་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་བྱ་བའི་སྐོར་གྱི་གནས་ཚུལ་སྙན་གསེང་ཞུས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་དག་གིས་ཀྲུང་དབྱང་གི《ས་གནས་ཏང་གི་ལོ་རྒྱུས་ལ་ཤུགས་སྣོན་བྱེད་པའི་སྐོར་གྱི་བྱ་བའི་བསམ་འཆར》དང《ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི་སྐོར་གྱི་བརྗོད་དོན་སློབ་གསོའི་ཁྲོད་ཏང་གི་ལོ་རྒྱུས་ལ་ནན་ཏན་སྒོས་སློབ་སྦྱོང་བྱེད་པ་དང་། ཀྲུང་གོ་གསར་བའི་ལོ་རྒྱུས་སྐོར་གྱི་བརྡ་སྦྱོར》ཞེས་པའི་དགོངས་དོན་གནས་ཚུལ་གཞིར་བཟུང་ནས་ལག་ལེན་མཐར་ཕྱིན་དང་། 2020ལོའི་ཏང་གི་ལོ་རྒྱུས་དང་ཡིག་ཚགས་བྱ་བའི་མ་ཡིག་སྟེ་ཀྲུང་དབྱང་གི་འབྲེལ་ཡོད་སྒྲིག་སྲོལ་དཔེར་བརྗོད་ཀྱི་རྟོག་ཞིབ་བརྗོད་དོན་སྤེལ་ནས། བསམ་བློ་བརྗེ་རེས་དང་གཏམ་བཤད་གནང་ནས། རང་གི་བསམ་འཆར་ཡང་བཏོན་པ་རེད།

བློ་མཐུན་ཁྲེ་ཧྥང་ཀའོ་ཡིས་རང་ཞིང་གི་ཉེ་བའི་ཏང་གི་ལོ་རྒྱུས་དང་ཡིག་ཚགས་བྱ་བའི་ཐད་གདེང་འཇོག་ཚད་མཐོན་པོ་གནང་ཞིང་། མཚོ་སྔོན་གྱི་རིམ་པ་སོ་སོའི་ཏང་གི་ལོ་རྒྱུས་དང་ཡིག་ཚགས་སྡེ་ཁག་གིས་ཞིང་ཆེན་ཏང་ཨུའི་ཡང་དག་པའི་འགོ་ཁྲིད་འོག 《ས་གནས་ཏང་གི་ལོ་རྒྱུས་བྱ་བར་ཤུགས་སྣོན་བྱེད་པའི་སྐོར་གྱི་བསམ་འཆར》ཞེས་པའི་དགོངས་དོན་ལག་ལེན་མཐར་ཕྱིན་དུ་སྤེལ་ནས། ཆབ་སྲིད་ཀྱི་གོ་གནས་འབུར་ཐོན་དང་བྱ་བའི་ཚད་གཞིར་ཤུགས་སྣོན། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པར་སྐུལ་འདེད་སྒོས། ཏང་གི་ལོ་རྒྱུས་བྱ་བའི་གཞི་རྩའི་བརྩམས་ཆོས་རྩོམ་སྒྲིག་སྒོས་དམར་ཕྱོགས་ཐོན་ཁུངས་བེད་སྤྱོད་སྔོག་འདོན། ཆབ་སྲིད་དྲིལ་སྒྲོག་སློབ་སྟོན། ལས་བྱེད་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་སོགས་ཀྱི་ཐད་ནས་གྲུབ་འབྲས་འབུར་ཐོན་བླངས་ཡོད་པ་བསྟན། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་དུ་སྤེལ་ནས། ཏང་གི་ལོ་རྒྱུས་དང་ཡིག་ཚགས་བྱ་བའི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཏང་གི་ལོ་རྒྱུས་ཀྱི་རིགས་སོ་སོའི་བྱ་བར་ཏན་ཏིག་སྒོས་སྐུལ་འདེད་གཏོང་བ། ཏང་གི་ལོ་རྒྱུས་གཞུང་ལུགས་ཀྱི་འགྲེལ་བཤད་དྲིལ་སྒྲོག་དང་སྣེ་ཁྲིད་ལ་ཤུགས་བསྣན་ནས་འཇོན་མིའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་དང་བྱ་བའི་སྒྲིག་གཞི་གསར་རྩོམ་བཅས་ཀྱིས། མུ་མཐུད་དུ་མཚོ་སྔོན་ཏང་གི་ལོ་རྒྱུས་དང་ཡིག་ཚགས་བྱ་བའི་ཐད་ལ་གནས་བབ་གསར་བ་ཞིག་མུ་མཐུད་དུ་སྔོག་འདོན་བྱས་ཡོད།

རྟོག་ཞིབ་བྱ་བའི་སྐབས་སུ་རྟོག་ཞིབ་ཚན་ཆུང་གིས་ད་རུང་ཟི་ལིང་དང་མཚོ་ཤར། མཚོ་བྱང་སོགས་ས་ཁུལ་དུ་སོང་སྟེ་ཡུལ་དངོས་སུ་རྟོག་ཞིབ་བྱ་བ་གཏིང་ཟབ་སྒོས་སྤེལ་བ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།