རྟ་ཐང་རྫོང་གིས་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལ་མུ་མཐུད་དུ་བཅོས་སྒྱུར་དང་མཛེས་སྡུག་ལྡན་པའི་ཞིང་གྲོང་འཛུགས་སྐྲུན་བྱ་ཆེད། ད་ལོ་ནས་བཟུང་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གིས་དོན་དངོས་ལ་ཟུང་འབྲེལ་དང་འཆར་འགོད་གཅིག་གྱུར། གནད་འཁེལ་སྲིད་ཇུས་ལག་བསྟར་དངོས་འབེབས། ཞིང་སྡེའི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་བྱ་བ་བརྟན་འཇགས་སྒོས་སྐུལ་འདེད་བཏང་ནས། མི་དམངས་མང་ཚོགས་ལ་སྐྱིད་སྣང་ཐོབ་དུ་བཅུག་ཡོད།

དེ་ཡང་ཞིང་སྡེའི་དོན་དངོས་ལས་འགོ་བརྩམས་སྟེ“ལས་ཚེགས་ཡང་བ། མ་རྩ་དམའ་བ། བསྐྱར་བཀོལ་བྱེད་པ། བདག་དོམ་སླ་བ”བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་སྒོས། 《རྟ་ཐང་རྫོང་གི་ཞིང་སྡེའི་འཚོ་བའི་སྤགས་ཆུ་བཅོས་སྐྱོང་དོན་དངོས་ལག་བསྟར་ཇུས་གཞི》ཞེས་པར་གཏན་འབེབས་དང་། 《རྟ་ཐང་རྫོང་གི་རྫོང་མངའ་ཁོངས་ཞིང་སྡེའི་འཚོ་བའི་བཙོག་ཆུ་ཆེད་དོན་ལས་གཞིའི་འཆར་འགོད》ཞེས་པ་རྩོམ་སྒྲིག་ཡོངས་འགྲུབ་བྱས་ཏེ། མངའ་ཁོངས་ཞིང་སྡེའི་ལག་རྩལ་གྱི་ཚད་གཞིའི་སྒྲིག་སྲོལ་གཏན་འབེབས་གཏན་ཁེལ་དང་གཙོ་གནད་འབུར་ཐོན། ས་བབ་ཡུལ་བསྟུན་བཅས་ཀྱིས་ཞིང་སྡེའི་བཙོག་ཆུའི་བཅོས་སྐྱོང་གོམ་སྟབས་དེར་འཕེལ་རྒྱས་ཀྱི་འཁོར་སྐྱོད་ལམ་བུ་ལེགས་པོ་ཞིག་བསྐྲུན་ཡོད། དེ་དང་ཆབས་ཅིག་ཞིང་སྡེའི་མི་ཚོགས་ཀྱི་འདུས་སྡོད་ཚད་གཞི་གཞིར་བཟུང་སྟེ་བཙོག་ཆུའི་ཐོན་སྐྱེད་ནུས་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་སོགས་ཆ་རྐྱེན་གཞིར་བཟུང་སྟེ། བཟོ་གྲྭའི་ནང་དུ་ཐག་གཅོད་བྱེད་པ་དང་གཅིག་བསྡུས་སྒོས་ཐག་གཅོད་བྱེད་པ། ཞིང་བའི་ཁྱིམ་ཚང་རེ་རེའི་རང་རང་སར་ཞིག་གསོ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཞིང་སྡེའི་བཙོག་ཆུའི་བཅོས་སྐྱོང་བྱ་བ་དེ་སྐས་རིམ་ཅན་ཏུ་སྤེལ་ནས། ཁྲང་ཉིང་གྲོང་རྡལ་ཧན་ཅ་སྡེ་བ་སོགས་སྡེ་བ17ལ་ཞིང་ཕྱུགས་ས་ཁུལ་གྱི་བཙོག་ཆུ་བཅོས་སྐྱོང་ཚོད་ལྟའི་ལས་གཞིའི་སྡེ་བ་བཙུགས་ཏེ། ཞིང་སྡེའི་ཁྱིམ་ཚང2652གྱི་མི་གྲངས10755ལ་འབྲེལ་ཡོད། ད་ལྟའི་བར་ཞིན་ཀྲོང་གྲོང་རྡལ་དང་ཁྲང་ཉིང་གྲོང་རྡལ་སོགས་ཡུལ་ཚོ་དང་གྲོང་རྡལ9 ཟམ་སྣེ་གྲོང་རྡལ་གྱི་ཏ་མེ་ཐུང་སྡེ་བ། ལིའང་ཅའོ་ཡུལ་ཚོ་པེ་ཡ་སྡེ་བ་སོགས་སྲིད་འཛིན་སྡེ་བ30ལ་བཙོག་ཆུ་ཐག་གཅོད་བྱེད་པའི་སྒྲིག་གཞི་བཙུགས། འཆར་འགོད་ལྟར་གསར་འཛུགས་བྱས་པའི་ཤར་འགག་གྲོང་རྡལ་བཙོག་ཆུ་ཐག་གཅོད་བཟོ་གྲྭ། པེ་ཁྲོན་བཟོ་ལས་གླིང་གི་བཙོག་ཆུའི་ཐག་གཅོད་བཟོ་གྲྭ་སོགས་ཀྱི་ལས་གཞི་དེ་ད་ལྟ་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་བྱེད་བཞིན་ཡོད།

དེ་དང་ཆབས་ཅིག་ཡུལ་ཚོ་དང་གྲོང་རྡལ་སོ་སོའི་བདག་དོམ་འགོ་ཁྲིད་རྩ་འཛུགས་དང་ཡུལ་ཚོ་དང་གྲོང་རྡལ་གྱི་བདག་དོམ་པ། སྡེ་བའི་ཨུ་ལྷན་གཉིས་ཀྱིས་ཞིང་སྡེའི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་སྲིད་ཇུས་དང་བཙོག་ཆུའི་འདྲེན་སྦུགས་ཡོངས་འགྲུབ་བྱུང་རྗེས་བདག་དོམ་སྲུང་སྐྱོབ་ཤེས་བྱ་དྲིལ་སྒྲོག་བྱས། གཅིག་བསྡུས་ཀྱིས་གྲོས་ཚོགས་བསྡུས་པ་བརྒྱུད་ཁྱིམ་ཚང་རེ་རེར་སོང་སྟེ་དོན་དངོས་གནས་ཚུལ་ལ་རྩད་གཅོད་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད། ཞིང་སྡེའི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་འཛུགས་སྐྲུན་དམིགས་འབེན་དང་ལས་འགན་ལག་བསྟར་བྱེད་པའི་དྲིལ་སྒྲོག་ནུས་པ་ཆེས་ཆེར་བཏང་། ཞིང་བ་མང་ཚོགས་ལ་འཚོ་བའི་གོམས་གཤིས་ལེགས་པོ་ཆགས་པར་སྣེ་ཁྲིད་པ་དང་བཙོག་ཆུ་ཕྱིར་འདྲེན་བྱེད་ཚད་ཇེ་ཉུང་དུ་གཏོང་བ། ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་བརྒྱུད་བཅོས་སྐྱོང་འཛུགས་སྐྲུན་ལ་གོ་རིམ་ལྡན་པ་དང་སྡེ་བའི་རྣམ་པར་དག་སེལ་ཐུབ་པ། སྐྱེ་ཁམས་གཞིས་སྡོད་ཀྱི་མཛེས་སྡུག་ཞིང་སྡེ་འཛུགས་སྐྲུན་བཅས་ཀྱིས་ཞིང་སྡེའི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་ཐད་ཀྱི་འགན་སྲུང་གཏན་འབེབས་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།