《ཀྲུང་གོ་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་རིག་མཛོད·མཚོ་སྔོན་ལེའུ》ཞེས་པ་རྩོམ་སྒྲིག་བྱེད་འགོ་བརྩམས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཟླ10ཚེས23ཉིན། 《ཀྲུང་གོ་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་རིག་མཛོད·མཚོ་སྔོན་ལེའུ》རྩོམ་སྒྲིག་བྱེད་པའི་འགོ་ཚུགས་པའི་གྲོས་ཚོགས་ཟི་ལིང་གྲོང་ཁྱེར་དུ་བསྡུས། ཐེངས་འདིའི་རྩོམ་སྒྲིག་ལ་འཕྲོད་བསྟེན་སྨན་བཅོས་སྒྲིག་འཛུགས14ཟབ་ཞུགས་བྱས་ཤིང་། རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་བདག་དོམ་ཅུའུ་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཞིང་ཆེན་ཀྲུང་བོད་ལུགས་སྨན་རྫས་བདག་དོམ་ཅུའུ་ཡི་འགོ་ཁྲིད་འོག རྒྱལ་ཁབ་ཀྱི་ཐེངས་བཞི་བའི་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་ཀྱི་ཡོངས་ཁྱབ་རྩད་གཅོད་ལག་རྩལ་གྱི་ཆེད་མཁས་ཚན་ཆུང་གི་མཛུབ་སྟོན་འོག རྒྱལ་ཁབ་ཀྱི་རེ་འདུན་ནན་མོ་གཞིར་བཟུང་སྟེ་རྩོམ་སྒྲིག་བྱས་ནས། མཚོ་སྔོན་གྱི་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་གསར་རྩོམ་གྱི་འཕེལ་རྒྱས་ལ་རྨང་གཞི་བཏིང་བ་དང་། མཚོ་སྔོན་ཀྲུང་ལུགས་སྨན་རྫས་བྱ་གཞག་གི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཐད་ལ་ཡང་གཞི་འཛིན་ས་དང་། མཚོ་སྔོན་གྱི་ཀྲུང་ལུགས་སྨན་རྫས་མུར་བསྟུན་འཕེལ་རྒྱས་ཐད་ལ་རམ་འདེགས་ལེགས་པོ་བཅས་མཁོ་སྤྲོད་བྱེད་རྒྱུ་རེད།

ཐེངས་འདིའི་གྲོས་ཚོགས་ནི་ཞིང་ཆེན་ཀྲུང་བོད་ལུགས་སྨན་རྫས་བདག་དོམ་ཅུའུ་ཡིས་གཙོ་སྒྲུབ་གནང་། ཞིང་ཆེན་ཀྲུང་ལུགས་སྨན་ཁང་དང་ཞིང་ཆེན་བོད་རྫས་ཁང་གཉིས་ཀྱིས་འགན་སྒྲུབ་བྱས་ཏེ། ཁྱོན་ཡོངས་ནས་རང་ཞིང་གི་ཀྲུང་ལུགས་སྨན་རྫས་ཀྱི་ཐོན་ཁུངས་ཡོངས་ཁྱབ་རྩད་གཅོད་བྱ་བ་ཐེངས་བཞི་པར་ཕྱོགས་སྡོམ་བྱས་པ་རེད། 2012ལོར། རང་ཞིང་གི་ཐེངས་བཞི་བའི་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་ལ་ཡོངས་ཁྱབ་སྒོས་རྩད་གཅོད་བྱེད་པའི་བྱ་བ་འགོ་ཚུགས་པ་ནས་ད་ལྟའི་བར། ཡོངས་ཁྱབ་རྩད་གཅོད་རུ་དཔུང་དག་རྫོང་དང་གྲོང་ཁྱེར། ཆུས46གི་ཡུལ་ཚོ་དང་གྲོང་རྡལ454ཡི་སྡེ་བ4716དང་ལམ་ཐག་སྤྱི་ལེ་ཁྲི40ལྷག་ལ་འགྲོ་སྐྱོད་བྱས་ཏེ། ད་ལྟ་རང་ཞིང་ལ་ཁྱོན་བསྡོམས་སྨན་རྫས་རྩི་ཤིང་རིགས་མི་འདྲ་བ1340ཡོད་པ་རྩད་ཆོད་པ་དང་། དེ་དག་གི་ཁྱབ་ཁོངས་སྒྲིག་སྲོལ། འགུལ་རྣམ་འགྱུར་ལྡོག་གི་གནས་བབ་སོགས་ལ་རྒྱུས་ལོན་ཐུབ་པར་གྱུར། འདེབས་འཛུགས་སྨན་རྫས་རིགས34དང་སྲོལ་རྒྱུན་གྱི་ཤེས་བྱ་རིགས་མི་འདྲ156བསྡུ་རུབ་བྱས། བརྩམས་ཆོས་མི་འདྲ་བ5ལ་རྩོམ་སྒྲིག་པར་སྐྲུན་དང་ཚན་རྩལ་ཞིབ་འཇུག་བྱ་བའི་གྲུབ་འབྲས4ལ་གཟེངས་རྟགས་ཐོབ། མ་དཔེ་འགྲེམས་སྟོན་ཁང4གསར་འཛུགས་ཀྱིས་སྨན་རྫས་རྩི་ཤིང་གལ་ཆེན་འདེབས་འཛུགས་སྲུང་སྐྱོབ་ར་བ1བཅས་ཡོད་པས། མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་སྨན་རྫས་ཀྱི་མ་བཅོས་རྒྱུ་ཆའི་རྒྱུ་སྤུས་ལྟ་ཞིབ་ཚད་ལེན་ལག་རྩལ་ཞབས་ཞུའི་ལྟེ་གནས་དང་ཟི་ལིང་ས་ཚིགས། རྒྱ་མདོ་ས་ཚིགས་བཅས་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་རེད།

《ཀྲུང་གོ་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་རིག་པའི་གཏེར་མཛོད》ནི་ཀྲུང་ལུགས་སྨན་རྫས་ཀྱི་ཐོན་ཁུངས་ལ་ཡོངས་ཁྱབ་རྩད་གཅོད་གྲུབ་འབྲས་བྱ་བའི་བསྡུས་གཟུགས་གལ་ཆེན་ཟིན་ཐོར་འགོད་པ་དང་རྒྱུན་འཛིན་བྱེད་པ་དེ་ཡིན་ལ། ཀྲུང་ལུགས་སྨན་རྫས་ཤེས་བྱ་དེ་འཕེལ་རྒྱས་དང་དར་སྤེལ་གཏོང་བའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན། 《ཀྲུང་གོ་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་རིག་མཛོད·མཚོ་སྔོན་ལེའུ》ནི 《ཀྲུང་གོ་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་རིག་པའི་གཏེར་མཛོད》ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ལོ་རྒྱུས་སྟེང་རང་ཞིང་ལ་ད་ལྟའི་བར་དེ་འདྲའི་བདག་དབང་ཅན་གྱི་བརྩམས་ཆོས་ཤིག་པར་སྐྲུན་བྱས་མེད། རང་ཞིང་གི་ས་ཁོངས་རྒྱ་ཆེ་ཞིང་རྩི་ཤིང་གི་རིགས་མང་ལ། སྨན་རྫས་རྩི་ཤིང་གི་དངོས་རྫས་རིགས་ཕུན་སུམ་ཚོགས་པས། ཟིན་ཐོར་འཁོད་པ་དང་དག་སྒྲིག་བྱེད་པ། པར་བསྐྲུན་བཅས་ཀྱིས 《ཀྲུང་གོ་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་རིག་མཛོད·མཚོ་སྔོན་ལེའུ》ཞེས་པ་དེས་རང་ཞིང་གི་ཀྲུང་བོད་ལུགས་སྨན་རྫས་ཀྱི་ཐོན་ཁུངས་ལུགས་མཐུན་སྒོས་བེད་སྤྱོད་བྱས་པ་བརྒྱུད། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་སྒོས། མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་མི་རིགས་སྨན་རྫས་འཕེལ་རྒྱས་ཀྱི་སྐུལ་འདེད་ཐད་ལ་དོན་སྙིང་གལ་ཆེན་ལྡན་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།