མཚོ་ཤར་གྲོང་ཁྱེར་གྱིས་ད་ལོ་ཙོང་ཆུའི་འགྲམ་ངོགས་གཉིས་སུ་སྤྱི་ཆིངས246ལ་ལྗང་སྒྱུར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ད་ལོ་ནས་བཟུང་མཚོ་ཤར་གྲོང་ཁྱེར་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་། “སྔོན་འགྲོ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། མདོ་དབུས་མཐོ་སྒང་གི་རི་ཆུའི་ཞིང་རའི་སྐྱེ་ཁམས་ཀྱི་ལྗང་མདོག་གྲོང་ཁྱེར་གྱི་འཛུགས་སྐྲུན་ཇེ་མགྱོགས་དང་། ཙོང་ཆུའི་འགྲམ་ངོགས་གཉིས་སུ་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྒྱུར་ལག་བསྟར། འགག་གསུམ་གྱི་ལྗང་སྒྱུར་བཟོ་སྐྲུན་བྱ་བར་སྐུལ་འདེད་བཅས། མཚོ་སྔོན་ཤར་སྒོའི་ལྗང་མདོག་གི་ཚོན་མདངས་ཇེ་སྟུག་ཏུ་བཏང་སྟེ། ནུས་ཤུགས་གང་ཡོད་སྒོས་སྐྱེ་ཁམས་ལྗང་མདོག་གི་མཚོ་ཤར་གསར་སྐྲུན་བྱས་པ་རེད།

ཙོང་ཆུའི་གྲོག་རོང་དུ་ལྗང་མདོག་གི་རྩི་ཤིང་འདེབས་འཛུགས་བྱ་ཆེད། མཚོ་ཤར་གྲོང་ཁྱེར་གྱིས་ཙོང་ཆུའི་བཞུར་རྒྱུན་གཙོ་བོ་དང་འགག་ཆེན། འགག་ཆུང་། ལའོ་ཡཱ་འགག་བཅས་གཙོ་གནད་གསུམ་དུ་བཟུང་ནས། ཙོང་ཆུའི་འགྲམ་གཉིས་ཀྱི་ལྗང་མདོག་རྒྱུ་ལམ་དང་ལྗང་མདོག་གྲོག་རོང་ས་ཁུལ་དུ་ཙོང་ཆུའི་སྐྱེ་ཁམས་ལྗང་སྒྱུར་ཅན་གྱི་བཟོ་སྐྲུན་གལ་ཆེན་དངོས་སུ་ལག་བསྟར་བྱས། དེ་ཡང་གཙོ་གནད་དུ་བཟུང་བའི་འགག་ཆུང་གི་ལྷོ་བྱང་འགྲམ་ངོགས་གཉིས་དང་ཚའོ་ཅ་སྡེ་བའི་གནམ་ཐང་གི་ལྷོ་རྒྱུད། བདེ་ཁམས་ཆུས་ཙོང་ཆུའི་འགྲམ་རྒྱུད་ལམ་ཐིག གྲོང་ཁྱེར་རིམ་པའི་སྲིད་འཛིན་ལྟེ་གནས་ཀྱི་འགྲམ་གཉིས། ཁྲའོ་དབྱང་རི་བོའི་སྤྱི་གླིང་། ལའོ་ཡཱ་འགག་གི་འགྲམ་ངོགས་གཉིས། དམར་གཙང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ཙོང་ཆུའི་འགྲམ་རྒྱུད་སོགས་སུ་ལྗང་སྒྱུར་དངོས་སུ་ལག་བསྟར་བྱས། ད་ལྟ་ས་ཁུལ་རིམ་པ་མི་འདྲ་བ་དག་གི་བཟོ་སྐྲུན་དེ་ཁྱོན་ཡོངས་ནས་ལྗོན་པའི་མྱུ་གུ་འདེབས་འཛུགས་ཀྱི་ལས་འགན་ཡོངས་འགྲུབ་བྱུང་ཞིང་། འདེབས་འཛུགས་བྱ་བའི་རྒྱ་ཁྱོན་སྤྱི་ཆིངས246.2ཡོངས་འགྲུབ་བྱུང་བ་དང་གསོ་སྐྱོང་བདག་དོམ་རིམ་པའི་ཁྲོད་དུ་ཡང་བཞག་ཡོད། དེ་དང་ཆབས་ཅིག བཟོ་སྐྲུན་དེས་རི་ངོས་གཞོག་པ་དང་ས་གསར་སྣོན་བྱེད་པ། འབར་འབུར་ལེགས་སྒྲིག་སོགས་ཀྱི་བྱེད་ཐབས་སྤྱད་དེ། ལྗོངས་ཁུལ་གྱི་ལྗང་སྒྱུར་གསར་བཟོ་དང་ཙོང་ཆུའི་འགྲམ་གཉིས་ཀར་སྐྱེ་ཁམས་མཚོ་ཤར་འཛུགས་སྐྲུན་གྱི་འགྲེམས་སྟོན་སྒེའུ་ཁུང་དང་སྐྱེ་ཁམས་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཁུར་དུ་འདེགས་སུ་སྟེགས་བུ་གལ་ཆེན་ཞིག་ཡིན་པར་བཤད།

དེ་མིན། མཚོ་ཤར་གྲོང་ཁྱེར་གྱིས་སྐྱེ་ཁམས་ལྗང་སྒྱུར་བཟོ་སྐྲུན་འཛུགས་སྐྲུན་ཁྲོད་འགོ་འཛུགས་ས་རྒྱུན་འཁྱོངས་ཀྱིས་སྒྲིག་སྲོལ་འཆར་འགོད་དང་འཛུགས་སྐྲུན་གྱི་ཚད་གཞི་མཐོ་བ། ཞིབ་ཚགས་ཅན་གྱི་བདག་དོམ་བཅས་ཀྱིས་མཚོ་སྔོན་གྱི་གསོམ་སྡོང་དང་ཐང་ཤིང་། མདོ་ལའི་ཤུག་པ། སྦྱར་ཤིང་། ཡོ་འབོག རི་སྐྱེས་ཁམ་བུ་སོགས་ས་གནས་ཀྱི་ཐོན་རྫས་འདེབས་འཛུགས་གཙོ་བོར་བཟུང་སྟེ། མཚོ་ཤར་གྱི་གནམ་གཤིས་དང་འཚམས་པའི་ལྗོན་པ་འདེབས་འཛུགས་ཀྱིས་ལྗང་མདོག་འཕེལ་རྒྱས་ཅན་གྱི་གསར་སྐྲུན་ཁ་གསབ་བྱས་ཡོད། དེ་མིན་ཡུར་ཆུའི་ཆ་རྐྱེན་འོག་གཞི་ཁྱོན་ཆེན་པོའི་ངང་ལྗོན་པ་འདེབས་འཛུགས་ཀྱིས་ལྗོངས་ཁུལ་གསར་སྐྲུན་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་བཏང་བ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།