དུས་ཚིགས་སྔོན་མ་གསུམ་གྱི་ནང་ཞིང་ཆེན་ཧྲིལ་བོའི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར2046.45ལ་འཕར་བ་དང་ལོ་སྔོན་མ་ལས5.7%གྱིས་ཇེ་མང་དུ་སོང་།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཟླ10ཚེས22ཉིན། གསར་འགོད་པས་ཞིང་ཆེན་སྡོམ་རྩིས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། དུས་ཚིགས་སྔོན་མ་གསུམ་གྱི་ནང་ཞིང་ཆེན་ཡོངས་ཀྱིས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར2046.45མངོན་འགྱུར་བྱས་ཤིང་། རིན་ཐང་ལྟར་རྩིས་བརྒྱབ་ན་ལོ་སྔོན་མ་ལས5.7%འཕར་ཅིང་། ཐོན་ལས་རིགས་བཀར་ལ་བལྟས་ན། ཐོན་ལས་དང་པོར་རིན་ཐང་སྒོར་དུང་ཕྱུར156.18དང་དེ་ནི་ལོ་སྔོན་མ་ལས3.5%འཕར་ཡོད། ཐོན་ལས་གཉིས་པའི་འཕར་སྣོན་གྱི་རིན་ཐང་སྒོར་དུང་ཕྱུར950.39དང་ལོ་སྔོན་མ་ལས6.6%འཕར་ཡོད། ཐོན་ལས་གསུམ་པའི་རིན་ཐང་གི་འཕར་ཚད་སྒོར་དུང་ཕྱུར939.88དང་ལོ་སྔོན་མ་ལས4.8འཕར་ཡོད།

དུས་ཚིགས་སྔོན་མ་གསུམ་གྱི་ནང་རང་ཞིང་གི་འདེབས་འཛུགས་ལས་རིགས་ཀྱི་ཐོན་སྐྱེད་གནས་བབ་ཧ་ཅང་བརྟན་འཇགས་དང་ཕྱུགས་ལས་ཐོན་སྐྱེད་ཡང་ཅུང་བརྟན་འཇགས་ཡིན་པ་རེད། ད་ལོ་ནས་བཟུང་ཞིང་ཆེན་ཡོངས་སུ་ཆར་ཆུ་ཕུན་སུམ་ཚོགས་པས་ལོ་ཏོག་གི་སྐྱེ་རྒྱ་ཡང་ཧ་ཅང་ལེགས། འབྲུ་རིགས་ཐོན་སྐྱེད་ཀྱི་སྤྱིའི་ཐོན་སྐྱེད་འཕར་སྣོན་དང་ཐོན་སྐྱེད་སྣ་མང་ཅན། རྒྱ་ཁྱོན་ཉུང་འཕྲིའི་རྣམ་པ་བཅས་ཡོད། ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་དེ་སྤྱི་ཆིངས་སྟོང280.2དང་ལོ་སྔོན་མ་ལས0.4%མར་འགྲིབ་འདུག ཕྱུགས་ཟོག་གསོ་སྤེལ་ར་བ་ལས་ཐོན་ལས་ལན་རེར་ཇེ་མང་དང་ལན་རེར་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་རེད། དེའི་ཁྲོད་ནོར་ནག་གསོ་སྤེལ་ར་བ་ལས་ཐོན་ཚད་ཡར་འཕར་བ་དང་ལུག་གསོ་སྤེལ་ར་བ་ལས་ཐོན་ཚད་ཇེ་ཉུང་དུ་སོང་ཡོད། ཕག་དང་ཁྱིམ་བྱ་གསོ་སྤེལ་ར་བ་ལས་ཐོན་ཚད་ཅུང་ཆེ། ཤའི་རིགས་ཀྱི་ཐོན་ཚད་ཅུང་བརྟན་འཇགས་ཡིན་པ་རེད།

ཡིན་ཡང་རང་ཞིང་གི་བཟོ་ལས་ཐོན་སྐྱེད་ཅུང་བརྟན་འཇགས་དང་འཕར་སྣོན་བྱུང་ལ། གསར་བཟོའི་ལས་སྣོན་ལས་རིགས་ཀྱི་འཕར་ཚད་ཅུང་མགྱོགས། ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཚད་ཀྱི་བསྡུར་ཚད་དེ་ལོ་སྔོན་མ་ལས5.8%འཕར་ཡོད། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་ར་བ་ལས་ཐོན་ཚད་ལན་རེར་མང་ཞིང་ལན་རེར་ཉུང་ངེས། དེའི་ཁྲོད་ནོར་ནག་གསོ་སྤེལ་ར་བ་ལས་ཐོན་ཚད་ཅུང་འཕར་བ་དང་ལུག་གསོ་སྤེལ་ར་བ་ལས་ཐོན་ཚད་ཅུང་ཉུང་། ཕག་དང་ཁྱིམ་བྱའི་གསོ་སྤེལ་ར་བ་ལས་ཐོན་ཚད་ཅུང་ཆེ་བས། ཤ་རིགས་ཀྱི་ཐོན་ཚད་ཡང་ཅུང་བརྟན་འཇགས་ཡིན།

དེ་དང་ཆབས་ཅིག དུས་ཚིགས་སྔོན་མ་གསུམ་གྱི་ནང་། ཞིང་ཆེན་ཡོངས་ཀྱིས་སྤྱི་ཚོགས་འཛད་སྤྱོད་པའི་སིལ་འཚོང་སྤྱིའི་རིན་ཐང་སྒོར་དུང་ཕྱུར640.49མངོན་འགྱུར་བྱས་ཤིང་། དེ་ནི་ལོ་སྔོན་མ་དང་བསྡུར་ན5.7%འཕར་ཡོད། ཞིང་ཆེན་ཡོངས་ཀྱི་བརྟན་འཇགས་ཐོན་སྐྱེད་མ་དངུལ་གྱི་གཏོང་ཚད་དེ་ལོ་སྔོན་མ་དང་བསྡུར་ན3.0%མར་འགྲིབ་ཡོད། ཞིང་ཆེན་ཡོངས་ཀྱི་ཁང་སའི་ཐོན་ལས་གསར་སྤེལ་མ་དངུལ་གཏོང་ཚད་དེ་ལོ་སྔོན་མ་དང་བསྡུར་ན6.1%དང་དེའི་ཁྲོད་ཚོང་རྫས་སྡོད་ཁང་གི་མ་དངུལ་གཏོང་ཚད25.6%ལ་འཕར་ཡོད་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།