དུས་ཚིགས་སྔོན་མ་གསུམ་གྱི་ནང་ཞིང་ཆེན་ཧྲིལ་བོའི་ཡུལ་སྐོར་ལས་རིགས་ཀྱི་འཕར་ཚད་ཅུང་མགྱོགས་པ་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་འགྲུལ་བ་མི་ཐེངས་ཁྲི4459.5ལ་སྣེ་ལེན་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཟླ10ཚེས22ཉིན། གསར་འགོད་པས2019ལོའི་དུས་ཚིགས་གསུམ་གྱི་ནང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་གྱི་སྡོམ་རྩིས་གསར་འགྱུར་ཁྱབ་སྤེལ་གྲོས་ཚོགས་ཀྱི་ཡུལ་དངོས་ནས་རྒྱུས་ལོན་བྱུང་བ་ལྟར་ན། དུས་ཚིགས་སྔོན་མ་གསུམ་གྱི་ནང་ཞིང་ཆེན་ཧྲིལ་བོས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་འགྲུལ་བ་མི་ཐེངས་ཁྲི4459.5ལ་སྣེ་ལེན་བྱས་པ་དང་ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར497.3མངོན་འགྱུར་བྱས།

དུས་ཚིགས་སྔོན་མ་གསུམ་གྱི་ནང་ཞིང་ཆེན་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་འགྲུལ་བ་མི་ཐེངས་ཁྲི4459.5ལ་སྣེ་ལེན་བྱས་པ་དང་། དེ་ལོ་སྔོན་མ་དང་སྡུར་ན18.7%འཕར་ཡོད། ཡུལ་སྐོར་འགྲུལ་བའི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར497.3མངོན་འགྱུར་བྱས་ཤིང་། དེ་ལོ་སྔོན་མ་དང་སྡུར་ན18.0%འཕར་ཡོད། དེའི་ཁྲོད་རྒྱལ་ནང་གི་ཡུལ་སྐོར་འགྲུལ་བ་མི་ཐེངས་ཁྲི4452.8ལ་སྣེ་ལེན་བྱས་ཤིང་། ལོ་སྔོན་མ་དང་སྡུར་ན18.7%འཕར་ཡོད། རྒྱལ་ནང་གི་ཡུལ་སྐོར་འགྲུལ་བའི་ཡོང་འབབ་སྒོར་དུང་ཕྱུར494.96མངོན་འགྱུར་བྱས་ཏེ། ལོ་སྔོན་མ་ལས18.0%འཕར་ཡོད། རང་རྒྱལ་གྱི་མངའ་ཁོངས་སུ་འཛུལ་བའི་ཕྱི་རྒྱལ་གྱི་ཡུལ་སྐོར་འགྲུལ་བ་མི་ཐེངས་ཁྲི6.68ལ་སྣེ་ལེན་བྱས་ཤིང་ལོ་སྔོན་མ་དང་སྡུར་ན4.6%འཕར་ཡོད། ཡུལ་སྐོར་འགྲུལ་བའི་ཕྱི་རྒྱལ་གྱི་དངུལ་ལོར་ཨ་སྒོར་ཁྲི3488.2མངོན་འགྱུར་བྱུང་ཡོད་ལ། ལོ་སྔོན་མ་དང་སྡུར་ན1.7%མར་འགྲིབ་ཡོད།

དུས་ཚིགས་སྔོན་མ་གསུམ་གྱི་ནང་ཞིང་ཆེན་ཡོངས་ཀྱིས་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར29.02དང་ལོ་སྔོན་མ་ལ་སྡུར་ན8.8%མར་འགྲིབ་འདུག དེའི་ཁྲོད་ཕྱིར་གཏོང་སྤྱིའི་རིན་ཐང་སྒོར་དུང་ཕྱུར15.85དང་ལོ་སྔོན་མ་ལས25.1%མར་འགྲིབ་ཡོད། ནང་འདྲེན་གྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར13.18ཡིན་ལ། ལོ་སྔོན་མ་དང་སྡུར་ན23.4%འཕར་ཡོད། ཕྱིར་གཏོང་ཐོན་རྫས་གཙོ་བོའི་ཁྲོད་མཐོ་གསར་ལག་རྩལ་ཐོན་རྫས་ཀྱི་འཕར་ཚད་ལྡབ9.4དང་ས་གདན་གྱི་འཕར་ཚད55.5%ཡིན། གློག་འཕྲུལ་ཆས་ཐོན་རྫས་ཀྱི་འཕར་ཚད33.0%དང་ཞིང་ལས་ཐོན་རྫས་ཀྱི་འཕར་ཚད24.1%ཡིན། ནང་འདྲེན་ཐོན་རྫས་གཙོ་བོའི་ཁྲོད་ཟངས་རྡོ་དང་གཏེར་རྡོ་སྤུས་ལེགས་ཀྱི་འཕར་ཚད35.9%ཡིན། གློག་འཕྲུལ་ཆས་ཐོན་རྫས་ཀྱི་འཕར་ཚད25.1%དང་མཐོ་གསར་ལག་རྩལ་ཐོན་རྫས་ཀྱི་འཕར་ཚད43.2%བཅས་ཡིན་ངེས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།