དུས་ཚིགས་སྔོན་མ་གསུམ་གྱི་ནང་རང་ཞིང་གི་སྡོད་དམངས་སྤྱིའི་ཡོང་སྒོ་མི་རེར་སྒོར15917ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཟླ10ཚེས22ཉིན། གསར་འགོད་པས2019ལོའི་དུས་ཚིགས་སྔོན་མ་གསུམ་གྱི་ནང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་གྱི་སྡོམ་རྩིས་གསར་འགྱུར་ཁྱབ་སྤེལ་གྲོས་ཚོགས་ཀྱི་ཡུལ་དངོས་ནས་རྒྱུས་ལོན་བྱུང་བ་ལྟར་ན། དུས་ཚིགས་སྔོན་མ་གསུམ་གྱི་ནང་ཞིང་ཆེན་ཧྲིལ་བོས་མཁར་གྲོང་གི་ལས་ཞུགས་གསར་སྣོན་མི་གྲངས་ཁྲི5.55ཡིན་ལ། སྡོད་དམངས་ཡོངས་ཀྱི་ཆ་སྙོམས་མི་རེའི་ཡོང་འབབ་སྒོར15917དང་། མཁར་གྲོང་གཏན་སྡོད་སྡོད་དམངས་ཀྱི་ཆ་སྙོམས་མི་རེའི་ཡོང་འབབ་སྒོར24264ཡིན་པ་རེད།

དུས་ཚིགས་སྔོན་མ་གསུམ་གྱི་ནང་ཞིང་ཆེན་ཧྲིལ་བོས་མཁར་གྲོང་གི་ལས་ཞུགས་གསར་སྣོན་མི་གྲངས་ཁྲི5.55ཡིན་ལ། ཞིང་སྡེའི་ངལ་རྩོལ་ནུས་ཤུགས་ལྷག་མ་གཞན་སྒྱུར་སྒོས་ལས་ཞུགས་བྱས་པའི་མི་ཐེངས་ཁྲི105.13དང་མཁར་གྲོང་གི་ལས་ཤོར་ཐོ་འགོད་ཚད་གཞི་དེ2.3%ཡིན་པས་ལོ་སྔོན་མ་དང་སྡུར་ན་བརྒྱ་ཆའི0.7མར་འགྲིབ་ཡོད། ལོ་ཧྲིལ་བོའི3.5%ཡི་དམིགས་འབེན་ཁྲོད་ཚོད་འཛིན་བྱས་ཡོད།

དུས་ཚིགས་སྔོན་མ་གསུམ་གྱི་ནང་རང་ཞིང་གི་སྡོད་དམངས་ཡོངས་ཀྱི་ཆ་སྙོམས་མི་རེའི་ཡོང་འབབ་སྒོར15917ཡིན་ལ། ལོ་སྔོན་མ་དང་སྡུར་ན8.6%འཕར་ཡོད། ཞིང་ཆེན་ཡོངས་ཀྱི་སྡོད་དམངས་ཡོངས་ཀྱི་ཆ་སྙོམས་མི་རེའི་འཚོ་བའི་འཛད་སྤྱོད་འགྲོ་སོང་སྒོར12397དང་ལོ་སྔོན་མ་ལས8.0%འཕར་ཡོད།

དུས་ཚིགས་སྔོན་མ་གསུམ་གྱི་ནང་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གཏན་སྡོད་སྡོད་དམངས་ཀྱི་ཆ་སྙོམས་མི་རེའི་ཡོང་འབབ་སྒོར24264ཡིན་ལ། དེ་ནི་ལོ་སྔོན་མ་དང་སྡུར་ན7.1%འཕར་ཡོད། དེའི་ཁྲོད་མི་རེའི་ཆ་སྙོམས་ལས་ཕོགས་རང་བཞིན་གྱི་ཡོང་འབབ་སྒོར16018ཡིན་ལ། ཆ་སྙོམས་འཕར་ཚད7.0%ཡིན། མི་རེའི་ཆ་སྙོམས་ཚོང་གཉེར་ཁོ་ནའི་ཡོང་འབབ་སྒོར1827དང་ལོ་སྔོན་མ་ལས4.2%འཕར་ཡོད། ཆ་སྙོམས་མི་རེའི་ནོར་སྲིད་ཁ་ནའི་ཡོང་འབབ་སྒོར1325དང་ལོ་སྔོན་མ་ལས1.1%མར་འགྲིབ་ཡོད། ཆ་སྙོམས་མི་རེའི་གནས་སྤོར་ཡོང་འབབ་སྒོར5094དང་ལོ་སྔོན་མ་ལས10.6%འཕར་ཡོད། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་འཛད་སྤྱོད་ཡོང་འབབ་སྒོར17322དང་ལོ་སྔོན་མ་ལས6.2%འཕར་ཡོད།

དེ་ལས་གཞན་དུས་ཚིགས་སྔོན་མ་གསུམ་གྱི་ནང་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་རྒྱུན་སྡོད་སྡོད་དམངས་ཀྱི་ཆ་སྙོམས་མི་རེའི་ཡོང་འབབ་སྒོར7825དང་ལོ་སྔོན་མར་སྡུར་ན10.1%འཕར་ཡོད། དེའི་ཁྲོད་མི་རེའི་ལས་ཕོགས་རང་བཞིན་གྱི་ཡོང་འབབ་སྒོར3201དང་ལོ་སྔོན་མ་ལས18.7%འཕར། མི་རེའི་ཚོང་གཉེར་རང་བཞིན་གྱི་ཡོང་འབབ་སྒོར2377དང་ལོ་སྔོན་མ་ལས15.3%འཕར། ཆ་སྙོམས་མི་རེའི་ནོར་སྲིད་ཁོ་ནའི་ཡོང་འབབ་སྒོར285དང་ལོ་སྔོན་མ་ལས16.7%མར་འགྲིབ་ཡོད། ཆ་སྙོམས་མི་རེའི་གནས་སྤོར་ཁོ་ནའི་ཡོང་འབབ་སྒོར1962དང་ལོ་སྔོན་མ་ལས2.1%མར་འགྲིབ། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་སྡོད་དམངས་ཀྱི་ཆ་སྙོམས་མི་རེའི་འཚོ་བའི་འཛད་སྤྱོད་པའི་འགྲོ་སོང་སྒོར7622དང་ལོ་སྔོན་མར་སྡུར་ན10.0%འཕར་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།