རང་ཞིང་གི་གྲ་ལུང་གཞུང་ལམ་སྟེང་མགྱོགས་ཚད་དང་ལྗིད་ཚད་བརྒལ་བར་ཚད་ལེན་དཔྱད་ཞིབ་བྱེད་རྒྱུ་དངོས་སུ་འགོ་བརྩམས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཟླ10ཚེས21ཉིན་རང་ཞིང་གི་གྲ་ལུང་གཞུང་ལམ་སྟེང་མགྱོགས་ཚད་དང་ལྗིད་ཚད་བརྒལ་བར་ཚད་ལེན་དཔྱད་ཞིབ་བྱེད་པའི་མཛད་སྒོ་དེ་མཚོ་ཤར་གྲོང་ཁྱེར་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་གྲ་ལུང་གཞུང་ལམ་གྱི་ཚད་བརྒལ་ཚད་ལེན་དཔྱད་ཞིབ་ས་ཚིགས་ནས་སྤེལ། ཚད་ལེན་དཔྱད་ཞིབ་ས་ཚིགས་དངོས་སུ་འཁོར་རྒྱུག་བྱས་པ་དེས་རང་ཞིང་གི་ཚད་བརྒལ་བཅོས་སྐྱོང་མ་ལག་དེ་“ཚན་རྩལ+ཡིད་རྟོན+སྒྲིག་སྲོལ་ཅན”བཅས་ཀྱི་དུས་སྐབས་སུ་བསླེབས་པ་མཚོན་ཡོད།

གྲ་ལུང་གཞུང་ལམ་ལ་མཚོ་སྔོན་གྱི་ཆེས་མཛེས་པའི་གཞུང་ལམ་ཞེས་པའི་མཚན་སྙན་ཡང་ཡོད། གཞུང་ལམ་དེ་འཛུགས་སྐྲུན་བྱུང་ནས་རླངས་འཁོར་ཤར་གཏོང་བྱས་པ་དེས། རང་ཞིང་མི་དམངས་མང་ཚོགས་ཀྱི་ཡུལ་སྐོར་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་བཏང་པ་མ་ཟད། ཚད་ངེས་ཅན་གྱི་སྒོ་ནས་དབུལ་ཕོངས་ས་ཁུལ་གྱི་འགྲིམ་འགྲུལ་ཆ་རྐྱེན་ལ་ཡང་བཅོས་སྒྱུར་བྱས་ཏེ། རང་ཞིང་གི་ཤར་རྒྱུད་ས་ཁུལ་དུ་ཞིང་ཆེན་བརྒལ་བའི་བགྲོད་ལམ་གསར་བ་ཞིག་འཛུགས་སྐྲུན་སྒོས། S302ལམ་ཐིག་ལ་མཐུད་སྦྲེལ་བཏང་ནས་གཞུང་ལམ་ཐད་ཀྱི་ཤར་སྐྱོད་ལ་སྟབས་བདེ་བསྐྲུན། རྒྱལ་སྲུང་འཛུགས་སྐྲུན་སྲ་བརྟན་ཅན་དུ་གཏང་བར་ཡང་འཐབ་ཇུས་ཀྱི་གོ་དོན་གལ་ཆེན་ལྡན་པས། གྲ་ལུང་གཞུང་ལམ་སྟེང་གི་ཚད་བརྒལ་བཅོས་སྐྱོང་དེས་གཞུང་ལམ་གྱི་འགེབས་སྲུང་ཐད་ལ་བྱེད་ནུས་ངེས་ཅན་ཞིག་ཐོན་ཡོད།

རྒྱུས་ལོན་པ་ལྟར་ན། གྲ་ལུང་གཞུང་ལམ་གྱི་ཚད་བརྒལ་ཚད་ལེན་དཔྱད་ཞིབ་ས་ཚིགས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་རྒྱལ་ཁབ་རིམ་པའི་ཚད་བརྒལ་ཚད་ལེན་དཔྱད་ཞིབ་ས་ཚིགས་ཀྱི་ལག་རྩལ་སྒྲིག་སྲོལ་རེ་འདུན་གསར་འཛུགས་བྱས་ཤིང་། ཚན་རྩལ་ལག་ཐབས་ཚད་བརྒལ་བཅོས་སྐྱོང་བདག་དོམ་བྱེད་ཐབས་ཁྲོད་སྤྱད་དེ། ཚད་བརྒལ་བདག་དོམ་བརྡ་འཕྲིན་མ་ལག་གསར་་འཛུགས་ཀྱིས་དྲ་རྒྱའི་གཅིག་གྱུར་ཅན་དང་གཞི་གྲངས་ཚད་ལྡན་ཅན། བརྡ་འཕྲིན་མཉམ་སྤྱོད་ཅན་བཅས་ཀྱི་ཚན་རྩལ་རང་བཞིན་གྱི་ཚད་བརྒལ་བཅོས་སྐྱོང་ས་ཚིགས་བཙུགས་ནས། རྒྱང་སྒྱུར་དཔང་ཡིག་དང་སྒྲིག་འགལ་གནས་ཚུལ་རྩད་གཅོད། ས་ཚིགས་ནང་ཁུལ་གྱི་ཁྲིམས་འཛིན་བརྡ་འཕྲིན་ཅན་བཅས་སུ་བཏང་། པུའུ་དང་ཞིང་ཆེན། ས་ཚིགས་རིམ་པ་གསུམ་གྱི་སྦྲེལ་དྲའི་བདག་དོམ་རྣམ་པ་མངོན་འགྱུར་བྱས་ཡོད།

མཚོ་སྔོན་ཞིང་ཆེན་གཞུང་ལམ་ལམ་སྲིད་ཁྲིམས་འཛིན་སྤྱི་ཁྱབ་རུ་ཁག་གི་ལམ་སྲིད་བདག་དོམ་ཁའོ་ཡི་ཁའོ་ཀྲང་ཝང་ཧོང་ཅན་གྱིས་ངོ་སྤྲོད་ལྟར་ན། ཞིང་ཆེན་ཡོངས་སུ་ད་ལྟ་ཁྱོན་བསྡོམས་སྲ་བརྟན་ཅན་གྱི་ཚད་བརྒལ་བཅོས་སྐྱོང་ས་ཚིགས་མི་འདྲ་བ14གསར་འཛུགས་བྱས་ཤིང་། གྲ་ལུང་ཚད་བརྒལ་བཅོས་སྐྱོང་ས་ཚིགས་ནིS204ལམ་ཐིག་སྟེང་གི་ཀན་སུའུ་དང་མཚོ་སྔོན་མཐའ་མཚམས་ཀྱི་འགག་སྒོ་གལ་ཆེན་ཞིག་ཡིན། ཕྱོགས་གཉིས་ཀའི་འགྲོ་འོངས་ཡོད་ཚད་ལ་ཁྱོན་ཡོངས་ནས་ཚད་ལེན་དཔྱད་ཞིབ་བྱེད་པའི་ས་ཚིགས་བཙུགས་ཤིང་། དེ་ལས་ཀྱང་ཞིང་ཆེན་ཡོངས་སུ་མིག་སྔར་གསར་འཛུགས་བྱས་པའི་སྤྱི་བདེ་དང་འགྲིམ་འགྲུལ་ཉེན་རྟོག་པ། སྐྱེལ་འདྲེན་བདག་དོམ། ལམ་སྲིད་བཅས་ཀྱིས་དུས་ཚོད24ཡི་རིང་ལ་མཉམ་འབྲེལ་སྒོས་གཏན་སྡོད་བྱེད་པའི་ཁྲིམས་འཛིན་ལག་བསྟར་བྱེད་ཡུལ་གཙོ་བོ་ཞིག་ཡིན། དེའི་ཚན་རྩལ་བརྡ་འཕྲིན་ཅན་གྱི་གྲུབ་ཚུལ་ཧ་ཅང་མཐོ་པས་མི་མེད་བཟོ་ཡུལ་གྱི་ཚད་ལེན་དཔྱད་ཞིབ་དང་གློག་མིག་གི་པར་ལེན་མ་ལག རླངས་འཁོར་གྱི་འཁོར་ལམ་རིགས་བཀར་མ་ལག ལྗིད་ཚད་ཚད་བརྒལ་སྐྱེལ་འདྲེན་བྱེད་པའི་ཁྲིམས་འགལ་རླངས་འཁོར་བཅས་ལ་རང་འགུལ་སོགས་ངོས་འཛིན་ཐུབ་པས། ས་ཚིགས་དེ་གསར་འབྱེད་བྱས་པས། མཚོ་སྔོན་ལམ་སྲིད་ཀྱི་ཚད་བརྒལ་བཅོས་སྐྱོང་བྱ་བ་དེ་བགྲོད་ལམ་གསར་བ་ཞིག་ལ་སྤོས་ཡོད་ཟེར།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར། རང་ཞིང་གི་གྲ་ལུང་གཞུང་ལམ་སྟེང་མགྱོགས་ཚད་དང་ལྗིད་ཚད་བརྒལ་བར་ཚད་ལེན་དཔྱད་ཞིབ་བྱེད་རྒྱུ་དངོས་སུ་འགོ་བརྩམས་པ།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།