ས་ནག་ལས“གསེར་ནག”སློག་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། གསེར་མདོག་གི་ཟླ་བཅུ་པ་ནི་ལོ་ཏོག་བསྡུ་པའི་དུས་ཚིགས་ཡིན་པས། ཟླ10ཚེས18ཉིན་མཚོ་ཤར་གྲོང་ཁྱེར་བདེ་ཁམས་ས་ཁུལ་གནའ་མཁར་སྡེ་བས་ཞིང་ནང་གི་གང་སར་འཕྲུལ་ཆས་ཀྱི་སྒྲ་ཡིས་ཁེངས་འདུག འཕྲུལ་ཆས་ཀྱི་རྗེས་སུ་མི་རྣམས་ཀྱིས་འཚང་ཁ་རྒྱག་བཞིན་འཕྲུལ་ཆས་ཀྱིས་སློག་ནས་ས་ཁར་བླངས་པའི་ཀླུ་བདུད་རྡོ་རྗེ་འཐུ་བཞིན་ལུས་པོ་རྔུལ་ཆུས་བརྫིས་ན་ཡང་ངོ་གདོང་ལ་རེ་བའི་འཛུམ་མདངས་འཁྱིལ།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།