མགོ་ལོག་བོད་ཀྱི་ཐོན་ཟོག་འགྲེམས་ཐེངས་གཉིས་པ་ཧྲང་ཧེ་གྲོང་ཁྱེར་ནས་འགོ་བརྩམས་པ།

ཧྲང་ཧེ་གྲོང་ཁྱེར་གྱི་མི་དམངས་འགྲེམས་སྟོན་ས་ཁུལ་དུ་འདུས་ནས་ཞིང་ཕྱུགས་ཐོན་རྫས་ཀྱི་འགྲེལ་བཤད་ལ་རྒྱུས་ལོན་དང་ཉོ་འཚོང་བྱེད་བཞིན་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཟླ10ཚེས18ཉིན། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། ཧྲང་ཧེ་ཞིང་ལས་འགྲེམས་སྟོན་ཁང་བཅས་ཀྱིས་གཙོ་སྒྲུབ་གནང་བའི“མཚོ་སྔོན་མགོ་ལོག་ཁུལ་གྱི་མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་འགྲེམས་སྟོན་སྐབས་གཉིས་པའི་ཧྲང་ཧེ་གྲོང་ཁྱེར་གྱི་འགྲེམས་སྟོན་བྱེད་སྒོ་དང་། 2019ལོའི་ཧྲང་ཧེ་གསེར་ལྡན་དུས་ཀྱི་ཞིང་ལས་ཐོན་རྫས་ཀྱི་མཉམ་འབྲེལ་འགྲེམས་སྟོན་ཆེན་མོ་ཧྲང་ཧའེ་གྲོང་ཁྱེར་གྱི་ཞིང་ལས་འགྲེམས་སྟོན་ཁང་ནས་འགོ་ཚུགས་པ།

ཐེངས་འདིའི་འགྲེམས་སྟོན་ཉོ་འཚོང་གྲོས་ཚོགས་ཀྱིས“གངས་ལྗོངས་མགོ་ལོག སྤྲིན་གསེང་གི་སྤུས་ལེགས་ཐོན་རྫས”ཞེས་པ་བརྗོད་དོན་དུ་བཟུང་ཡོད། འགྲེམས་སྟོན་དུས་ཚོད་ནི་ཟླ10པའི་ཚེས18ཉིན་ནས་ཚེས20ཉིན་བར་ཡིན་ཞིང་། ཧྲང་ཧེ་གྲོང་ཁྱེར་གྱི་ཞིང་ལས་འགྲེམས་སྟོན་ཁང་གི་ཐོག་སོ་དང་པོའི་འགྲེམས་སྟོན་ཚོམས་ཆེན་དུ་ཆེད་བཟོས་འགྲེམས་སྟོན་ཁུལ་གསར་འཛུགས་བྱས་ཏེ། ཁྱོན་ཡོངས་ནས་མགོ་ལོག་ཁུལ་གྱི་ཁྱད་ལྡན་ཞིང་ཕྱུགས་ལས་ཐོན་རྫས་འགྲེམས་སྟོན་བྱས། ཐེངས་འདིའི་འགྲེམས་སྟོན་ཉོ་འཚོང་གྲོས་ཚོགས་ལ་ཟབ་ཞུགས་བྱས་པའི་མགོ་ལོག་ཁུལ་གྱི་ཁེ་ལས་ལ་མཚོ་སྔོན་གྱི་ཀུང་ཟི5369ཡོད། མགོ་ལོག་གངས་ལྗོངས་གཅེས་ནོར་དང་སྐལ་བཟང་མེ་ཏོག གསེར་ལྡན་རྩྭ་ཐང་སོགས་མགོ་ལོག་ཁུལ་གྱི་ཞིང་ཕྱུགས་ལས་ཐོན་རྫས་ཅན་གྱི་ཁེ་ལས་གཙོ་བོ25 སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང16བཅས་ཡོད། འགྲེམས་སྟོན་ཐོན་རྫས་ལ་མགོ་ལོག་ས་ཁོངས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ལས་ཐོན་རྫས་དང་ས་གནས་ཁྱད་ལྡན་ཐོན་རྫས། མི་རིགས་ལག་ཤེས་བཟོ་རྩལ། ཀྲུང་བོད་ལུགས་སྨན་རྫས་རྒྱུ་ཆ། བོད་ཇ་སོགས་རིགས་ཆེན་པོ5ཡི་ཐོན་རྫས་མི་འདྲ་བ200ལྷག་ཡོད། འགྲེམས་སྟོན་ཉོ་འཚོང་གྲོས་ཚོགས་སྟེང་མགོ་ལོག་ཁུལ་གྱི་ཁེ་ལས6དང་ཧྲང་ཧེ་གྲོང་ཁྱེར་གྱི་ཁེ་ལས6ལ་ཐོན་རྫས་ཕྱིར་འཚོང་གི་མཐུད་སྦྲེལ་གྲོས་མཐུན་གན་རྒྱ་བཞག

ཐེངས་འདིའི་འགྲེམས་སྟོན་ཉོ་འཚོང་གྲོས་ཚོགས་སྟེང་ཞིང་ཕྱུགས་ལས་ཐོན་རྫས་ལ་སྐུལ་འདེད་བྱེད་པའི་གྲོས་ཚོགས་བསྡུས་པ་བརྒྱུད། ཧྲང་ཧེ་གྲོང་ཁྱེར་གྱི་ས་ཁུལ་སོ་སོའི་ངོས་འཛིན་ནུས་པ་དང་མགོ་ལོག་གི་རང་བྱུང་ཁོར་ཡུག མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ལས་ཐོན་རྫས། མི་རིགས་ལག་ཤེས་བཟོ་ལས་སྒྱུ་རྩལ་བཅས་ཀྱིས་མགོ་ལོག་གི་ཁེ་ལས་དང་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་སོགས་ཀྱིས་ཚད་མང་པོ་ཞིག་ནས་ཧྲང་ཧེ་ལ་རྒྱུས་ལོན་དང་ཚད་ངེས་ཅན་གྱི་སྒོ་ནས་གྲོས་མཐུན་མཉམ་ལས་ལ་རྒྱ་བསྐྱེད་ནས། མགོ་ལོག་ཞིང་ཕྱུགས་ལས་ཐོན་རྫས་དེ་ཧྲང་ཧེ་གྲོང་ཁྱེར་ལ་སྐྱོད་པ་དང་ཧྲང་ཧེ་མང་ཚོགས་ལ་ཉེ་བར་བཅར་ནས། གོམ་གང་མདུན་སྤོས་སྒོས་མགོ་ལོག་ཁུལ་གྱི་མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ལས་ཐོན་རྫས་ཀྱི་མཚན་སྙནཧྲང་ཧེ་རུ་ཆེས་ཆེར་རྒྱས་སུ་བཅུག་པ་རེད།

ལོ་འདི་དག་གི་རིང་ལ། ཧྲང་ཧེ་གྲོང་ཁྱེར་གྱིས་མགོ་ལོག་ཁུལ་གྱི་གྲུབ་འབྲས་ལ་རོགས་སྐྱོར་བྱས་ལ། དེ་ཡང2011ལོ་ནས་བཟུང་མགོ་ལོག་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱས་པ་ནས་བཟུང་། ཧྲང་ཧེ་རུ་མགོ་ལོག་གི་ཞིང་སྡེ་གསར་བ་འཛུགས་སྐྲུན་དང་སྤྱི་ཚོགས་བྱ་གཞག ཐོན་ལས་འཕེལ་རྒྱས། ཤེས་ལྡན་པའི་འཇོན་ནུས་སྐྱེད་བསྲིངས་སོགས་ཕྱོགས་མི་འདྲ་བ་བཅུ་གཉིས་ཀྱི་ལས་གཞི631ལ་མ་དངུལ་བཏང་ཞིང་། སྤྱིའི་མ་དངུལ་གཏོང་ཚད་དུང་ཕྱུར21.03ལ་བུད་པ་དང་། ཚད་ངེས་ཅན་གྱི་སྒོ་ནས་མགོ་ལོག་ཞིང་ཕྱུགས་དང་སློབ་གསོ། རིག་གནས། འཕྲོད་བསྟེན། ཚན་རྩལ་བཅས་ཀྱི་ཐད་ལ་སྤྱི་ཚོགས་དཔལ་འབྱོར་བྱ་གཞག་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་བཏང་བ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།