2019ལོའི་དབུལ་སྐྱོར་ཉིན་མོར་མཚོ་སྔོན་ཞིང་ཆེན་གྱིས་དབུལ་སྐྱོར་བྱ་འགུལ་རབ་དང་རིམ་པའི་ལས་སྒོ་ཕྱེས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཟླ10ཚེས17ཉིན་ནི་རང་རྒྱལ་གྱི་དབུལ་སྐྱོར་ཉིན་མོ་ཐེངས་དྲུག་པ་དང་རྒྱལ་སྤྱིའི་དབུལ་སེལ་ཉིན་མོ་ཐེངས27པ་ཡིན་པས། མཚོ་སྔོན་ཞིང་ཆེན་གྱི་དབུལ་སྐྱོར་མཁྲེགས་གཏོར་གྱི་གྲུབ་འབྲས་གལ་ཆེན་ཁྱོན་ཡོངས་ནས་འགྲེམས་སྟོན་བྱེད་པ་དང་། སྤྱི་ཚོགས་ཧྲིལ་བོའི་ལས་མི་དག་གིས་་དབུལ་སྐྱོར་ལ་དོ་ཁུར་བྱེད་པ། སྟོབས་ཤུགས་མཉམ་འདྲེས་ཀྱིས་དབུལ་ཐར་མཁྲེགས་གཏོར་དང་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པའི་རྣམ་པ་ལེགས་པོ་ཞིག་གསར་སྐྲུན་བྱ་ཆེད། 2019ལོའི་དབུལ་སྐྱོར་ཉིན་མོའི་རིམ་བསྟར་བྱ་འགུལ་དེ་ཟི་ལིང་གྲོང་ཁྱེར་དུ་འགོ་ཚུགས་པའི་མཛད་སྒོ་སྤེལ། ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲོན་གྱི་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་དག་གི་རོགས་སྐྱོར་འོག་ཡུལ་དངོས་དྲིལ་སྒྲོག་བྱ་འགུལ་ལ་ཞུགས་པ་རེད།

2019ལོའི་དབུལ་སྐྱོར་ཉིན་མོའི་རིམ་བསྟར་བྱ་འགུལ་གྱིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པ་གཉིས་ཀར་ཟུང་འབྲེལ་གྱིས་ཡོངས་ཁྱབ་རང་བཞིན་དང་རིམ་པ་མང་པོ། རྣམ་པ་སྣ་མང་བཅས་ཀྱིས་དྲིལ་སྒྲོག་འགྲེམས་སྟོན་དེ་འཐུས་ཚང་ཅན་ཏུ་བཏང་ནས། མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་ཐད་ལ་གྲུབ་འབྲས་གལ་ཆེན་ཞིག་བླངས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་ཡོངས་ཀྱི་ཁོངས་མི་དག་གིས་དབུལ་ཐར་ལ་དོ་ཁུར་དང་ཁྱོན་ཡོངས་ནས་མཁྲེགས་གཏོར་བྱས་ཏེ། རྒྱལ་ཁ་ཕུ་ཐག་ཆོད་པ་མ་ལོན་བར་དུ་གཏན་ནས་མཚམས་འཇོག་མི་རུང་བའི་མཁྲེགས་གཏོར་གྱི་རྣམ་པ་ལེགས་པོ་ཞིག་ཆགས་སུ་འཇུག་དགོས་པ་བསྟན།

རྒྱུས་ལོན་པ་ལྟར་ན། བྱ་འགུལ་གྱི་ཉི་མ་དེར་ཞིང་ཆེན་གྱི་ཐད་གཏོགས་ལས་ཁུངས121ཟབ་ཞུགས་བྱས་ཤིང་། འགྲེམས་བྱང650ལྷག་འགྲེམས་སྟོན་བྱས་ཡོད། དེ་དང་ཆབས་ཅིག《འཛད་སྤྱོད་ལ་བརྩེ་བ་ཡོད་པ་དང་བརྩེ་སེམས་ལ་རིན་ཐང་བྲལ་ཞེས་པའི་དབུལ་སྐྱོར་འཛད་སྤྱོད་ཀྱི་བརྩེ་སེམས་འགུལ་སྐྱོད་དྲིན་གཟོའི་བསམ་འཆར》དང《དབུལ་སྐྱོར་དབུལ་སེལ་ང་ཚོ་དང་མཉམ་དུ་ཡོད། “ཀྲུང་གོའི་སྤྱི་ཚོགས་དབུལ་སྐྱོར་དྲ་བ།” བརྩེ་སེམས་མི་སྣའི་ཐོ་འགོད་བསམ་འཆར་ཡི་གེ》 དབུལ་སྐྱོར་དྲིལ་སྒྲོག་ལག་དེབ་སོགས་དཔྱད་གཞིའི་ཡིག་ཆ་ཁྲི8.9འགྲེམས་སྟོན་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།