2019ལོའི་མཚོ་ནུབ་ཀྱི་སྲིད་གྲོས་བྱ་བར་བཅར་འདྲི་བྱེད་པའི་མགོ་རྩོམ་མཛད་སྒོ་དེ་མཚོ་ནུབ་ཁུལ་དུ་བསྡུས།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ༢༠༡༩ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར༧༠ལོན་པ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར༧༠ལོན་པའི་ལོ་ཡིན་ལ།དུས་མཚུངས་སུ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་བཙུགས་ནས་ལོ་འཁོར༧༠ལོན་པའི་ལོ་ཡིན། ད་ལོའི་ལོ་སྟོད་ལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུང་ཞི་བཱང་ཡཱང་གིས་བྱ་བའི་སྙན་ཞུའི་ཁྲོད་བསྟན་དོན།༢༠༡༩ལོར་རྒྱལ་ཡོངས་སྲིད་གྲོས་ཀྱིས་རྩ་འཛུགས་བྱས་ཏེ་མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར༧༠ལོན་པར་རྟེན་འབྲེལ་ཞུ་བར་བྱེད་ཐབས་སྣ་མང་བརྒྱུད་ནས། མི་དམངས་སྲིད་གྲོས་ཀྱིས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་སྤྱིར་བཏང་མ་ཡིན་པའི་ལོ་རྒྱུས་ཀྱི་བྱུང་བ་མངོན་འགྱུར་བྱེད་དགོས་པ་དང་།སྐབས་རེ་རེའི་སྲིད་གྲོས་ཨུ་ཡོན་དག་གི་ཧུར་བརྩོན་གྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་ཞེས་པ་དང་།ཀྲུའུ་ཞི་བཱང་ཡང་གི་གཏམ་བཤད་ཀྱི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་ཆེད། མཚོ་ནུབ་ཁུལ་སྲིད་གྲོས་ཀྱིས་རྩ་འཛུགས་བྱས་ཏེ།གསར་འགྱུར་སྡེ་ཁག༡༣གྱིས་གྲུབ་པའི་ལོ་འཁོར་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་འཁོར་བདུན་ཅུའི་མཚར་སྡུག་འཕེལ་རྒྱས་ཞེས་པའི༢༠༡༩ལོར་མཚོ་ནུབ་ཀྱི་སྲིད་གྲོས་བྱ་བར་བཅར་འདྲི་བྱེད་པའི་མགོ་རྩོམ་མཛད་སྒོ་དེ་མཚོ་ནུབ་ཁུལ་དུ་བསྡུས།

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཧེ་ལན་གྱིས་གཏམ་བཤད་གནང་བ།

ཐེངས་འདིའི་མགོ་རྩོམ་མཛད་སྒོ་ལ་ལས་རིམ་གཉིས་ཀྱིས་དབྱེ་བ་སྟེ།ལམ་རིམ་དང་པོ་ནི་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཧེ་ལན་གྱིས་གཏམ་བཤད་གནང་བ།ལས་རིམ་གཉིས་པ་ནི་ཁུལ་སྲིད་གྲོས་ཀྱི་འགོ་ཁྲིད་ཀྱིས་བཅར་འདྲི་ཚོགས་པར་འཕྲེད་དར་འབུལ་བ།

ཁུལ་སྲིད་གྲོས་ཀྱི་འགོ་ཁྲིད་ཀྱིས་བཅར་འདྲི་ཚོགས་པར་འཕྲེད་དར་འབུལ་བཞིན་པ།

ཐེངས་འདིའི་བཅར་འདྲི་ཚོགས་པ་ལ་ཀྲུང་དབྱང་རླུང་འཕྲིན་དྲ་བ་དང་།ཀྲུང་གོ་བོད་ལྗོངས་དྲ་བ། མཚོ་སྔོན་བརྙན་འཕྲིན་ཁང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་།ཀྲུང་གོ་བོད་ཀྱི་དྲ་བ། ཚྭ་འདམ་ཚགས་པར། མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་གསར་འགྱུར་སྡེ་ཁག་བཅུ་གསུམ་གྱིས་གྲུབ་ཡོད་ལ།ཉིན་བཅུའི་རིང་ལ། མཚོ་ནུབ་ཀྱི་ས་ཁུལ་སོ་སོར་བསྐྱོད་ནས་ལོ་འཁོར་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་འཁོར་བདུན་ཅུའི་མཚར་སྡུག་འཕེལ་རྒྱས་ཞེས་པ་བརྗོད་སྙིང་དུ་བཟུང་ནས་བཅར་འདྲིའི་བྱ་འགུལ་སྤེལ་རྒྱུ་རེད།