《མཚོ་སྔོན་ཉིན་རེའི་ཚགས་པར》གསར་དུ་བཏོད་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་ལས་བཟོ་བའི་རིག་རྩལ་འཁྲབ་སྟོན་བསྡུས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ལོ་ངོ་70ཡི་དཀའ་སྡུག་གི་ཆར་རླུང་བརྒྱུད་རུང་ཐོག་མའི་བསམ་འདུན་མི་འགྱུར། ལོ་ངོ་70ཡི་འཕེལ་རྒྱས་ཀྱི་གཟི་དཔལ་འཕྲོ་ཡང་མདུན་སྐྱོད་ཀྱི་གོམ་ཁ་ལྷོད་མེད། ཟླ་10ཚེས་16ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་ཟི་ལིང་དུ《མཚོ་སྔོན་ཉིན་རེའི་ཚགས་པར》གསར་དུ་བཏོད་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་ལས་བཟོ་བའི་རིག་རྩལ་འཁྲབ་སྟོན་བྱས་པ་དང་། ཚགས་པར་ཁང་གི་ཚན་ཁག་སོ་སོས་རང་རྩོམ་རང་འཁྲབ་བྱས་པའི་རིག་རྩལ་ལེ་ཚན15ཡིས་ཚགས་པར་ཁང་གི་ལས་འཁྱུར་རྒན་རབས་པ་དང་ཁྱིམ་མི། ལས་བཟོ་བ་བཅས་མི་སྟོང་ལྷག་གི་ཡིད་དབང་ཅིག་ཅར་ཏུ་འཕྲོགས་ཤིང་། དགའ་བའི་གླུ་དང་སྐྱིད་པའི་བྲོ་གར་གྱིས་མཚོ་སྔོན་ཉིན་རེའི་ཚགས་པར་ལ་སྐྱེས་སྐར་གྱི་སྨོན་འདུན་ཞུས་པ་རེད། 

“མཚར་སྡུག་གི་ལོ་ངོ70མདུན་སྐྱོད་ཀྱི་དུས་རབས་གསར་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་གཞོན་ནུ་ཚགས་པར་བ་ཡོངས་ཀྱིས་ཏང་དང་མི་དམངས་དང་རྡོག་རྩ་གཅིག་སྒྲིལ་གྱིས་མཚོ་སྔོན་གྱི་ཡར་རྒྱས་དང་ལྷན་དུ་གོང་འཕེལ་དུ་གཏོང་བ་དང་། བླ་ན་མེད་པའི་གསར་འགྱུར་གྱི་ཕུགས་འདུན་མངོན་འགྱུར་བྱས་ནས་མཚོ་སྔོན་ཉིན་རེའི་ཚགས་པར་གྱི་འོད་སྟོང་ལྡན་པའི་མ་འོངས་བ་གསར་ཏུ་གཏོད་པར་སྐུལ་ལྕག་བྱས་པ་རེད།

ཞབས་བྲོ། 《སྤྲོ་སེམས་འཁོལ་བའི་རྩྭ་ཐང་།》

གླུ་གར་ཞབས་བྲོ།《དེ་རིང་ནི་ཁྱེད་ཀྱི་སྐྱེས་སྐར་ཡིན།》

མཉམ་ལེན། 《གསར་འགོད་པའི་དུས་གསུམ།》