རང་ཞིང་གིས་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་མཇུག་བསྡུ་བའི་རིམ་བསྟར་བྱེད་སྒོ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཟླ10ཚེས16ཉིན་གྱི་ཕྱི་དྲོར། ཞིང་ཆེན་སྲིད་གཞུང་གི་གསར་འགྱུར་གཞུང་སྒྲུབ་ཁང་གིས་སྤེལ་བའི་གསར་འགྱུར་ཁྱབ་སྤེལ་གྲོས་ཚོགས་སྟེང་། རང་ཞིང་གི2019ལོའི་རིག་གནས་ཡུལ་སྐོར་དུས་ཆེན་མཇུག་བསྡུ་བའི་རིམ་བསྟར་བྱེད་སྒོ་སྤེལ་རྒྱུར་བཀོད་སྒྲིག་བྱས། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་བློ་རྩེ་གཅིག་སྒྲིམ་སྒོས་ལས་གཞི་མི་འདྲ་བ་བཅུ་ཡི་རིམ་བསྟར་བྱེད་སྒོ་རྩ་འཛུགས་དང་གྲབས་གཉེར་བྱས་པ་རེད།

ལས་གཞི་བཅུའི་རིམ་བསྟར་བྱ་འགུལ་སོ་སོར“དགོང་འཚོགས་ཐེངས་གཅིག”སྟེ། ཟླ10ཚེས29ཉིན། མང་ཚོགས་དང་ཆེད་ལས་ཕུལ་བྱུང་རིག་རྩལ་ལེ་ཚན་ཕྱོགས་བསྡུས་བྱས་ཡོད་ལ། མཚོ་སྔོན་ཟློས་གར་གླིང་དུ2019ལོའི་རིག་གནས་ཡུལ་སྐོར་དུས་ཆེན་མཇུག་བསྡུ་བ་དང་། ཞིང་ཆེན་ཡོངས་ཀྱི་མང་ཚོགས་རིག་རྩལ་འཁྲབ་སྟོན་ལ་བྱ་དགའ་གནང་བའི་དགོང་ཚོགས། “འགྲེམས་སྟོན་ཐེངས་ཤིག”སྟེ། ཟླ9ཚེས20ནས2020ལོའི་ཟླ2ཚེས20ཉིན་བར། མཚོ་སྔོན་བོད་ཀྱི་རིག་གནས་དངོས་མང་བཤམས་སྟོན་ཁང་གིས“ལོ་ངོ་བདུན་ཅུའི་རིང་གི་འོད་སྟོང་འབར་བའི་དུས་རབས་གསར་བ་སྟེ། “རྒྱུད་གཅིག་ལམ་གཅིག”ཁྲོད་ཀྱི་མཚོ་སྔོན”ཞེས་པའི་འགྲེམས་སྟོན། “ཚོན་མདོག་གི་རླངས་འཁོར”ཏེ། ཟླ10ཚེས18ཉིན། ཞིན་ཉིན་ཐང་ཆེན་དུ“ཀྲུང་ཧྭའི་ཆུ་མཛོད”ཞེས་པའི་མཚོ་སྔོན་གྱི་ཚོན་མདོག་རླངས་འཁོར་གྱིས་མཚོ་སྔོན་གྱི་འདས་སོང་འགྲེམས་སྟོན་བྱེད་པ། “བྱ་འགུལ་ཐེངས་ཤིག” སྟེ་མཚོ་སྔོན་གྱི་གཙག་དྲུབ་ཚོང་རྟགས་གསར་བཟོ་བྱེད་པའི་ནུས་པ་མཐོར་འདེགས་སུ་གཏང་བ། “གསར་རྩོམ་བྱས་པའི་ཕུལ་བྱུང་འཁྲབ་གཞུང་གི་རིམ་བསྟར་འཁྲབ་སྟོན”ཏེ། རང་ཞིང་གིས་ཕུལ་བྱུང་འཁྲབ་གཞུང་འགྲེམས་སྟོན་དང་འཁྲབ་སྟོན་བྱས་ནས། ཁུན་མིང་རྒྱལ་སྤྱིའི་ཡུལ་སྐོར་བསམ་བློ་བརྗེ་རེས་ཀྱི་ལྷན་ཚོགས་ལ་ཞུགས་པ། འཁྲབ་སྟོན་འགྲེམས་སྟོན་གྱིས་གཙོ་བོ་མཚོ་སྔོན་གྱི་ཐུག་པ་བཟོ་མཁན་དག་གི་འབད་བརྩོན་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་པའི་དེང་རབས་ཀྱི་འཁྲབ་གཞུང་ཟློས་གར《རྨ་ཆུའི་ཁ་ཡི་ཐུག་པ་བཟོ་མཁན》དང་། དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་པའི་ནང་དུ་མཚོ་སྔོན་ཚྭ་འདམ་གཞུང་གི་ས་རྒྱུ་རྩད་ཞིབ་རུ་ཁག་བུད་མེད་བརྒྱད་ཀྱི་མི་སེམས་འགུལ་བའི་འདས་དོན་མཚོན་པའི་དེང་རབས་པེ་ཅིན་ཟློས་གར《མི་ཚེ་དབྱར་གྱི་མེ་ཏོག 》བཅས་རེད། 《མི་ཚེ་དབྱར་གྱི་མེ་ཏོག》མི་འགྱངས་བར་ཞིང་ཆེན་ཡོངས་སུ་ཏང་གི་སློབ་ཁྲིད་འཁྲབ་སྟོན་ཟློས་གར་དུ་བྱས་ཏེ་སྐོར་ཞིབ་འཁྲབ་སྟོན་བྱེད་རྒྱུ་རེད། “འཆར་འགོད་གཅིག”སྟེ། རྨ་ཆུའི་རིག་གནས་ལ་སྲུང་སྐྱོབ་དང་རྒྱུན་འཛིན་དར་སྤེལ་བྱེད་པའི་ཆེད་དོན་འཆར་འགོད་རྩོམ་སྒྲིག་བྱ་བ་འགོ་བརྩམས་པ། “པུའུ་དང་ཞིང་ཆེན་གྱི་མཉམ་འབྲེལ་བསམ་བློ་བརྗེ་རེས་བྱེད་པའི་བྱ་འགུལ་གཅིག” ཟླ11པའི་ཟླ་འགོར་རྩ་འཛུགས་མི་སྣ་དག་ཐའེ་ལན་ཊི་རྒྱལ་ཁབ་ཀྱི་མན་ཀོའུ་ཀྲུང་གོའི་རིག་གནས་ལྟེ་གནས་སུ་སོང་སྟེ་པུའུ་དང་ཞིང་ཆེན་རིམ་པའི་མཉམ་ལས་བསམ་བློ་བརྗེ་རེས་ཀྱི་བྱ་འགུལ་རིམ་པ་གསུམ་པ་སྟེ། “མཛེས་སྡུག་གི་མཚོ་སྔོན་ཐའེ་ལན་ཊི་རྒྱལ་ཁབ་ལ་བསྐྱོད་པ”ཞེས་པའི་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་འགྲེམས་སྟོན་བྱས། “མཛད་སྒོ་གཅིག་དང་སྐུལ་འདེད་གྲོས་ཚོགས” ཏེ། དགུན་དཔྱིད་དུས་ཚིགས་ཀྱི་ཡུལ་སྐོར་སྒོ་འབྱེད་མཛད་སྒོ་དང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྐུལ་འདེད་གྲོས་ཚོགས་སྤེལ་རྒྱུ་ཡིན་པ། “དམངས་ཕན་བྱང་བུ་གཅིག”སྟེ། ཟླ10ཚེས22ཉིན། སྐབས་ཐོག་མའི་རིག་གནས་ཀྱི་དམངས་ཕན་བྱང་བུ་ཁྲི5མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དམངས་ཕན་ཞབས་ཞུའི་ལྟེ་གནས་སུ་མར་གནང་བ་དང་གྲོང་ཁྱེར་མི་དམངས་ཀྱིས་རིག་གནས་སྒྱུ་རྩལ་གྱི་གྲུབ་འབྲས་མཉམ་སྤྱོད་བྱས་པ་རེད།“གན་རྒྱ་ཤིག” རྒྱལ་ཁབ་ཀྱི་ཚན་རྩལ་ལ་བརྟེན་ནས“མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཆར་གཞི”དང་གསར་གཏོད་སྒུལ་ཤུགས་ཀྱི་འཕེལ་རྒྱས་ཐབས་ཇུས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་དུ་སྤེལ་ཆེད། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་གྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་དང་མཐོ་སྒང་ཚན་རིག་མུར་འཕེལ་འཕེལ་རྒྱས་ཞིབ་འཇུག་གླིང་བར་ལ་ཐུན་མོང་གི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་གན་རྒྱ་བཞག་སྟེ། འཐབ་ཇུས་མཉམ་འབྲེལ་འབྲེལ་བ་གསར་འཛུགས་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།