མཚོ་བོད་ཉེན་རྟོག་པས་སྒོར་ཁྲི100དང་འབྲེལ་བའི་གྱོད་གཞི་ཞིག་རྩད་ཆོད་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན། ཡུལ་ཤུལ་ཁུལ་འབྲི་སྟོད་རྫོང་སྤྱི་བདེ་ཅུའུ་ཡིས་བརྐུ་འཁྱེར་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་བྱུང་སྟེ། ཟླ10པའི་ཟླ་མགོར་དབུས་གཙང་ནས་ཉེས་ཅན་མི་སྣ་འཛིན་བཟུང་བྱས་ཤིང་བརྐུས་རྫས་མང་པོ་ཞིག་ལག་སོན་བྱུང་བ་རེད།

ཟླ5པའི་ཚུན་ལ། འབྲི་སྟོད་རྫོང་ནས་ཁྱིམ་ཚང་ནང་རྐུན་མ་འཛུལ་བའི་གྱོད་དོན་མང་པོ་ཞིག་བྱུང་བས། མང་ཚོགས་ཀྱིས་དོ་ཁུར་ཚད་མཐོ་ཞིང་སྤྱི་ཚོགས་ལ་ཤུགས་རྐྱེན་མི་ལེགས་པ་ཐེབས་པ་རེད།

རིམ་པ་གོང་མའི་སྤྱི་བདེ་ལས་ཁུངས་ཀྱི་རྒྱབ་སྐྱོར་དང་སྡེ་ཁག་མང་པོའི་རམ་འདེགས་འོག ཉེས་ཅན་མི་སྣ་དང་གྱོད་སྒྲུབ་རླངས་འཁོར་གྱི་ཁུངས་སྣེ་རྙེད་དེ། ཡུལ་ཤུལ་གྲོང་ཁྱེར་དུ་སྦས་སྐུང་བྱས་པའི་ཉེས་ཅན་མི་སྣ་ཁྲ་ཆེ་གེ་མོ(叉某)འཛིན་བཟུང་བྱས། ཉེས་ཅན་མི་སྣ་ལའེ་ཆེ་གེ་མོས(来某)རྐུན་གྲོགས་འཛིན་བཟུང་བྱས་པ་ཤེས་རྗེས། བརྐུས་རྫས་ཁྱེར་ནས་བྲོས་བྱོལ་བྱས། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་མཚན་བརྒྱབས་ནས་འཛིན་བཟུང་བྱ་བ་བསྒྲུབས་ཏེ། ནང་ཆེན་རྫོང་སྤྱི་བདེ་ཅུའུ་དང་བོད་རང་སྐྱོང་ལྗོངས་ཝུའུ་ཆིས་རྫོང་སྤྱི་བདེ་ཅུའུ་ཡི་རམ་འདེགས་འོག ཉེས་ཅན་མི་སྣ་ལའེ་ཆེ་གེ་མོ་ཡང་འཛིན་བཟུང་བྱས་པ་རེད།

འདྲི་གཅོད་བྱས་པ་བརྒྱུད། ཉེས་ཅན་གཉིས་ཀྱིས་འབྲི་སྟོད་རྫོང་ནས་བརྐུ་ཁྱེར་གྱོད་གཞི10ལྷག་ཙམ་བྱུང་བའི་ཉེས་པ་ཁས་ལེན་བྱས་ཤིང་། ཐོག་མའི་སྔོན་རྩིས་ལྟར་ན་ཐེངས་འདིའི་གྱོད་འབྲེལ་དངོས་རྫས་ལ་སྒོར་ཁྲི100ལྷག་གི་རིན་ཐང་ལྡན་ཟེར།

བརྐུས་རྫས།

བརྐུས་རྫས།

བརྐུས་རྫས།

བརྐུས་རྫས།

ལོ་ཙཱ་བ། ལྷ་ཆེན་རྒྱལ།