ལུང་མདོའི་རྩོམ་པ་པོ6གིས་གསར་རྩོམ་འདྲ་མིན9པར་འགྲེམས་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཟླ10པའི་ཚེས13ཉིན། མཚོ་ཤར་གྲོང་ཁྱེར་ལུང་མདོ་ས་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་རྩོམ་པ་པོ6གིས་དཔེ་ཆ་གསར་བ་འདོན་སྤེལ་བྱེད་པའི་ཁྱབ་སྤེལ་གྲོས་ཚོགས་བསྡུས། འདི་ནི་ད་ལོར་ཧོར་གྲོང་དང་དཔའ་ལུང་གི་རྗེས་ནས། མཚོ་ཤར་གྲོང་ཁྱེར་ས་གནས་ནས་སྐྱེས་པའི་རྩོམ་པ་པོ་དག་གིས་སྤེལ་བའི་དཔེ་ཆ་གསར་བ་སྤེལ་བའི་གྲོས་ཚོགས་ཤིག་རེད།

མཚོ་ཤར་གྲོང་ཁྱེར་ལུང་མདོ་ས་ཁུལ་གྱི་རྩོམ་པ་པོ6གིས་གསར་རྩོམ་གནང་བའི་བརྩམས་ཆོས་མི་འདྲ་བ9ལ་ཙོང་ཆུའི་ས་ཁོངས་རིག་གནས་ཀྱི་རྫོང་ཕུན་སུམ་ཚོགས་ལ། ཙོང་ཆུའི་རིག་གནས་ཀྱི་གཏིང་རིམ་དུ་སྤེལ་བའི་ནང་དོན་མང་པོ་ཞིག་སྔོག་འདོན་བྱས་ཡོད། ནང་དོན་དང་བརྗོད་དོན་ཕུན་སུམ་ཚོགས་པས། བརྩམས་སྒྲུང་དང་ལྷུག་རྩོམ། སྙན་ངག དམངས་ཁྲོད་རིག་གནས་སོགས་འདུས་པས། ངོས་མི་འདྲ་བ་ཞིག་ལས་མཚོ་ཤར་གྲོང་ཁྱེར་གྱི་རིག་རྩལ་བརྩམས་ཆོས་ཐད་ལ་གྲུབ་འབྲས་གསར་བ་ཞིག་བླངས་ཡོད།

མཚོ་ཤར་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ཀྲའོ་ཡིས་བཤད་རྒྱུར། མཚོ་ཤར་ནི་ཙོང་ཆུའི་རིག་གནས་ཀྱི་སྲོག་ཤིང་ལ། རིག་གནས་ཀྱི་ནང་དོན་གཏིང་ཟབ་པ། རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པས། རྩོམ་པ་པོ་མི་འདྲ་བ6གི་བརྩམས་ཆོས་གསར་བའི་དེབ་མི་འདྲ་བ9འགྲེམས་སྤེལ་བྱེད་པའི་མཛད་སྒོ་ཐོག་མ་ཡང་ཡིན་པས། འདི་ནི་ལུང་མདོ་དང་ཐ་ན་མཚོ་ཤར་ལོ་རྒྱུས་སྟེང་ཤིན་ཏུ་མཐོང་དཀོན་པས། འདི་ནི་མཚོ་ཤར་གྲོང་ཁྱེར་གྱི་རིག་རྩལ་གསར་རྩོམ་འཕེལ་རྒྱས་ཐད་ཀྱི་གཅིག་བསྡུས་འགྲེམས་སྟོན་ཤིག་ཀྱང་ཡིན།

ཤེས་རིག་གི་འཚོལ་སྙེག་ཞེས་པའི་དེབ་དེའི་རྩོམ་པ་པོ་ཏུང་དབྱིན་ཝུའུ་ཡིས་གསར་རྩོམ་གྲུབ་འབྲས་མཉམ་སྤྱོད་སྐབས་སུ་བཤད་རྒྱུར། མཚོ་ཤར་ལ་ལོ་རྒྱུས་ཀྱི་རིག་གནས་ཕུན་སུམ་ཚོགས་པས། ཁོས་དཔེ་ཀློག་ལ་བརྟེན་ནས་འགྲོ་འདུག་དང་བསམ་གཞིགས། རྩོམ་འབྲི་བཅས་ཀྱི་བྱེད་ཐབས་སྤྱད་ཡོད་པས། ལུང་མདོ་ས་ཁུལ་གྱི་འོད་སྟོང་འབར་བའི་ཙོང་ཆུའི་ལོ་རྒྱུས་ཀྱི་རིག་གནས་འཚོལ་སྙེག་བྱས་ཡོད། བཅའ་འདྲིའི་བརྒྱུད་རིམ་ཁྲོད་ལོ་རྒྱུས་ཀྱི་རྒྱུ་ཆ་དང་མཐོང་ཐོས་མྱོང་རོལ་ལ་ཞིབ་སྡུར་དང་དབྱེ་ཞིབ། རྗེས་དཔག་བཅས་ཀྱིས་རིམ་བཞིན་ད་བཟོད་ལེའུ་གསར་བ་ཞིག་གྲུབ་པར་བྱས་འདུག

ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲུང་ཡིག་ཞིན་ཡོན་ཀོས་ཀྱིས་ཕྱོགས་སྡོམ་སྐབས་སུ་བཤད་རྒྱུར། རྩོམ་པ་པོ6གི་དཔེ་ཆ་གསར་བ་འདོན་སྤེལ་དེས་ཙོང་ཆུའི་ས་ཆེན་ལ་རྐང་བཙུགས་སྟེ། སྨྱུག་ཁ་མི་དམངས་མང་ཚོགས་ལ་ཁ་གཏད་ནས། འོད་སྟོང་འབར་བའི་ཙོང་ཆུའི་ལོ་རྒྱུས་རིག་གནས་དེ་གསར་རྩོམ་གྱི་འགོ་ཁུངས་སུ་བྱས་ཡོད་པས། གསར་རྩོམ་གྱི་བརྩམས་ཆོས་ལ་ཁྱད་ཆོས་ལྡན་ཞིང་མཚོ་ཤར་ས་ཆའི་ཉེ་རབས་བརྩམས་ཆོས་གསར་རྩོམ་གྱི་གྲུབ་འབྲས་དེ་འགྲེམས་སྟོན་ཐེངས་ཤིག་ཀྱང་ཡིན།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།