དབྱང་ཧྥིན་ཁྲུན་གྱིས་གཅན་ཚ་རྫོང་དུ“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཆང་བའི”བརྗོད་དོན་སློབ་གསོའི་མཛུབ་སྟོན་སྐབས་སུ་ཏང་གི་ལོ་རྒྱུས་དང་ཐོག་མའི་བསམ་འདུན་མི་བརྗེད་པའི་སྐོར་ནས་བརྟག་དཔྱད་མཛུབ་སྟོན་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལྟར་ན།སྤྱི་ཟླ10པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་གཅན་ཚ་རྫོང་དུ་སོང་ནས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཆང་བའི”བརྗོད་དོན་སློབ་གསོའི་སྐོར་ནས་རྫོང་རིམ་པའི་རྫོང་དཔོན་གཞོན་པའི་ཡན་གྱི་ཏང་ཡོན་དང་རྫོང་ཨུའི་སྲིད་གཞུང་གི་སྡེ་ཁག་སོ་སོའི་འགན་འཁུར་མི་སྣ ། ཞང་དང་གྲོང་བརྡལ་གྱི་ཏང་ཨུའི་ཧྲུའུ་ཅི་བཅས་ལ་བརྟག་དཔྱད་མཛུབ་སྟོན་བྱས་པ་རེད།

དབྱང་ཧྥིན་ཁྲུན་གྱིས་བརྗོད་དོན་སློབ་གསོའི་དམིགས་འབེན་གྱི་རེ་བ་དང་དམ་པོར་འབྲེལ་ཏེ་གཏིང་ཟབ་པའི་སྒོ་ནས། བརྗོད་དོན་སློབ་གསོའི་དུས་རབས་ཀྱི་རྒྱབ་ལྗོངས་ལ་དབྱེ་ཞིབ་དང་གསོན་ཉམས་ལྡན་པའི་སྒོ་ནས་ཐོག་མའི་བསམ་འདུན་གྱི་དོན་སྙིང་རྒྱས་བཤད་བྱས། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་ཡིད་ལ་དམ་པོར་བཟུང་སྟེ་དེའི་ཁྲོད་ནས་ཐོག་མའི་བསམ་འདུན་དང་ཤེས་རབ་འཚོལ་བ ། མི་དམངས་མང་ཚོགས་ཀྱི་རེ་བ་འབད་འཐབ་ཀྱི་དམིགས་འབེན་དུ་བརྩིས་ཏེ་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཁྲོད་དུ་ཁ་ཕྱོགས་གསལ་པོར་འཚོལ་བ་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་ཁྲོད་དུ་བྱ་བར་ཇུས་འགོད་ཡང་དག་བྱས་ཏེ་དོན་དག་ལེགས་པོར་བསྒྲུབ་དགོས་པ་དང་། ཏང་ཡོན་ལས་བྱེད་པར་ཚང་དགོས་པའི་ནུས་པ་ཆེན་པོ་བརྒྱད་དམིགས་འབེན་དུ་བརྩིས་ཏེ་སྒྲུབ་པའི་ཁྲོད་དུ་སློབ་པ་དང་སློབ་པའི་ཁྲོད་དུ་སྒྲུབ་པའི་རྩ་དོན་ལག་བསྟར་བྱས་ཏེ། ཏང་གི་འགོ་ཁྲིད་རྒྱུན་འཁྱུངས་དང་མང་ཚོགས་ལ་བརྩི་བཀུར་བྱེད་པ་རྩ་བའི་འོས་འགན་དུ་བརྩི་དགོས། ཐོག་མཐའ་བར་གསུམ་དུ་ཚད་མཐའ་དམ་སྲུང་དང་ཉེན་ཁར་འགོག་སྲུང་། ཆབ་སྲིད་ཀྱི་གཏན་གནས་སྲུང་འཛིན་བྱས་ཏེ་སྒྲིག་ལམ་ཁག་གི་རྣམ་གྲངས་དམ་སྲུང་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་གུང་བཀུར་འདུ་ཤེས་དང་གཞུང་དྲང་འདུ་ཤེས་སྤྱོད་གཙང་འདུ་ཤེས་དར་སྤེལ་གཏང་དགོས་ལ། ལས་རྐང་གཅིག་ལ་འོས་འགན་གཉིས་ལག་བསྟར་བྱས་ཏེ་བརྗོད་དོན་སློབ་གསོའི་བྱ་བར་ཕན་འབྲས་ལེགས་པོ་ལོན་པར་ཁག་ཐེག་བྱས་ཏེ། རྫོང་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་ཞིག་བསྐྲུན་དགོས་ཞེས་བསྟན་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།