རང་ཞིང་གིས་རོགས་སྐྱོར་བྱེད་ཐབས་ལ་ཤུགས་བསྣན་ནས་ཧ་ཅང་དབུལ་ཕོངས་ཡིན་པའི་མི་སྣའི་གཞི་རྩའི་འཚོ་བར་འགན་སྲུང་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལྟར་ན།ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་དང་། ཀྲུང་དབྱང་གི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་དབུལ་ཐར་བྱེད་པའི་བཞུགས་མོལ་ཚོགས་འདུ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་སྤྱི་ཚོགས་རོགས་སྐྱོར་གྱི་དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་ཆེད། ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་རྫོང་17དང་དབུལ་ཕོངས་སྡེ་བ170། དབུལ་ཕོངས་མི་གྲངས་ཁྲི7.7། དེ་མིན་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་བྱས་ཟིན་པའི་ཡིག་ཚགས་ལས་ཏེ། བྱང་བུ་བྱིན་པའི་མི་སྣ་དག་ལ་དམིགས་ཏེ་རོགས་སྐྱོར་བྱེད་ཐབས་སྔར་ལས་ཇེ་དྲག་ཏུ་བཏང་ནས། རོགས་སྐྱོར་མཁོ་བའི་དཀའ་ཁག་ཅན་གྱི་མང་ཚོགས་དག་འགན་སྲུང་ཁྱབ་ཁོངས་ཁྲོད་བཞག་སྟེ། གཟིགས་སྐྱོང་མཁོ་བའི་མི་སྣར་གང་ནུས་ཅི་ལྕོགས་ཀྱིས་གཟིགས་སྐྱོང་བྱེད་པ་དང་། རོགས་སྐྱོར་མཁོ་བའི་མི་སྣར་གང་ནུས་ཅི་ལྕོགས་ཀྱིས་རོགས་སྐྱོར་བྱེད་པ་མངོན་འགྱུར་བྱེད་པར་འགན་སྲུང་བྱས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། གཅིག་ནས་ཧ་ཅང་དབུལ་ཕོངས་ཡིན་པའི་མི་སྣ་དག་ལ་ངལ་རྩོལ་ནུས་ཤུགས་མེད་པ་ངོས་འཛིན་བྱེད་པའི་ཁྲོད་ཀྱི་དབང་པོ་སྐྱོན་ཅན་གྱི་རིམ་པའི་ཁྱབ་ཁོངས་ཆེ་རུ་བཏང་། གཉིས་ནས་ཧ་ཅང་དབུལ་ཕོངས་ཡིན་པའི་མི་སྣ་དག་ལ་ངལ་རྩོལ་ནུས་ཤུགས་མེད་པ་ངོས་འཛིན་བྱེད་པའི་ཁྲོད་ཀྱི་དབང་པོ་སྐྱོན་ཅན་གྱི་རིགས་གསར་དུ་ཁ་སྣོན་བྱས་པ་རེད།

ཧ་ཅང་དབུལ་ཕོངས་ཡིན་པའི་མི་སྣར་རོགས་སྐྱོར་བྱེད་པའི་སྲིད་ཇུས་ལེགས་སྒྲིག་བྱས་རྗེས་སྔར་ལས་མང་པའི་དཀའ་ཁག་ཅན་གྱི་མང་ཚོགས་འགན་སྲུང་ཁྱབ་ཁོངས་ཁྲོད་འཇོག་རྒྱུ་ཡིན་པ་དང་། ཚད་སྔར་ལས་ཆེན་པོའི་སྒོ་ནས་སྲིད་ཇུས་ཀྱི་བྱེད་ནུས་འདོན་སྤེལ་བྱ་རྒྱུ་རེད། ད་ལྟ། སྲིད་ཇུས་ལེགས་སྒྲིག་དང་འབྲེལ་བ་ཡོད་པའི་ཧ་ཅང་དབུལ་ཕོངས་ཡིན་པའི་རྫོང་དག་གིས་སྲིད་ཇུས་དྲིལ་སྒྲོག་བྱེད་བཞིན་ཡོད་པར་མ་ཟད། སྲིད་ཇུས་གཟིགས་སྐྱོང་གི་ཆ་རྐྱེན་དང་མཐུན་ཡང་འགན་སྲུང་ཁྱབ་ཁོངས་ཁྲོད་མེད་པའི་དཀའ་ཁག་ཅན་གྱི་མང་ཚོགས་ཚོགས་པ་དག་ལ་ཞིབ་བཤེར་བྱེད་བཞིན་ཡོད་ལ། ཟླ11པའི་ཟླ་མཇུག་གི་སྔོན་དུ་མང་ཚོགས་ཚོགས་པ་དེ་དག་ཡོད་ཚད་ཧ་ཅང་དབུལ་ཕོངས་ཡིན་པའི་མི་སྣའི་འགན་སྲུང་ཁྱབ་ཁོངས་ཁྲོད་འཇོག་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།