འབའ་རྫོང་སྲིད་ཁྲིམས་དང་ཁྲིམས་འཛིན་ཅུའུ་ཏང་ཀྲི་པུའུ་ཡིས་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་རྒན་པར་འཚམས་འདྲི་བྱས་པ།

ཉེ་ཆར། ཐུན་ཏེ་རྫོང་སྲིད་ཁྲིམས་དང་ཁྲིམས་འཛིན་ཅུའུ་ཏང་ཀྲི་པུའུ་ཡིས་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་རྒན་པར་འཚམས་འདྲི་བྱེད་པའི་བྱ་འགུལ་སྤེལ།འཚམས་འདྲིའི་བྱ་འགུལ་ཁྲོད། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པའམ་ཁྲིམས་འཛིན་ཅུའུ་ཀྲང་བློ་མཐུན་བཀྲ་ཤིས་དོན་འགྲུབ་ཀྱིས་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་ཅིང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་རྒན་པར་འཚམས་འདྲིར་སོང་། ཁོ་ཚོས་ལས་བྱེད་རྒན་པའི་ལུས་ཕུང་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། བྱིས་པ་དང་ཁྱིམ་མི་ཡོངས་ཀྱིས་ལས་བྱེད་རྒན་པར་ཐུགས་ཁུར་དང་ལྟ་སྐྱོང་གནང་དགོས་པའི་རེ་བ་བཏོན་པས། ཏང་ཡོན་ལས་བྱེད་རྒན་པ་དག་གིས་བཀའ་དྲིན་དང་བཅས་སེམས་འགུལ་གྱི་མིག་ཆུ་གཏོར་བྱུང་།

དུས་མཚུངས་སུ་ཞི་ཅིན་ཕིང་གི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པའི་གལ་ཆེའི་རྣམ་དཔྱད་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རབ་དང་རིམ་པའི་གལ་ཆེའི་གསུང་བཤད་ཀློག་དེབ་སོགས་སློབ་སྦྱོང་རྒྱུ་ཆ་ལས་བྱེད་རྒན་པའི་ལག་ཏུ་བསྐྱལ། ཐེངས་འདིའི་འཚམས་འདྲིའི་ཁྲོད། རྫོང་མཁར་ན་སྡོད་པའི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ3ལ་དངོས་སུ་འཚམས་འདྲིར་སོང་བ་དང་། གཞན་ཡུལ་ན་གཏན་སྡོད་བྱས་པའི་ལས་བྱེད་པ2ལ་ཁ་པར་གྱི་ལམ་ནས་འཚམས་འདྲི་བྱས་ལ། ཁོང་ཚོར་འབྲས་དང་སྣུམ་བསྐྱལ་བ་མ་ཟད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་འཁོར70ལོན་པའི་རྗེས་དྲན་ཇ་ཕོར་སོགས་འཚམས་འདྲིའི་དངོས་རྫས་བསྐྱལ།

མཇུག་མཐར། བློ་མཐུན་བཀྲ་ཤིས་དོན་འགྲུབ་ཀྱིས་ལས་བྱེད་རྒན་པ་དག་གིས་དུས་ཡུན་རིང་བོར་ཐུན་ཏེར་བཞག་པའི་བྱས་རྗེས་ལ་ལྷག་བསམ་འཁོལ་བས་བཀའ་དྲིན་ཞུས་པ་དང་ནད་མེད་ཚེ་རིང་ཡོང་བའི་སྨོན་ལམ་བཏབ་པ་མ་ཟད། ལས་གནས་སུ་ཡོད་པའི་ཏང་ཡོན་ལས་བྱེད་པས་ཏང་ཡོན་ལས་བྱེད་རྒན་པར་དེ་བས་ལྟ་སྐྱོང་གནང་དགོས་ལ་ཁོང་ཚོའི་བསམ་འཆར་དང་གྲོས་འཆར་ལ་ཉན་ཏེ། རྫོང་ཡོངས་ཀྱི་སྲིད་ཁྲིམས་ཁྲིམས་འཛིན་འཕེལ་རྒྱས་བྱ་བར་ཐབས་འདོན་ཇུས་འདོན་དང་སྟོབས་ཤུགས་གང་ཡོད་ཕུལ་དགོས་པའི་རེ་བ་བཏོན།