ཟི་ལིང་ནས་ཁྲིན་ཏུའུ་བར་ལ་སང་ཉིན་ནས་བཟུང་སྒུལ་ཤུགས་མེ་འཁོར་གཏང་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ10པའི་ཚེས14ཉིན། གསར་འགོད་པས་མདོ་དབུས་ལྕགས་ལམ་ཀུང་ཟི་ནས་རྒྱུས་ལོན་པ་ལྟར་ན། ཟླ10པའི་ཚེས16ཉིན་ནས་བཟུང་། ཟི་ལིང་ནས་ཁྲིན་ཏུའུ་བར་ལ་སྒུལ་ཤུགས་མེ་འཁོར་ཆ་གཅིག་གཏང་རྒྱུ་ཡིན་ཞིང་། མེ་འཁོར་བགྲོད་ཐེངསD766/7དངD768/5གཉིས་རེད།

མེ་འཁོར་བགྲོད་ཐེངསD768/5པ་ཆུ་ཚོད11:56སྟེང་ཁྲིན་ཏུའུ་ནས་ལམ་ལ་ཆས་ཏེ། ཆུ་ཚོད22:09སྟེང་ཟི་ལིང་ལ་ཐོན་ཐུབ། ལམ་ཐག་ཧྲིལ་བོར་ཆུ་ཚོད10:13དགོས། མེ་འཁོར་བགྲོད་ཐེངསD766/7པ་ཆུ་ཚོད7:58སྟེང་ཟི་ལིང་ནས་ལམ་ལ་ཆས་ཏེ། ཆུ་ཚོད17:58སྟེང་ཁྲིན་ཏུའུ་ལ་ཐོན་ཐུབ། ལམ་ཐག་ཧྲིལ་བོར་ཆུ་ཚོད10དགོས། དེར་རིམ་པ་དང་པོའི་འདུག་སྟེགས་གླ་སྒོར455དང་། རིམ་པ་གཉིས་པའི་འདུག་སྟེགས་གླ་སྒོར285དགོས་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།