2020ལོའི་རྒྱལ་ཁབ་ཀྱི་གཞུང་ཞབས་པ་བསྡུ་བའི་བརྡ་ཐོ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། གཞུང་ཞབས་པའི་བཅའ་ཁྲིམས་དང་གཞུང་ཞབས་པ་བསྡུ་བའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། རྒྱལ་ཁབ་གཞུང་ཞབས་པ་ཅུའུ་ཡིས་ཀྲུང་དབྱང་གི་ལས་ཁུངས་དང་དེའི་ཐད་གཏོགས་ལས་ཁུངས་ཀྱི2020ལོའི་རྒྱུགས་ལེན་སློབ་བསྡུའི་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་དང་རིམ་པ་གཅིག་མཚུངས་ཀྱི་གཞུང་ཞབས་པ་བསྡུ་བའི་འབྲེལ་ཡོད་དོན་ཚན་གྱི་བཀོད་ཁྱབ་གཤམ་གསལ་ལྟར།

གཅིག མིང་ཐོ་འགོད་པའི་ཆ་རྐྱེན།

1.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་སུ་གཏོགས་པ།

2.ལོ18ཡན་དང35མན་ཡིན་དགོས།(1983ལོའི་ཟླ10---2001ལོའི་ཟླ10)2020ལོའི་རབ་འབྱམས་དང་འབུམ་རམས་པའི་ཞིབ་འཇུག་མཐར་ཕྱིན་སློབ་མ་ཡིན་ཚེ(ལས་ཞུགས་བྱས་མེད་པ)ལོ40མན་ཡིན་ཆོག(1978ལོའི་ཟླ10པའི་རྗེས་སུ་སྐྱེས་པ)།

3.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་བརྩི་བ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བརྩི་བ།

4.ལས་འགན་རྒྱུན་ལྡན་ལྟར་སྒྲུབ་པའི་ལུས་པོ་དང་སེམས་ཁམས་ཀྱི་ཆ་རྐྱེན་དང་མཐུན་པ།

5.ལས་གནས་ཀྱི་བླང་བྱ་དང་མཐུན་པ།

6.ཆེད་སྦྱོང་དང་དེའི་ཡན་གྱི་བསླབ་གནས་ལྡན་དགོས།

7.ཀྲུང་དབྱང་གཞུང་ཞབས་པའི་དོ་དམ་སྡེ་ཁག་གཙོ་བོས་གཏན་འབེབས་བྱས་པའི་ལས་གནས་ཀྱི་བླང་བྱ་དང་ཆ་རྐྱེན་གཞན་དག་དང་མཐུན་དགོས།

གཉིས། མིང་ཐོ་འགོད་པའི་དུས་ཚོད་སོགས།

1.མིང་ཐོ་འགོད་པའི་དུས་ཚོད། ཟླ10པའི་ཚེས15-24ཉིན་བར།

2.དཔྱད་ཞིབ་དུས་ཚོད། ཟླ10པའི་ཚེས15-26ཉིན་བར།

3.མིང་ཐོ་བཀོད་ནས་གཏན་འཁེལ་བྱེད་པའི་དུས་ཚོད། ཟླ10པའི་ཚེས31-ཟླ11པའི་ཚེས6ཉིན་བར།

4.རྒྱུགས་སྤྲོད་འཛིན་ཡིག་ལེན་པའི་དུས་ཚོད། ཟླ11པའི་ཚེས18-24ཉིན་བར།

5.ཡིག་རྒྱུགས་ལེན་པའི་དུས་ཚོད། ཟླ11པའི་ཚེས24ཉིན།

ཞིབ་ཏུ་རྒྱུས་ལོན་བྱེད་ན་དྲ་ཚིགསhttp://bm.scs.gov.cn/kl2020འདིར་གཟིགས་རོགས།

ལོ་ཙཱ་བ། ལྷ་ཆེན་རྒྱལ།