མཚོ་ནུབ་ཀྱིས་ཚད་མཐོ་དང་སྤུས་ལེགས་ཀྱི་སྒོ་ནས་བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས“ཐོག་མའི་བསམ་འདུན་མི་བརྗིད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་པའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་དང་བསྟུན་ནས། ཉིན་ཤས་བསྟུད་མར་མཚོ་ནུབ་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་གྱིས “ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན་བྱེད་པ”བཅས་ཀྱི་སྤྱིའི་བླང་བྱར་དམིགས་ཏེ་སོ་སོའི་ས་ཁུལ་དང་། སོ་སོའི་སྡེ་ཚན། སོ་སོའི་ཚན་པ་བཅས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་ཏང་གཤིས་སྦྱོང་བརྡར་ཁྲོད་ཧེ་བག་འཚོལ་བ་དང་། སློབ་སྦྱོང་ལ་བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། སྤྱོད་གཙང་རང་གཅུན་ཁྲོད་སྣང་གཟུགས་བརྙན་ཡག་པོ་གཏོད་པ་བཅས་བྱས་ནས། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་བཏང་བ་རེད།

མཚོ་ནུབ་ཁུལ་གྱིས་བརྗོད་དོན་གཙོ་བོའི་ཤེས་བྱའི་སྐོར་གྱི་ལག་འཛིན་དེབ་ཆུང་རྩོམ་སྒྲིག་པར་སྐྲུན་བྱས་པ་བརྒྱུད། ཚྭ་འདམ་ཐོན་ཁུངས་གསར་སྤེལ་དང་། མཚོ་སྔོན་སྣུམ་ཞིང་འཕེལ་རྒྱས། ཚྭ་མཚེའུ་གསར་སྤེལ་དང་བེད་སྤྱོད། ས་རྒོད་གསར་སྦོལ་སོགས་གསར་བརྗེའི་ལོ་རྒྱུས་ངོ་སྤྲོད་བྱས་ནས། རྒྱ་ཆེའི་ཏང་ཡོན་གྱིས་མཚོ་ནུབ་ཁུལ་གྱི་གནས་ཚུལ་ཤེས་རྟོགས་དང་ཁོང་དུ་ཆུད་པ་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ། སློབ་སྦྱོང་གི་ཕན་འབྲས་དེ་མཚོ་ནུབ་ཀྱི་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་བྱ་གཞག་ཁག་ལ་སྐུལ་འདེད་གཏང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་ཏེ། སློབ་སྦྱོང་དང་སློབ་གསོའི་ཕན་འབྲས་ཆེ་རུ་ཏན་ཏིག་གཏང་བ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་སྤུས་ཚད་མཐོ་རུ་གཏང་རྒྱུ་ཡིན་པ་རེད། 

རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དོན་ཆེན་དང་དོན་གནད་གལ་ཆེན་དང་དམ་པོར་དམིགས་ནས“མེས་རྒྱལ་ལ་འབྱོར་ཐོ་བཀོད་པ”སྟེ། མཚོ་ནུབ་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་ཆེ་གྲས་སྤེལ་འགོ་བཙུགས་ཤིང་། མཚོ་ནུབ་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི“ཐོན་ལས་དར་རྒྱས་གཏང་བའི”ལག་ལེན་དང་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་གི“རིམ་པ་བཞི་པའི་མཉམ་འགུལ་གསུམ”གྱི་མ་ལག་བསྐྲུན་ནས“ཉིན་བརྒྱའི་འགག་སྒྲོལ”གྱི་བྱ་སྤྱོད་གཉིས་སྤེལ་བ། མཚོ་ནུབ་ཁུལ་གྱི་དུས་རབས་གསར་པའི“ཏང་འཛུགས་སྐྱོང་ཆེ་མོའི”ལས་ཀའི་རྣམ་པ་ཧུར་ཐག་གཏོད་པ་བཅས་བྱས་ནས། སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།