2019ལོའི་ནོ་པེར་ཞི་བདེའི་བྱ་དགའ་ཁོང་ལ་ཐོབ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་11ཉིན་ནོ་པེར་ཨུ་ལྷན་གྱིས་2019ལོའི་ཞི་བདེའི་བྱ་དགའ་དེ་ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པེ·ཨའེ་ཧ་མའེ་ཏི·ཨ་ལི(Ethiopian Prime Minister Abiy Ahmed Ali) ལ་གནང་རྒྱུ་ཁྱབ་བསྒྲགས་བྱས།

ཨ་པེ·ཨའེ་ཧ་མའེ་ཏི·ཨ་ལི་ད་ལོ་ལོ་42ཡིན་པ་དང་། ཨེ་ཙེ་ཨོ་ཕི་ཡ་དང་ཨ་ཧྥེ་རི་ཁ་ལྷོ་མ། དབྱིན་ཇི། ཨ་རི་སོགས་སློབ་ཆེན་མང་པོ་ཞིག་གི་སློབ་གནས་ཐོབ་ཡོད། 2010ལོ་ནས་བཟུང་སྔ་རྗེས་སུ་ཨའོ་ལུའོ་མོ་མི་དམངས་དམངས་གཙོའི་རྩ་འཛུགས་ཀྱི་ཀྲུང་དབྱང་ཨུ་ཡོན་དང་། ཨེ་ཙེ་ཨོ་ཕི་ཡའི་མི་དམངས་འཐུས་མི་ཁང་གི་གྲོས་མི། ཚན་རྩལ་ཆ་འཕྲིན་ལྟེ་གནས་ཀྱི་འགོ་འཛིན། ཚན་རྩལ་པུའུ་ཡི་པུའུ་ཀྲང་། ཨའོ་ལུའོ་མི་ཡ་མངའ་སྡེའི་གྲོང་ཁྱེར་འཕེལ་རྒྱས་དང་འཆར་འགོད་ལས་ཁུངས་ཀྱི་འགོ་འཛིན། ཨའོ་ལུའོ་མོ་མི་དམངས་དམངས་གཙོ་རྩ་འཛུགས་ཀྱི་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་སོགས་ཀྱི་ལས་འགན་འཁུར་བ་རེད། 2018ལོའི་ཟླ་2པར་ཨའོ་ལུའོ་མོ་མི་དམངས་དམངས་གཙོའི་རྩ་འཛུགས་ཀྱི་ཀྲུའུ་ཞིར་བདམས་པ་དང་། ཟླ་3པར་སྲིད་འཛིན་ཏང་གི་ཨེ་ཙེ་ཨོ་ཕི་ཡའི་མི་དམངས་གསར་བརྗེའི་དམངས་གཙོའི་འཐབ་ཕྱོགས་ཀྱི་ཀྲུའུ་ཞིར་བདམས། ཟླ་4པར་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཙུང་ལིར་བདམས་པ་རེད།