རང་ཞིང་གི་རྒྱ་གྲམ་དམར་པོ་ལྷན་ཚོགས་ཀྱི་བདག་དོམ་སྔར་ལས་སྒྲིག་སྲོལ་ཅན་ཏུ་བཏང་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཟླ10ཚེས1ཉིན་ནས་བཟུང་། 《མཚོ་སྔོན་ཞིང་ཆེན་གྱིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱ་གྲམ་དམར་པོ་ལྷན་ཚོགས་ཀྱི་བཅའ་ཁྲིམས〉བྱེད་ཐབས》 (གཤམ་ནས《ལག་བསྟར་བྱེད་ཐབས》སུ་བསྡུ་རྒྱུ་ཡིན། )དངོས་སུ་ལག་བསྟར་བྱས་ཤིང་། རང་ཞིང་ནི་གསར་དུ་ཞུ་དག་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་གྲམ་དམར་པོ་ལྷན་ཚོགས་ཀྱི་བྱེད་ཐབས》ཞེས་པ་དངོས་སུ་ལག་བསྟར་དངོས་འབེབས་བྱས་ཤིང་། 《ལག་བསྟར་བྱེད་ཐབས》པར་སྐྲུན་དངོས་འབེབས་བྱེད་པའི་ཞིང་ཆེན་ཨང་གསུམ་པ་རུ་གྱུར།

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། གསར་དུ་ཞུ་དག་བྱས་པའི 《ལག་བསྟར་བྱེད་ཐབས》ལ་ཁྱོན་བསྡོམས་དོན་ཚན་མི་འདྲ་བ་ཉེར་བཞི་ཡོད་པ་དང་། 2002ལོར་ཁྱབ་བསྒྲགས་ལག་བསྟར་བྱས་པའི 《ལག་བསྟར་བྱེད་ཐབས》དང་སྡུར་ན། རྒྱ་གྲམ་དམར་པོ་ལྷན་ཚོགས་ཀྱི་དགོངས་དོན་དེ་སྔར་ལས་ལྷག་པའི་སྒོ་ནས་གཏན་འབེབས་དང་འགན་འཁྲིའི་ཁྱབ་ཁོངས་རྒྱ་སྐྱེད་། བཅོས་སྐྱོང་སྒྲིག་གཞི་ལ་བཅོས་སྒྱུར། ལྟ་སྐུལ་བདག་དོམ་བྱེད་ཐབས་ལ་ཤུགས་སྣོན། དེ་ལས་ཀྱང་མཚོ་སྔོན་རྒྱ་གྲམ་དམར་པོ་ལྷན་ཚོགས་ཀྱི་དོན་དངོས་འཕེལ་རྒྱས་ལ་མཐུན་པ་རེད། གསར་དུ་ཞུ་དག་རྩོམ་སྒྲིག་བྱས་པའི 《ལག་བསྟར་བྱེད་ཐབས》དེས་རིམ་པ་སོ་སོའི་རྒྱ་གྲམ་དམར་པོ་ལྷན་ཚོགས་དང་རིམ་པ་སོ་སོའི་སྲིད་གཞུང་། དེ་མིན་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་འགན་ནུས། རྒྱ་གྲམ་དམར་པོ་ལྷན་ཚོགས་ནང་ཁུལ་གྱི་བཅོས་སྐྱོང་སྒྲིག་གཞི་བཅས་གཏན་ཁེལ་གསལ་བོ་བྱས་ཏེ། རིམ་པ་སོ་སོའི་རྒྱ་གྲམ་དམར་པོ་ལྷན་ཚོགས་ཀྱི་འགན་ནུས་དང་དེ་མིན་འགན་བཅོལ་བྱེད་ཐབས་ཞིབ་ཚགས་ཅན་ཏུ་བཏང་ནས། ཞལ་འདེབས་སུ་ཕུལ་བའི་དངོས་ཟོང་གི་བདག་དོམ་དང་བེད་སྤྱོད། དེ་མིན་རྒྱ་གྲམ་དམར་པོ་ལྷན་ཚོགས་ཀྱི་སྤྱི་བསྒྲགས་ཞལ་འདེབས་བྱེད་ཐབས་དང་བརྒྱུད་རིམ། བརྡ་འཕྲིན་སྤྱི་བསྒྲགས་བཅས་ཀྱི་བྱེད་ཐབས་ནས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་འགན་འཁྲི་གཏན་འབེབས་གསལ་བོ་བྱས་ཡོད།

《ལག་བསྟར་བྱེད་ཐབས》དེ་ཁྱབ་བསྒྲགས་ལག་བསྟར་བྱས་པ་དེས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རྒྱ་གྲམ་དམར་པོ་ལྷན་ཚོགས་ཀྱི་མ་ལག་དེ་ཁྲིམས་ལ་བརྟེན་ནས་འཛུགས་པ་དང་ཁྲིམས་ལ་བརྟེན་ནས་དར་རྒྱས་སུ་གཏང་བ། ཁྲིམས་སྐྱོང་ལ་བརྟེན་ནས་གོམ་སྟབས་ཇེ་མགྱོགས་སུ་གཏང་བ། དུས་རབས་གསར་བའི་རང་ཞིང་གི་རྒྱ་གྲམ་དམར་པོའི་བྱ་གཞག་གི་རྒྱུ་སྤུས་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཏེ། རྒྱ་གྲམ་དམར་པོའི་རྩ་འཛུགས་ལ་ཤུགས་སྣོན་དང་སྤྱི་ཚོགས་ཀྱི་བདག་དོམ་གསར་གཏོད། དམངས་ཚིས་བཅོས་སྒྱུར་དང་འགན་སྲུང་། སྤྱི་ཚོགས་ཀྱི་དྲང་བདེན་དྲང་བཞག་ལ་སྐུལ་འདེད་བཅས་ཀྱིས་སྤྱི་ཚོགས་ཧྲིལ་བོའི་དོ་ཁུར་དང་མཐོང་ཆེན། རྒྱབ་སྐྱོར་བྱས་ཏེ། རྒྱ་གྲམ་དམར་པོའི་བྱ་གཞག་ཁྲོད་དུ་ཟབ་ཞུགས་སྒོས་མཁའ་དབུགས་གསར་བའི་ལོ་རྒྱུས་ཀྱི་རྡོ་རིང་གསར་བ་ཞིག་བཞེངས་པར་དོན་སྙིང་གལ་ཆེན་ལྡན།

ལོ་འདི་དག་གི་རིང་ལ་ཞིང་ཆེན་རྒྱ་གྲམ་དམར་པོ་ལྷན་ཚོགས་ཀྱིས“རྒྱ་གྲམ་དམར་པོའི་ལྷན་ཚོགས་ཀྱི་རོགས་འདེགས+”རིམ་བསྟར་ཚོང་རྟགས་གསར་བཟོ་བྱས་ཤིང་། སྤྱི་ཚོགས་སྟེང་གི་ཤུགས་རྐྱེན་མུ་མཐུད་དུ་རྒྱ་བསྐྱེད་པ་རེད། ཞིང་ཆེན་རྒྱ་གྲམ་དམར་པོ་ལྷན་ཚོགས་ཀྱིས་ཞལ་འདེབས་གནས་ཚུལ་ཁྱབ་བསྒྲགས་སྟེགས་བུ་དེ2012ལོར་ཤར་གཏོང་བྱས་ཤིང་། ཁྱོན་བསྡོམས་ཞལ་འདེབས་བརྡ་འཕྲིན་འབུམ1དང་ཁྲི3ལྷག་ཐོ་འགོད་བྱས་ཤིང་། ཁྱོན་བསྡོམས་སྤྱི་བསྒྲགས་བྱས་པའི“4.14”ཡུལ་ཤུལ་ས་འགུལ་ལ་གནོད་འཚེ་ཐེབས་རྗེས་སྤྱི་ཚོགས་ཀྱི་སྟེང་ནས་བསྡུས་པའི་ཞལ་འདེབས་སྒོར་དུང་ཕྱུར28.69དང་ལེན་བྱས་ཤིང་། ཞལ་འདེབས་བྱ་དངོས་ཡོད་ཚད་དྲ་སྟེང་ནས་སྤྱི་བསྒྲགས་དང་ཞལ་འདེབས་མི་སྣ། ཞལ་འདེབས་མ་དངུལ། ལས་གཞིར་མཐུད་སྦྲེལ་བྱེད་པ་བཅས་མངོན་འགྱུར་བྱས་ཏེ། ཞིང་ཆེན་རྒྱ་གྲམ་པོ་ལྷན་ཚོགས་ལ་སྤྱིའི་ཡིད་ཆེས་བྱེད་པའི་ནུས་པ་དང་སྤྱི་དམངས་ཀྱིས་ངོས་འཛིན་བྱེད་པའི་ནུས་པ་མཐོར་འདེགས་སུ་བཏང་ཡོད་པ་རེད།

ངོ་སྤྲོད་བྱས་པ་ལས་ཤེས་གསལ་ལྟར་ན། 2018ལོར་ཞིང་ཆེན་རྒྱ་གྲམ་དམར་པོ་ལྷན་ཚོགས་ཀྱིས་སྔ་གཞུག་ཏུ་མ་དངུལ་སྒོར་ཁྲི160བཏང་སྟེ། ཀུན་བྱམས་བསྡུ་རུབ་དྲ་རྒྱའི་ཞལ་འདེབསAPPདང་བོད་ཡིག་པར་གཞིའི་མཚོ་སྔོན་ཞིང་ཆེན་གྱི་རྒྱ་གྲམ་དམར་པོ་ལྷན་ཚོགས་ཀྱི་གཞུང་ཕྱོགས་དྲ་ཚིགས། དེ་མིན་བརྡ་འཕྲིན་སྟེགས་བུའི་ཞལ་འདེབས་བཅས་བཙུགས་ཏེ། རྒྱལ་ནང་གི་སྟོང་ཆ་ཁ་བསྐངས་ནས་བོད་ཁུལ་དང་བོད་ཁུལ་མང་ཚོགས་ལ་སྔར་ལས་ལྷག་པའི་སྒོ་ནས་ཞབས་ཞུ་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།